ཨི་སི་རལ་དང་སི་རི་ཡའི་ས་མཚམས་སུ་ཡོད་པའི་ཌུར་ཟི་Druze མི་རིགས་མང་ཆེ་བས་ཉེ་ལམ་ཨ་ས་ཌིའི་སྲིད་དབང་མགོ་རྟིང་སློག་བར་དགའ་བསུ་བྱེད་ཀྱི་ཡོད་ཀྱང་། ཁ་ཅིག་གིས་སི་རི་ཡའི་གྱེན་ལོག་ཚོགས་པའི་སྐོར་ལ་བློ་འཚབ་སླེབས་བཞིན་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
བདུན་ཕྲག་གསུམ་ལྷག་གི་རྗེས་སུ་ཨ་རིའི་སྲིད་འཛིན་གྱི་ཐུགས་འགན་བཞེས་མཁན་བདམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས། པ་ཎ་མ་གྲུ་ཡུར་ལ་སྟངས་འཛིན་བྱ་རྒྱུ་དང་། ཌེན་མག་གི་ས་ནས་གྷི་རེན་ལན་ཌི་གླིང་ཕྲན་ཉོ་སྒྲུབ་བྱ་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་གནང་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
༄༅།། ཁ་སྔོན་ཕྱི་ཟླ་༡༢་པའི་ཚེས་༨་ཉིན་ཨ་ས་ད་ཕ་བུ་གཉིས་ཀྱིས་སི་རི་ཡར་ལོ་༥༠་ལྷག་ལ་དབང་བསྒྱུར་བྱས་པའི་དུས་སྐབས་དེ་མཇུག་བསྒྲིལ། སི་རི་ཡའི་གྱེན་ལོག་པ་ཚོས་ཕྱི་ཚེས་༧་ཉིན་ཌ་མ་སི་ཀའི་ཕྱོགས་སུ་དཔུང་འཇུག་བྱས་ནས་རྒྱལ་ས་ལེན་རྒྱུ་ཡིན་པ་ངོ་འཕྲོད།
ཊམ་ཀྱི་ལས་དུས་གསར་པའི་ཉིན་དང་པོར་ཨ་རི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་ནས་ཕྱིར་འཐེན་གནང་མིན་ཐག་གཅོད་བྱ་སྲིད་པ། མོལ་ཌོ་ཝས་ཡུ་རོབ་མཉའ་འབྲེལ་དང་འབྲེལ་ལམ་ཇེ་ཟབ་ཏུ་གཏང་རྒྱུ། ཉི་ཧོང་གི་སྲིད་བློན་གྱིས་ཨ་རིའི་བདམས་ཐོན་སྲིད་འཛིན་དང་མཇལ་འཛོམས་ཀྱིས་ཕྱོགས་གཉིས་བར་འབྲེལ་ལམ་ཡར་རྒྱས་གཏང་རྒྱུ་ཞེས་གསུངས་པ།
ཕྱི་ཟླ་དགུ་པར་ནི་ཇེར་དུ་ཡོད་པའི་ཨ་རིའི་དམག་སྒར་ནས་དམག་མི་རྣམས་ཕྱིར་འཐེན་བྱས་པའི་རྗེས་སུ་ས་གནས་སུ་འཇིགས་སྐུལ་རིང་ལུགས་ཀྱི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་དབྱེ་ཞིབ་པས་བརྗོད་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
རྒྱ་ནག་ལ་དམག་འཁྲུག་དང་ནད་ཡམས། མུ་གེ་སོགས་མ་བྱུང་བར་མི་འབོར་ཉམས་རྒུད་ཚབས་ཆེན་ཞིག་འགྲོ་བཞིན་པའི་གསར་འགྱུར་ཐོན་འདུག
ཕྱི་ལོ་༢༠༢༤ ལོའི་ནང་རྒྱ་གར་དང་རྒྱ་ནག་གིས་ས་མཚམས་བརྒྱུད་ནས་དཔུང་དམག་གང་འཚམས་ཤིག་ཕྱིར་འཐེན་བྱས་ཏེ། ཡུལ་གཉིས་དབར་འབྲེལ་ལམ་དེ་ཕྲན་བུའི་ཞི་འཇམ་དུ་སོང་ཡོད་ཀྱང་། ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་དབར་འབྲེལ་ལམ་བསྐྱར་གསོ་བྱ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་སྲིད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ནེའུ་ཡོག་གྲོང་ཁྱེར་དུ་སྟོན་པ་ཡེ་ཤུའི་འཁྲུངས་སྐར་དང་བསྟུན་ནས་གུང་སེང་རིང་གློག་གི་མཆོད་པ་ལྟ་བུ་བཟོ་བཀོད་སྣ་ཚོགས་གཤམ་སྲོལ་ཡོད་པ་དང་། ལྷག་པར་དུ་བྷུ་རུ་ཁི་ལིན་ཁུལ་དུ་གློག་གི་བཟོ་བཀོད་སྣ་ཚོགས་གཤམ་སྟོན་ཟབ་རྒྱས་བྱས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
འབྲུག་པའི་ཤེས་ཡོན་ཅན་དང་ཆེད་ལས་པ། ན་གཞོན་རྣམས་ཕྱི་རྒྱལ་དུ་སྤོས། འབྲུག་ཡུལ་གྱི་བདེ་འཇགས་སྲུང་སྐྱོབ་དང་སྲོལ་རྒྱུན་གཅེས་འཛིན། དེང་རབས་དང་མཐུན་པའི་འགྱུར་བཅོས་གཏང་རྒྱུ་བཅས་ལ་དཀའ་ངལ་འཕྲད་བཞིན་པའི་གནས་ཚུལ་ཐོན་འདུག
རྒྱ་ནག་གི་ས་གནས་སྲིད་གཞུང་ཁག་གིས་ཁེ་སང་མེད་པའི་ལས་གཞི་ཆེན་པོ་གཉེར་བ་དང་རྨང་གཞིའི་མཐུན་རྐྱེན་འབའ་ཞིག་འཛུགས་སྐྲུན་བྱས་ནས་བུ་ལོན་ནང་དུ་ཚུད་ཀྱི་ཡོད་པ་དེར་གཡོལ་ཐབས་བྱ་དགོས་ཞེས་ནན་སྐུལ་བྱས་འདུག
བྷ་ཤར་ཨ་སཱ་ཌིའི་སྲིད་དབང་མགོ་རྟིང་སློག་པ་དང་བསྟུན་སེ་རི་ཡའི་ལོ་བཅུ་ལྷག་རིང་གི་ནང་འཁྲུག་དེ་ཡང་རེ་ཞིག་མཇུག་སྒྲིལ་ཡོད་པ་རེད། བྷ་ཤར་ཨ་སཱ་ཌིའི་སྲིད་དབང་མགོ་རྟིང་སློག་ཡོད་པ་དེས་འབྱུང་འགྱུར་སེ་རི་ཡ་དང་དཀྱིལ་ཤར་ས་ཁུལ་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་རྒྱུ་ཡིན་པའི་སྐོར་འདིར་གསལ།
སྲིད་འཛིན་ཨ་ས་ཌིའི་སྲིད་དབང་མགོ་རྟིང་སློག་མཁན་གྱེན་ལོག་ཚོགས་པའི་འགོ་ཁྲིད་ཨལ་ཤཱ་རའི་སྐོར་ལ་ཁྱིམ་མཚེས་ཚོས་བཤད་དོན་དུ་ཁོ་རང་ནི་ཕྲུ་གུ་ཡ་རབས་ཞིག་རེད། གྱེན་ལོག་ཚོགས་པའི་འགོ་ཁྲིད་ཀྱིས་སི་རི་ཡར་བར་བརྒལ་གྱི་གཞུང་གསར་འཛུགས་བྱས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
བདུན་ཕྲག་སྔོན་མའི་གཟའ་མཇུག་དེར་ར་ཤི་ཡའི་ཀོར་སི་ཀ་མངའ་ཁུལ་དུ་བྱང་ཀོ་རི་ཡའི་དམག་མི་རྣམས་འཐབ་འཁྲུག་ལ་ཞུགས་ནས་བསད་རྨས་ཚབས་ཆེན་ཕོག་པའི་གནས་ཚུལ་ཐོན་འདུག
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སེ་ཌི་ནཱ་ཡི་བཙོན་ཁང་དུ་ནང་མི་ཚོའི་འཚོལ་ཞིབ་དང་རེ་སྒུག་བྱེད་སྐོར་དང་། ཨ་རིའི་གྲོས་ཚོགས་སུ་ཕྲུ་གུའི་དྲ་ལམ་བདེ་འཇགས་ཀྱི་སྐོར་གླེང་སློང་། གྷི་མཱེད་འགྲེམས་སྟོན་ཁང་གི་འགན་འཛིན་བོད་མིའི་སྐུ་ཚབ་དང་མཇལ་མོལ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
ལྷོ་ཀོ་རི་ཡའི་རྒྱལ་ཡོངས་གྲོས་ཚོགས་ནས་སྲིད་འཛིན་ཡོན་སུག་ཡོལ་(Yoon་Suk Yeol )་གྱིས་དམག་ཁྲིམས་བསྡམས་པའི་ཁྱབ་བསྒྲགས་བྱས་པར་ཉེས་འཛུགས་བྱ་དགོས་པའི་གྲོས་ཆོད་བཞག་འདུག
ཡུ་གུར་བའི་དྲག་སྤྱོད་སྒྲིག་འཛུགས་ཤིག་གི་འཐབ་མོ་ཚོས་སི་རི་ཡའི་གྱེན་ལོག་པ་ཚོར་རྒྱབ་སྐྱོར་བྱས་ནས་བྷ་ཤར་ཨལ་ཨ་ས་དའི་སྲིད་གཞུང་མགོ་རྟིང་བསློགས། ཡུ་གུར་བ་དེ་དག་གིས་སི་རི་ཡའི་འཕྲོ་ནས་རྒྱ་ནག་དམིགས་འབེན་དུ་བཟུང་ནས་རྒོལ་རྡུང་བྱ་རྒྱུ་ཡིན་ཞེས་བསྒྲགས།
ཡུཀ་རེན་གྱི་གསང་བའི་ལས་ཁུངས་ཀྱི་མི་སྣ་ཚོས་ར་ཤི་ཡའི་རྒྱལ་ས་མོ་སི་ཀོར་མཐོ་རིམ་དམག་སྤྱི་ཞིག་ལྐོག་གསོད་བྱས་འདུག
རྒྱ་གར་རྒྱལ་ཡོངས་སུ་ཚུགས་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་ཕྲུག་འཛུལ་ཞུགས་བྱེད་མཁན་ཇེ་ཉུང་དུ་ཕྱིན་ཏེ་དཀའ་ངལ་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གིས་དམར་ཤོག་ཚོགས་པས་གྲི་ཁ་ནང་དུ་གཏད་ནས་ལྐོག་ཟ་རུལ་སུངས་རྩ་མེད་གཏོང་དགོས་ཞེས་ནན་གྱིས་བསྐུལ།
མང་སྣོན།