ངོ་འཕྲད་བདེ་བའི་དྲ་འབྲེལ།

site logo site logo
གཟའ་སྤེན་པ། ༢༠༢༥/༠༤/༢༦

རྒྱང་སྲིང་དུས་ཚོད།

༠༨:༠༠ - ༠༩:༠༠

སྔ་དྲོའི་རླུང་འཕྲིན།༢༠༢༡་ཟླ་༥་ཚེས༢༤།

བཙན་བྱོལ་བོད་མི་རྣམས་ཀྱིས་རྒྱ་ནག་གིས་ལོ་༧༠འི་རིང་བོད་མིར་སྡུག་རྩུབ་མནར་སྤྱོད་བཏང་བར་ངོ་རྒོལ་བྱས་ཡོད་པའི་སྐོར་དང་། རྒྱ་ནག་གིས་འབྲུག་གི་ས་ཁོངས་སུ་བཙན་འཛུལ་བྱས་ནས་གྲོང་ཚོ་གསར་པ་ལས་པའི་གནས་ཚུལ་ཐོན་ཡོད་པའི་སྐོར། ཨ་རིའི་གྲོང་ཁྱེར་ཧྥི་ལ་ཌིལ་ཧྥིས་ཡ་ནས་རྒྱལ་ས་ཝ་ཤིང་ཊོན་བར་བོད་རང་བཙན་ལས་འགུལ་གྱི་གོམ་བགྲོད་བྱེད་ཀྱི་ཡོད་པའི་སྐོར། རྒྱ་གར་ནང་ཐོན་པའི་རྣམ་པ་འགྱུར་བའི་ཏོག་དབྱིབས་ཀྱི་རིམས་ལ་འགོག་སྨན་གཉིས་ཀྱིས་ནུས་པ་ཐོན་ཡོད་པའི་སྐོར། བལ་ཡུལ་གྱིས་ངོས་ལེན་བྱེད་མིན་ལ་མ་གཏོས་པར་ཇོ་མོ་གླང་མའི་རི་ཁུལ་དུ་ཏོག་དབྱིབས་རིམས་ནད་འགོས་པའི་མི་རྒྱ་ལྷག་ཟིན་ཡོད་པའི་སྐོར། རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ར་ཤིས་ཡར་སྐྱོད་ནས་ཐབས་ཇུས་གྲོས་མོལ་བྱེད་ཀྱི་ཡོད་པའི་སྐོར། ཨ་མི་རི་ཁ་མངའ་སྡེ་གཅིག་སྒྲིལ་རྒྱལ་ཁབ་ནང་མུ་མཐུད་ནས་ཏོག་དབྱིབས་རིམས་འགོས་པའི་ནད་པ་ཉུང་དུ་འགྲོ་བཞིན་ཡོད་པའི་སྐོར་སོགས་སྙན་སྒྲོན་ཞུ་རྒྱུ་ཡོད།

XS
SM
MD
LG