༄༅།། འབྲུག་ཡུལ་གྱི་ཉེན་རྟོག་པ་ཚོས་མཚན་མོར་དགེ་ལེགས་ཕུག་གི་སྲང་ལམ་ཁག་ལ་སྐོར་གཡེང་བྱས་ནས་འཕྱོན་མ་ཇེ་མང་དུ་འགྲོ་བཞིན་པར་དམ་དྲག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
༄༅།། ཁེ་ན་ཌར་བཅའ་སྡོད་ཨ་རིའི་གཞུང་ཚབ་པས་མིག་ལྔའི་གསང་བའི་ལས་ཁུངས་ཀྱི་གནས་ཚུལ་གཞིར་བཟུང་གིས་ཁེ་ན་ཌའི་གཞུང་ནས་རང་གི་ས་ཐོག་ཏུ་སིག་རྒྱ་བོ་ཁ་བྲལ་རིང་ལུགས་པ་ཞིག་ལྐོག་གསོད་བྱུང་བར་རྒྱ་གར་གཞུང་འབྲེལ་བ་ཡོད་སྲིད་པའི་སྐྱོན་འཛུགས་བྱ་ཕོད་པ་བྱུང་བ་རེད་ཅེས་བསྟན།
ཕྱི་ཟླ་༩་པའི་ཚེས་༢༡་ནས་༢༤་བར་དུ་རྒྱ་གར་གི་དབུས་ཐད་སྐྱོང་མངའ་ཁུལ་དུ་གྱུར་པའི་ལ་དྭགས་ས་གནས་སུ་ཉིན་བཞིའི་རིང་རིག་གཞུང་གི་དུས་སྟོན་ཆེན་པོ་ཞིག་ཚུགས་ཡོད་ཅིང་།
ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་གཞི་རིམ་མི་དམངས་རེ་འབོད་ཚོགས་པའི་ཚོགས་གཙོ་བསྟན་འཛིན་གཡང་དཀར་དང་དབུས་རྒྱུན་ལས་ཚེ་བརྟན་ཕུན་ཚོགས་རྣམ་གཉིས་གདན་འདྲེན་ཞུས་ནས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་འབོད་སྐུལ་ལས་འགུལ་སྤེལ་བཞིན་པའི་ཐད་བགྲོ་གླེང་ཞུས་ཡོད།།
༄༅།། བལ་ཡུལ་གྱི་སྲིད་བློན་པུ་ཤ་པ་ཀ་མལ་དྷལ་ཟླ་བ་འདིའི་ཚེས་༢༣་ནས་༣༠་བར་དུ་རྒྱ་ནག་ལ་ཉིན་༨་གྱི་འཚམས་འདྲིར་ཕེབས་ཏེ་ཧང་ཀྲུག་གྲོང་ཁྱེར་དུ་འཚོགས་ཀྱི་ཡོད་པའི་ཨེ་ཤི་ཡའི་རྩེད་འགྲན་མཛད་སྒོ་ཞུགས་རྒྱུའི་གནས་ཚུལ་ཐོན་འདུག
༄༅།། ཉེ་ཆར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་བདུན་ཕྲག་གཅིག་ལ་ཨུ་རུ་སུར་འཚམས་འདྲིར་བསྐྱོད། ཁ་སང་གཟའ་མིག་དམར་གྱི་དགོང་མོར་ཀིམ་ཇོང་ཨུན་བྱང་ཀོ་རི་ཡའི་རྒྱལ་ས་ཕིང་དབྱང་ལ་ཕྱིར་ལོག་བྱས་པའི་གནས་ཚུལ་ཐོན་འདུག
༄༅།། རྒྱ་ནག་གཞུང་གིས་ནང་སོག་ཀྱི་སློབ་གྲྭ་ཁག་ཏུ་སོག་པོའི་སྐད་ཡིག་དང་སོག་པོའི་ལོ་རྒྱུས་ཀྱི་དཔེ་དེབ་རྣམས་བཀག་སྡོམ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ཞུགས་པར་ཨ་མི་རི་ཀར་འབྱོར། ཁ་སང་ཟླ་བའི་ཉིན་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐོག་ཏུ་ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་གཞོན་པ་༦་གནས་དབྱུང་བཏང་བ་དང་བདུན་ཕྲག་གཉིས་ཀྱི་གོང་དུ་ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་རེ་ཛི་ནི་ཀོབ་འཕོ་འགྱུར་གཏོང་དགོས་བྱུང་
༄༅།། བདུན་ཕྲག་འདིར་བལ་ཡུལ་གྱི་སྲིད་བློན་པུ་ཤ་པ་ཀ་མལ་དྷལ་རྒྱ་ནག་ལ་གཞུང་འབྲེལ་གྱི་འཚམས་འདྲིར་ཕེབས་ཀྱི་ཡོད་ཅིང་། ད་ཐེངས་ཀྱི་འཚམས་འདྲི་འདི་རྒྱུ་མཚན་གསུམ་ལ་བརྟེན་ནས་གནད་འགག་ཆེན་པོ་ཞིག་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག
༄༅།། རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་བཞིན་པའི་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་གི་ཚོང་ལས་ཀྱི་དུས་ཚོད་བརྒྱ་ཆ་༣༠་ཐམ་པ་ཞིས་ཅིན་ཕིང་གི་དགོངས་པར་སློབ་སྦྱོང་བྱ་རྒྱུ་དེར་གཏོང་དགོས་པའི་བཀོད་ཁྱབ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
༄༅།། གཟའ་འཁོར་སྔོན་མར་ཨ་རིའི་ཚོང་དོན་དྲུང་ཆེ་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཐབས་སུ་འབད། ཕྱི་ཟླ་༩་པའི་ཚེས་༧་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་འགོ་ཁྲིད་ཚོས་ཨ་རིས་དངོས་ཟོག་ལ་སྒོ་ཁྲལ་སྤར་ཡོད་པ་ཕྱིར་འཐེན་བྱ་དགོས་ཞེས་འབོད་སྐུལ་ཞུས།
༄༅།། ཨིན་རྡུ་ནེ་ཤི་ཡར་ཚོགས་པའི་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་ཆེན་ཐོག་ཏུ་འཛམ་གླིང་འདིར་གྲང་དམག་གསར་པ་ཞིག་ལང་སྲིད་པ་འགོག་ཐབས། རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་དུ་ས་ཁམས་ཆབ་སྲིད་ཀྱི་འཐབ་རྩོད་ཅིག་ལངས་ཡོད་པ་ཞི་འཇམ་གཏོང་དགོས་པའི་གྲོས་སྡུར་བྱས་འདུག
ཡུ་རོབ་རྒྱལ་ཁབ་ཨི་ཊ་ལི་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གི་གཙིགས་འཛིན་ལས་གཞི་རྒྱུད་གཅིག་ལམ་གཅིག་ཁོངས་ནས་ཕྱིར་འཐེན་བྱ་རྒྱུའི་རྣམ་འགྱུར་གསལ་པོ་ཐོན། གཟའ་ཟླ་བའི་ཉིན་ཨི་ཊ་ལིའི་ཕྱི་སྲིད་བློན་ཆེན་ཨན་ཐོ་ཎི་འོ་ཏེ་ཇ་ཎི་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་གཉིས་ཐུག་འཕྲད་གྲོས་མོལ་བྱུང་།
༄༅།། འདས་པའི་ཉིན་ཤས་རིང་རོ་ཡེ་ཊར་སི་དང་མཉམ་འབྲེལ་གསར་ཁང་སོགས་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མའི་གཟའ་ཟླ་བའི་ཉིན་རྒྱ་ནག་གིས་ཚད་ལྡན་ས་ཁྲ་གསར་པ་ཞེས་པའི་ས་ཁྲ་ཞིག་བཏོན།
༄༅།། ཨུ་རུ་སུའི་ན་གཞོན་ཤེས་ཡོན་ཅན་ཚོས་དམག་འཁྲུག་ལ་ངོ་རྒོལ་བྱེད་པའམ། ཡང་ན་དམག་ཁྲལ་ལ་གཡོལ་བར་ཕྱི་རྒྱལ་དུ་བྲོས་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་རྒུད་དང་དམག་མི་གསར་པ་བསྡུ་རྒྱུ་མེད་པའི་དཀའ་ངལ་ཚབས་ཆེན་ཞིག་འཕྲད་བཞིན་པའི་གནས་ཚུལ་ཐོན་འདུག
ཐེངས་འདིའི་ཨ་རིའི་རླུང་འཕྲིན་ཁང་གི་དཔེ་ཀློག་ལེ་ཚན་ལ་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་རྒྱ་མཚོས་བརྩམས་པའི་བདེན་རྒྱབ་འཚོལ་བའི་འབོད་སྒྲ་ཞེས་པའི་དཔེ་དེབ་ཀྱི་བརྗོད་བྱ་སོགས་ལ་རྩོམ་པ་པོར་འདི་གའི་རྩོམ་སྒྲིག་པ་རྡོ་རྗེ་ཚེ་བརྟན་ནས་བཅར་འདྲི་ཞུ་ཡི་རེད།།
མཱ་ཤི་ཀར་པ་ངག་དབང་སྐལ་བཟང་ལགས་གདན་འདྲེན་ཞུས་ནས་བོད་དུ་ཡེ་ཤུ་ཆོས་ལུགས་དར་ཁྱབ་ཀྱི་བྱུང་རབས་དང་བོད་པ་ཡེ་ཤུ་ཆོས་དད་པ་ཚོའི་གནས་སྟངས། སྟོན་པ་ཡེ་ཤུའི་གསུང་རབ་བོད་ཡིག་ཏུ་བསྒྱུར་བའི་རྒྱུད་རིམ་སོགས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།
ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་རུ་སོག་དོན་གཅོད་ཁང་གི་ཆེ་བསྟོད་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་གདན་འདྲེན་ཞུས་ནས་ཡེ་ཤུའི་བླ་ཆེན་གྱི་སོག་ཡུལ་འཚམས་འདྲི་གཟིགས་སྐོར་ཐད་བགྲོ་གླེང་ཞུས་ཡོད།
༄༅།། ཡུཀ་རེན་གྱི་ཁ་ལོ་བ་མེད་པའི་འཕུར་གྲུས་ཨུ་རུ་སུའི་ས་གནས་ཁག་༦་ལ་གཏོར་རྒོལ་བྱས་ནས་དམག་གི་གནམ་གྲུ་ཁག་ཅིག་རྩ་གཏོར་བཏང་བའི་གནས་ཚུལ་ཐོན་འདུག
མང་སྣོན།