ཀུན་གླེང་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཚེ་རིང་སྐྱིད་ལགས་དང་ལྷན་༧གོང་ས་མཆོག་ཨི་ཐ་ཁའི་དཔེ་མཛོད་དང་ཤེས་ཡོན་བསྟི་གནས་ཁང་ལ་ཆིབས་སྒྱུར་བསྐྱངས་པའི་སྐོར་གྱི་གནས་ཚུལ་ངོ་སྤྲོད་དང་། ཚེ་རིང་སྐྱིད་ལགས་ཀྱིས་དཔེ་མཛོད་ཁང་དང་ཤེས་ཡོན་བསྟི་གནས་ཁང་གི་འགན་འཛིན་བསྟན་འཛིན་ཆོས་བཟང་ལགས་ལ་བཅར་འདྲི་ཞུས་ཡོད།།
༄༅།། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མའོ་ཙེ་ཏུང་གིས་ཆབ་སྲིད་ནི་ཁྲག་སྦྱོར་མེད་པའི་དམག་འཁྲུག་ཅིག་རེད། དམག་འཁྲུག་ནི་ཁྲག་སྦྱོར་གྱི་ཆབ་སྲིད་ཅིག་རེད་ཅེས་བཤད་མྱོང་ཞིང་།
ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཚེ་རིང་དབང་མོ་ལགས་ཀྱིས་རྡོ་རྗེ་ཚེ་བརྟན་ལགས་དང་ལྷན་ཡུག་ཀེ་རན་དམག་དཔུང་གིས་ཨུ་རུ་སུའི་ཁུར་སི་ཀི་མངའ་སྡེར་དཔུང་འཇུག་བྱས་ཡོད་པ་དེའི་དམིགས་ཡུལ་དང་ཤུགས་རྐྱེན། དེ་བཞིན་ཡུག་ཀེ་རན་ལ་དམག་འཁྲུག་དེ་ལས་རྒྱལ་ཁ་འཐོབ་སྲིད་མིན་སོགས་ཀྱི་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིན།།
༄༅།། ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་གསར་པ་གུ་ལི་ཤུང་གིས་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་ང་ཚོས་གྲ་སྒྲིག་སྡུག་ས་ཞིག་ནས་བྱ་དགོས་ཞེས་དམག་དོན་སློབ་གླིང་ཐོན་པའི་སློབ་ཕྲུག་ཚོར་གཏམ་བཤད་བྱས་འདུག
ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཚེ་རིང་དབང་མོ་ལགས་ཀྱིས་རྡོ་རྗེ་ཚེ་བརྟན་ལགས་དང་ལྷན་གྷ་ཛའི་དམག་འཁྲུག་དེ་ཉིད་དཀྱིལ་ཤར་ས་ཁུལ་གྱི་འཐབ་འཁྲུག་ཆེན་པོ་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁའི་སྐོར་ལ་རྒྱལ་སྤྱིའི་གསར་ལམ་ཁག་ནང་ཐོན་པའི་གནས་ཚུལ་ཞིབ་ཕྲ་ཁག་བགྲོ་གླེང་ཞུས་ཡོད།
༄༅།། ཧི་ཛི་བྷུ་ལ་འཇབ་དམག་ཤོག་ཁག་གི་དྲག་སྤྱོད་ཚོས་ཨི་སི་རལ་གྱི་བྱང་ཕྱོགས་སུ་ཁ་ལོ་བ་མེད་པའི་འཕུར་གྲུ་ཞིག་བཏང་སྟེ་རྒོལ་རྡུང་བྱས་ནས་ཨི་སི་རལ་གྱི་དམག་མི་གཉིས་རྨས། ཨི་རན་ནས་ཨི་སི་རལ་གྱིས་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་བསད་པར་དགྲ་ཤ་ལེན་རྒྱུ་ཡིན་ཞེས་ངར་སྐད་བསྒྲགས།
ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བོད་དོན་ལས་འགུལ་བ་བསྟན་འཛིན་རྣམ་རྒྱལ་ལགས་གདན་ཞུས་ཀྱིས་ཨོ་ལིམ་པིག་རྩེད་འགྲན་དང་བོད་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞུས་ཡོད།
ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་དགའ་ལྡན་ཕོ་བྲང་གི་དྲུང་ཡིག་ཡང་སྟེང་རིན་པོ་ཆེ་གདན་འདྲེན་ཞུས་ནས། ༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་དང་མཛད་འཕྲིན་གྱི་ཐད་ལ་བགྲོ་གླེང་ཞུ་རྒྱུ་ཡིན།
ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་གདན་འདྲེན་ཞུས་ནས་རྒྱ་ནག་དམར་ཤོག་གི་སྐབས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།།
༄༅།། ༢༠༢༤་ལོའི་ཕྱི་ཟླ་༧་པའི་ཚེས་༡༣་གྱི་ཕྱི་དྲོར་ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་བཞིན་པའི་སྐབས་སུ་ལོ་ན་༢༠་ཐམ་པར་སོན་པའི་ཕོ་གསར་ཐོ་མེ་སི་མེ་ཐིའུ་ཀུ་རུཀ་སི་ཞེས་པ་ཞིག་གིས་མེ་མདའ་བརྒྱབ་ནས་འགྲོང་ཐབས་བྱས་ནས་བཟུང་།
༄༅།། ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་མེ་མདའ་རྒྱག་མཁན་ཐོ་མ་སི་མེ་ཐིའུ་ཀུ་རུཀ་སིའི་ཁྱིམ་མཚེས་ཚོས་མི་དེ་ཕོ་གསར་ཁ་ཁུ་སིམ་པོ་ཞིག་ཡོད། ཁོ་པ་སྲིད་འཛིན་ཟུར་པ་ཞིག་གསོད་ཐབས་བྱེད་མཁན་དུ་ཇི་ལྟར་གྱུར་པ་ཡིན་ནམ་ཞེས་ཧང་སང་ནས་བློ་ཡུལ་དུ་མ་ཤོང་།
༄༅།། ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་ཏེ། ནང་སོ་ལས་ཁུངས་ཀྱིས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་མེ་མདའ་རྒྱག་མཁན་དེ་ལོ་ན་༢༠་ལ་སོན་པའི་པེན་སིལ་ཝེ་ཎི་ཡ་མངའ་སྡེའི་ཡུལ་མི་ཐོ་མ་སི་མེ་ཐེའུ་ཀུ་རུག་སི་(Thomas Matther Crooks)་རེད་ཅེས་ངོ་ཐག་བཅད་ཡོད་ཅིང་།
ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་༸སྐུའི་གསུང་སྒྱུར་དགེ་བཤེས་གླང་རི་བ་ཐུབ་བསྟན་སྦྱིན་པ་ལགས་གདན་འདྲེན་ཞུས་ནས་ཇཱེབ་རི་ཧོབ་ཀིན་སི་རྗེས་དྲན་ཐད་བགྲོ་གླེང་ཞུས་ཡོད།
༄༅།། ནུབ་ཆིངས་བཙུགས་ནས་ལོ་༧༥་འཁོར་བའི་ཚོགས་ཆེན་དེ་གཟའ་མིག་དམར་ནས་ཕུར་བུའི་བར་དུ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཚོགས་ཡོད་ཅིང་། ད་རེས་ཀྱི་ཚོགས་ཆེན་ཐོག་ཏུ་ཡུཀ་རེན་དང་ཨུ་རུ་སུ། རྒྱ་ནག རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་ཞི་བདེ་སྲུང་སྐྱོབ་སོགས་ལ་གྲོས་སྡུར་བྱུང་ཞིང་།
༄༅།། ཨ་མི་རི་ཀས་རྒྱ་ནག་ནས་ཁྲིམས་འགལ་དུ་ཡོང་བའི་མི་༡༠༠་ལྷག་གནམ་གྲུ་ནང་དུ་བཞག་སྟེ་ལྡེབ་ཏུ་ཕྱིར་ལོག་བྱས་ཀྱང་མེཀ་སི་ཀོའི་ས་མཚམས་ནས་ཨ་མི་རི་ཀར་རྒྱ་མི་སྐྱབས་བཅོལ་བ་ཡོང་རྒྱུ་མཚམས་མི་ཆད། ཕྱི་ཟླ་༧་པའི་ཚེས་༩་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན།
ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བཞུགས་སྒར་རྡ་རམ་ས་ལའི་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་བློ་བཟང་གྲགས་པ་གདན་འདྲེན་ཞུས་ནས་ཞབས་རིམ་སྒྲུབ་པའི་ཕན་ཡོན་དང་ནུས་པ། ཞབས་རིམ་སྒྲུབ་པའི་དུས་སུ་ཀུན་སློང་གང་འདྲ་ཞིག་འཆང་དགོས་མིན་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད།
རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་ཝེ་ཧྥེང་ཧེ་དང་དེའི་རྗེས་འཛིན་པ་ལི་ཧྲང་ཧྥུ་གཉིས་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ཐོག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་ཕུད་བྱས་པའི་གནས་ཚུལ་ཐོན། གཤམ་ལ་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་ཕུད་བྱས་པའི་རྒྱུ་རྐྱེན་སོགས་ཞིབ་འགྲེལ་ཁག་ཞུ།
རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཝ་ཤིང་ཊོན་དུ་བཅའ་སྡོད་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་གདན་འདྲེན་ཞུས་ནས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་དུ་ཆིབས་སྒྱུར་བསྐྱངས་ཏེ་ཞབས་པུས་སྨན་བཅོས་ཀྱི་ཞོར་དུ་མང་ཚོགས་ལ་ཆོས་འབྲེལ་སོགས་ཀྱི་མཛད་འཆར་ཡོད་མེད་ཐད་བགྲོ་གླེང་ཞུས་ཡོད།
༄༅།། འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐེབས་ནས་ཧི་མ་ལ་ཡའི་ལྗོངས་སུ་ཁ་བ་འབབ་རྒྱུ་ཉུང་དུ་སོང་། གངས་རི་དང་འཁྱག་རོམ་ཞུ་བའི་ཆུ་རྣམས་བསྐམས་ཏེ་མི་ཟོག་ལ་འཐུང་ཆུ་ཆད་སྲིད་པའི་ཉེན་ཁ་འདུག་ཅེས་སྔོན་བརྡ་བཏང་འདུག
ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་རྒྱ་གར་བ་གཉིས་ལ་ཡུཀ་རེན་གྱི་ས་ཐོག་ཏུ་སྲོག་སྐྱོན་ཕོག ལྡི་ལི་གསར་པའི་ལས་སྣེ་ཚོས་ཨུ་རུ་སུའི་གཞུང་ལ་རྒྱ་གར་བ་དམག་ཁོངས་སུ་བསྡུས་ཡོད་པ་རྣམས་འཕྲལ་དུ་རང་ཡུལ་ལ་ཕྱིར་སློག་བྱོས་ཞེས་འབོད་སྐུལ་ཞུས།
མང་སྣོན།