རྒྱང་སྲིང་དུས་ཚོད།
སྔ་དྲོའི་རླུང་འཕྲིན། ༢༠༢༡ ཟླ་བ་་༥ ཚེས་༧
སྲིད་སྐྱོང་གིས་བོད་པའི་གཞིས་ཆགས་ཁག་སྒོ་རྒྱ་བསྡམ་དགོས་པའི་བཀོད་ཁྱབ། རྒྱ་གར་ལ་རོགས་རམ་སྤྲད་པ་རྣམས་དམིགས་སྒོར་འཕྲོད་ཀྱི་ཡོད་དམ། ཨོ་གླིང་གཞུང་གིས་འབར་མ་བ་ཚོར་ཐོངས་མཆན་ཕར་འགྱངས། རྒྱ་གར་ལ་ནད་དུག་ཐེངས་གསུམ་པ་ཁྱབ་རྒྱུ་ལྡོག་ཐབས་མེད་པ། དྲུག་བཞིའི་ལས་འགུལ་རྗེས་དྲན་བ་ཚོར་ཁྲིམས་གཅོད། བྷ་ཌན་གྱིས་ཏོག་དབྱིབས་སྨན་ཁབ་ཀྱི་བདག་དབང་བློས་གཏོང་བྱ་རྒྱུ།
དགོང་དྲོའི་རླུང་འཕྲིན། ༢༠༢༡ཟླ་ ༥་ཚེས་༧
ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་བོད་མི་༩༠༠ ཙམ་ལ་ནད་དུག་འགོས་པའི་སྐབས་འདིར་གཞིས་སྒར་ཁག་བདུན་གཅིག་ལ་སྒོ་རྒྱག་རྒྱུ་དང་། སྟོབས་ཆེན་རྒྱལ་ཁབ་དག་གིས་མཉམ་རུབ་སྒོས་རྒྱ་ནག་དང་ཨུ་རུ་སུར་ཉེན་བརྡ་བཏང་བ། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་རོགས་སྐྱོར་ལས་འཆར་སྤེལ་བཞིན་པ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་རྒྱ་ནག་གིས་རྒྱ་གར་ནང་ནད་ཡམས་ཁྱབ་གདལ་འགྲོ་བཞིན་པའི་སྐབས་འདིར་རྒྱལ་ཞེན་སྐུལ་སློང་དང་། ཏོག་ནད་དང་འབྲེལ་བའི་རྒྱ་གར་ནང་གི་བརྙན་པར་ཟིན་ཐོ། བོད་དོན་དཔྱད་གླེང་གི་སྒྲ་སྒམ་སོགས་ངོ་སྤྲོད་བྱས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལ་གསར་འགོད་རང་དབང་ཐད་བཅར་འདྲི་ཞུས་པ་དང་། བསྟན་འཛིན་ནོར་བཟང་ལགས་ཀྱིས་འབྲས་ལྗོངས་རྣམ་རྒྱལ་བོད་རིག་པའི་ལྟེ་གནས་ཀྱི་འགན་འཛིན་ཟུར་པ་བཀྲ་ཤིས་གདན་ཚབ་པ་སྦ་ཉག་རིན་པོ་ཆེ་ལ་བོད་དང་འབྲས་ལྗོངས་ཆོས་རྒྱལ་གྱི་འབྲེལ་བའི་ཐད་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།