ཨ་རིར་གནས་བཞུགས་རྒྱ་མི་དམངས་གཙོ་དོན་གཉེར་བ་དང་། རྩོམ་པ་པོ། པེ་ཅིང་གི་དཔྱིད་ཀ་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཧུའུ་ཕིང་ལགས་ཀྱིས་ཉེ་ལམ་ཐེ་ཝན་གྱི་གནད་དོན་ཐད་འདི་གའི་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་གསུངས་པའི་དགོངས་ཚུལ་ལས་སྙིང་བསྡུས་ཤིག་བོད་ཡིག་ཏུ་ཕབ་སྒྱུར་ཞུས་པ་གཤམ་གསལ།
༄༅།། ཡུཀ་རེན་གྱི་དམག་འཁྲུག་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཡུ་རོབ་གླིང་དུ་བྱུང་མྱོང་མེད་པའི་འཐབ་འཁྲུག་ཆེན་པོ་ཞིག་ཡིན་ཞིང་། འདས་པའི་ལོ་གཉིས་མ་ཟིམ་ཙམ་གྱི་རིང་དེར་ཨུ་རུ་སུ་དང་ཡུཀ་རེན་གཉིས་ཀྱི་སྐྱེས་པ་ཁྲི་ཚོ་མང་པོ་དམག་ས་ཁག་ཏུ་བསད་རྨས་བྱུང་སྟེ་འཐབ་འཁྲུག་རྒྱག་མི་ཐུབ་པར་གྱུར།
ཉེ་ཆར་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་ཨ་རིའི་གསང་བའི་ལས་ཁུངས་ཀྱི་ལས་སྣེ་ཚོ་ལུང་འདྲེན་བྱས་ནས་རྒྱ་ནག་གི་དམག་དཔོན་ཚོ་ལྐོག་ཟ་རུལ་སུངས་སུ་གྱུར། རྒྱ་ནག་གི་འཕུར་མདེལ་ནང་དུ་དགོས་ངེས་ཀྱི་སྣུམ་མ་བླུགས་པར་ཆུ་བླུགས། འཕུར་མདེལ་འཇོག་ཡུལ་ས་དོང་ཁག་གི་ཁེབས་གཅོད་འབྱེད་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག་ཅེས་བསྒྲགས།
ཉི་ཧོང་དུ་ས་ཡོམ་རིམ་པ་༧.༦་ཅན་ཞིག་བྱུང་ནས་བདུན་ཕྲག་གཅིག་ལྷག་ཕྱིན་ཡོད་ཅིང་། ཚེས་༩་ཉིན་ས་གནས་གཞུང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། ས་ཡོམ་གྱི་གོད་ཆག་བྱུང་སྟེ་ཉུང་མཐར་ཡང་མི་༢༠༢་རྐྱེན་འདས་སུ་ཕྱིན་ཡོད་པར་མ་ཟད། མི་༡༠༢་གར་སོང་ཆ་མེད་དུ་གྱུར།
བལ་ཡུལ་དུ་ནང་པའི་ཆོས་ཕྱོགས་ཀྱི་མི་སྣ་རམ་བ་ཧ་དུར་བམ་ཇམ་གྱིས་སོ་སོའི་རྗེས་འབྲང་པར་བཙན་གཡེམ་དང་བཙན་ཁྲིད་བྱས་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་འདུག ༢༠༠༥ ལོར་ཁོ་རང་ལོ་༡༥སོན་པའི་སྐབས་ལ་སངས་རྒྱས་བཅོམ་ལྡན་འདས་དང་འདྲ་བར་ཡུན་རིང་པོར་ཤིང་སྡོང་འོག་སྒོམ་བརྒྱབ་པའི་སྐབས་སུ་དད་པ་དང་དོ་སྣང་བྱེད་མཁན་མང་པོ་བྱུང་།
༄༅།། རེས་གཟའ་སྤེན་པའི་ཉིན་ཐེ་ཝན་གྱི་སྲིད་འཛིན་དང་ཁྲིམས་བཟོ་ལྷན་ཁང་གི་འཐུས་མི་རྣམས་འོས་བསྡུ་བྱེད་ཀྱི་་ཡོད་ཅིང་། འོས་བསྡུ་འདིས་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཞི་བདེ་བརྟན་ལྷིང་། དེ་བཞིན་རྒྱལ་སྤྱིའི་ཐོག་ཏུ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་སྲིད་པའི་སྐོར། ནོར་བུ་བསམ་འཕེལ་གྱིས་སྙན་སྒྲོན་ཞུ་ཡི་རེད།།
༄༅།། རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་ལ་ཡ་ང་སྙིང་རྗེ་མེད་པར་རྡུང་རྡེག་གཏོང་རྒྱུ་ཡིན་ཞེས་དམ་བཅའ་བཞག་པའི་གནས་ཚུལ་ཐོན་འདུག
༄༅།། དེ་རིང་གཟའ་མིག་དམར་ཉིན་འབྲུག་ཡུལ་དུ་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་འོས་བསྡུའི་ཐ་མའི་འོས་ཤོག་འཕངས།
བཟང་སྤྱོད་ལྡན་པའི་བོད་མི་གསོ་སྐྱོང་གི་བཀའ་སློབ། ཨ་རིའི་ཟླ་བའི་གོ་ལར་བསྐྱོད་རྒྱུའི་ལས་འཆར་ལ་བར་ཆད། མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་དགོངས་རྫོགས་སྨོན་ལམ། ཅཱ་ཏི་སེ་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པར་འཚམས་འདྲི། འབྲུག་གི་ས་ཁོངས་སུ་རྒྱ་ནག་གི་གྲོང་སྡེ་འཛུགས་སྐྲུན།
༢༠༢༤ ལོའི་ཐེ་ཝན་གྱི་སྲིད་འཛིན་འོས་བསྡུའི་སྐབས་དང་བསྟུན་ནས་ཐེ་ཝན་གྱི་འོས་བསྡུར་རྟོག་ཞིབ་ཏུ་འབྱོར་བའི་ཕྱི་རྒྱལ་དུ་གནས་བཞུགས་རྒྱ་མིའི་དམངས་གཙོ་དོན་གཉེར་བ་ཚོ་ལྟར་ན། རྒྱ་ནག་དམར་ཤོག་གཞུང་ལ་འགོག་རྒོལ་བྱ་རྒྱུ་དེ་ཐེ་ཝན་མི་དམངས་སྤྱི་བོ་གནམ་བསྟན་ཡོངས་ཀྱི་འདོད་བློ་གཙོ་བོ་ཆགས་འདུག།
༄༅།། རྒྱ་ནག་གི་ལྐོག་ཟ་རུལ་སུངས་སུ་གྱུར་པའི་དམག་དཔོན་ཚོས་འཕུར་མདེལ་གྱི་ཁོག་ཏུ་དགོས་ངེས་ཀྱི་སྣུམ་མ་བླུགས་པར་ཆུ་བླུགས་ནས་འཕུར་མདེལ་ཉོ་སྒྲུབ་བྱས་པའི་གསར་འགྱུར་ཐོན་འདུག
མི་གྲངས་ཁྲི་འགའ་ཤས་ཐེ་ཝན་གྱི་ལྷོ་ཕྱོགས་སུ་འདུ་འཛོམས་ཀྱིས། སྲིད་འཛིན་འོས་མི་གསུམ་པོས་སྤེལ་བའི་གཟའ་མཇུག་ཆེན་མོ་ཞེས་པའི་འོས་བསྡུའི་ལས་འགུལ་ལ་མཉམ་ཞུགས་བྱས་ཏེ། སྤྱི་ཟླ་དང་པོའི་ཚེས་༡༣ ཉིན་གྱི་འོས་བསྡུའི་སྔོན་གྱི་གལ་གནད་ཆེ་བའི་གཟའ་མཇུག་མཐའ་མ་དེར་འོས་ཤོག་ཐོབ་ཐབས་ཀྱི་ལས་འགུལ་སྤེལ་འདུག།
༄༅།། བལ་ཡུལ་གཞུང་གིས་རང་གི་སྤྱི་དམངས་རྣམས་ཨུ་རུ་སུ་དང་ཡུཀ་རེན་ལ་ངལ་རྩོལ་རྒྱུག་ཏུ་བསྐྱོད་མི་ཆོག བལ་པོ་ཚོ་ཨུ་རུ་སུ་དང་ཡུཀ་རེན་གྱི་དམག་ཁོངས་སུ་ཞུགས་ནས་འཐབ་འཁྲུག་བརྒྱབ་སྟེ་བསད་རྨས་ཚབས་ཆེན་འབྱུང་གི་འདུག་ཅེས་གསལ་བསྒྲགས་སྤེལ་འདུག
ཡུག་ཀེ་རན་གྱིས་ཨུ་རུ་སུའི་བཙན་འཛུལ་དམག་དཔུང་མཐའ་སྐྲོད་གཏོང་བའི་འབད་བརྩོན་བྱེད་མུས་ཡིན་ཡང་། ཨ་རིའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་སྲིད་འཛིན་བྷ་ཌན་གྱིས་ཡུག་ཀེ་རན་ལ་རོགས་དངུལ་ཨ་སྒོར་དུང་ཕྱུར་འགའ་ཤས་སྤྲད་རྒྱུའི་དགོས་འདུན་ལ་མོས་མཐུན་བྱེད་ཀྱི་མེད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཐེ་ཝན་གྱི་འོས་བསྡུ་ལས་སྲིད་འཛིན་དང་གྲོས་ཚོགས་འཐུས་མིའི་འོས་བསྡུ་སླེབས་ལ་ཉེ་བའི་སྐབས་འདིར། རྒྱ་ནག་གིས་ཐེ་ཝན་ལ་འཇིགས་སྐུལ་དང་གནོན་ཤུགས་སྤྲོད་པ་སོགས་ཀྱི་ཐབས་ལམ་འདྲ་མིན་སྤྱད་ནས། ཐེ་ཝན་གྱི་འོས་བསྡུ་ལ་ཤུགས་རྐྱེན་ཐེབས་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་དཀོན་མཆོག་དོན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་གནང་བ་གཤམ་གསལ།
ཐེ་ཝན་གྱི་སྲིད་འཛིན་འོས་མི་གསུམ་བར་གྱི་འགྲན་རྩོད་ཇེ་ཆེར་འགྲོ་བཞིན་པ་དང་། རྒྱ་ནག་གི་ཕྱོགས་ནས་ཐེ་ཝན་ཉེ་འཁོར་ལ་དམག་གི་སྡིགས་སྐུལ་དང་དཔལ་འབྱོར་གྱི་ཉེས་ཆད། དེ་བཞིན་སྤྱི་ཚོགས་དྲྭ་ལམ་སོགས་བརྒྱུད་ནས་ཞི་དྲག་གཉིས་ཀྱི་ཐོག་ནས་ཐེ་ཝན་གྱི་འོས་བསྡུ་ལ་ཐེ་ཇུས་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་པའི་སྐོར་འདིར་གསལ།
༄༅།། ཐེ་ཝན་གྱི་སྲིད་འཛིན་དང་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་རྣམས་འོས་འདེམས་མ་བྱས་པའི་སྔོན་འདིར་རྒྱ་ནག་གིས་དམག་སྦྱོང་བྱས་ནས་འཇིགས་སྐུལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་ཅིང་།
ཉི་ཧོང་དུ་ས་ཡོམ་འགུལ་ཚད་བདུན་ཚེག་དྲུག་ཅན་ཞིག་བྱུང་ཏེ་རྐྱེན་འདས་སུ་སོང་བའི་མིའི་ཁ་གྲངས་༦༠་འཕར་ཡོད་ཅིང་། གནོད་པ་ཐེབས་སའི་ས་ཁུལ་ཁུག་ཀྱོག་ཁག་ཏུ་ད་དུང་རོགས་སྐྱོར་ལས་གཞི་མང་བ་དགོས་མཁོ་ཆེ་བ་རེད། ཉི་ཧོང་སྲིད་བློན་གྱིས་གཞུང་ངོས་ནས་མྱུར་སྐྱོབས་ལས་གཞི་རྒྱ་ཆེན་སྤེལ་བཞིན་པར་བརྗོད་ཡོད་པ།
ཧྥི་ལི་པིན་གྱིས་ཨ་རིའི་དྲག་པོའི་རྟེན་གཞི་ཕྱིར་འཐེན་བྱས་ཏེ་ལོ་ངོ་བཅུ་ཕྲག་གསུམ་ལྷག་ཙམ་སོང་ཡོད། རྒྱ་ནག་གི་ཕྱོགས་ནས་ཉེན་ཁའི་འཇིགས་སྣང་ཆེ་རུ་འགྲོ་བཞིན་པར་བརྟེན་ཧྥི་ལི་པིན་གྱིས་རྒྱལ་ཡོངས་གང་སར་ཨ་རིའི་དྲག་པོའི་རྟེན་གཞི་ཁག་གསར་འབྱེད་བྱེད་རྒྱུར་མོས་མཐུན་གནང་གི་ཡོད་པའི་སྐོར། ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་བྱས།
ཐེངས་འདིའི་གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། ཉི་ཧོང་དུ་ས་ཡོམ་རྒྱུགས་པ་དང་གནམ་གྲུ་བརྡབ་སྐྱོན་བྱུང་བ། པ་ཀི་སི་ཐན་གྱི་འབྱུང་ལ་ཉེ་བའི་འོས་བསྡུ་ལ་དོ་སྣང་། ཧོང་ཀོང་གི་དམངས་གཙོ་དོན་གཉེར་ལས་འགུལ་བ་JIMMY LAI ཡིས་རྒྱལ་ནང་བདེ་འཇགས་ཁྲིམས་གཞི་དང་འགལ་བའི་ཉེས་འཛུགས་དེ་དག་ངོས་ལེན་བྱས་མེད་པ་བཅས་ཡོད།
མང་སྣོན།