ངོ་འཕྲད་བདེ་བའི་དྲ་འབྲེལ།

site logo site logo
གཟའ་པ་སངས། ༢༠༢༥/༠༤/༢༥

རྒྱང་སྲིང་དུས་ཚོད།

༢༢:༠༠ - ༢༣:༠༠

དགོང་དྲོའི་རླུང་འཕྲིན། ༢༠༢༡ཟླ་ ༥་ཚེས་༥

ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་དགོངས་པ་ཞུས་པའི་བོད་མི་མང་སྤྱི་འཐུས་གཉིས་ཀྱི་ཚབ་ཏུ་འཐུས་མི་གསར་པ་གཉིས་ཀྱིས་དམ་འབུལ་གནང་བ་དང་། སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་མཇུག་འབྲས་ཚོད་དཔག་བྱེད་བཞིན་པ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་མི་སྣའི་འོས་མི་དང་། ཏོག་ནད་ཀྱི་ཁྱབ་ཚད་སོགས་དང་འབྲེལ་བའི་གནས་ཚུལ་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་བཙན་པོ་དྲྭ་བ་སྒོ་བརྒྱབ་པ་དང་རྩོམ་སྒྲིག་པ་འཛིན་བཟུང་། སྐྱེ་རྒུ་མདོར་ས་འགུལ་བྱུང་ནས་ལོ་བཅུ་གཅིག་འཁོར་བར་དྲན་གསོ་བཅས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་བསྟན་འཛིན་ནོར་བཟང་ལགས་ཀྱིས་རྒྱ་གར་རྡོ་རྗེ་གླིང་ལྕགས་པོ་རི་སྨན་རྩིས་ཁང་གི་བྱུང་རབས་དང་ད་ལྟའི་གནས་སྟངས། རིག་གཞུང་གཅེས་འཛིན་དང་སྤྱི་ཚོགས་ཞབས་ཞུ་སྒྲུབ་ཕྱོགས་ཐད་ལ་ལྟེ་གནས་ཁང་དེའི་འགན་འཛིན་འཕྲིན་ལས་དཔལ་བཟང་ལགས་སུ་བཅར་འདྲི་ཞུས་ཡོད། བསོད་ནམས་དབྱངས་འཛོམས་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཀྱི་བཀའ་བརྒྱུད་ནཱ་ལེནྡྲ་དགོན་པའི་བླ་མ་ཨོ་རྒྱན་བསམ་གཏན་གླིང་པ་ཀརྨ་རིན་པོ་ཆེས་ས་གནས་དེའི་གདོད་མའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་གནང་གི་ཡོད་པ་སོགས་ལ་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG