དེ་རིང་ང་ཚོས་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་གདན་འདྲེན་ཞུས་ནས་གཟའ་མིག་དམར་ཉིན་མཇུག་སྒྲིལ་བྱུང་བའི་རྒྱ་ནག་གི་ཚོགས་ཆེན་གཉིས་ཀྱི་ཐོག་ཏུ་བོད་དོན་དང་རྒྱ་ནག་གི་དཔལ་འབྱོར། ཐེ་ཝན་དང་རྒྱལ་སྤྱིའི་ཐོག་ཏུ་འཛིན་པའི་སྲིད་ཇུས་གསར་པ་གཏན་འབེབས་ཅི་བྱུང་སོགས་ལ་བགྲོ་གླེང་ཞུས་ཡོད།
བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་དྲུང་ཆེ་བཀྲ་ཤིས་ཚེ་རིང་དང་། བྱང་ཨ་རིའི་བོད་ཀྱི་དོན་གཅོད་ཁང་གི་ཚུལ་ཁྲིམས་རྒྱ་མཚོ་རྣམ་གཉིས་གདན་འདྲེན་ཞུས་ནས་ཨ་རིས་ཡུ་རོབ་དང་ཡུཀ་རེན་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་ཐེབས་ནས་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཁ་འབྱུང་མིན་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད།
ཀུན་གླེང་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཡིག་གསར་འགྱུར་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཟུར་པ་སྐལ་བཟང་མཁས་གྲུབ་ལགས་གདན་འདྲེན་ཞུས་ནས་བོད་ཀྱི་ལོ་གསར་གྱི་བྱུང་རབས་དང་བོད་ལ་ལོ་གསར་རིགས་མ་འདྲ་བ་ཅི་ཙམ་ཡོད་མེད། ལོ་གསར་ལ་ཆེད་དུ་གྲ་སྒྲིག་བྱ་དགོས་པ་སོགས་ལ་བགྲོ་གླེང་ཁག་ཅིག་ཞུ་རྒྱུ་ཡིན།
ཀུན་གླེང་ལས་རིམ་དུ་དགུང་ལོ་༡༠༠་ལ་ཕེབས་པའི་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེས་བཙན་བྱོལ་སྤྱི་ཚོགས་སུ་བོད་ཀྱི་ཆོས་དང་རིག་གཞུང་། ཁྱད་པར་དུ་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་རྗེས་སོགས་ལ་བཞག་པའི་མཛད་རྗེས་ཐད་བགྲོ་གླེང་ཞུས་ཡོད།
ང་ཚོས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་དང་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་རྣམ་གཉིས་གདན་འདྲེན་ཞུས་ནས་སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་ལགས་ཀྱིས་སྐུ་ཚེ་ཧྲིལ་པོར་བོད་དོན་འཐབ་རྩོད་དང་བོད་རྒྱའི་འབྲེལ་མཐུད་གནང་བའི་མཛད་རྗེས་སོགས་ལ་བསྐྱར་ཞིབ་ཞུས་ཡོད།
ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་བོད་དང་ཧི་མ་ལ་ཡའི་ཞིབ་འཇུག་ཚན་པའི་ཧིན་བོད་ས་མཚམས་ཉམས་ཞིབ་པ་བྱེ་གཞོང་ཚེ་དབང་རྡོ་རྗེ་གདན་འདྲེན་ཞུས་ནས་ཡར་ཀླུང་གཙང་པོའི་གློག་ཁང་གིས་བོད་མཐོ་སྒང་གི་ཁོར་ཡུག་དང་སྐྱེ་ཁམས་ལ་གནོད་སྐྱོན་ཅི་ཙམ་འཕོག་རྒྱུ་ཡིན་པ་སོགས་ལ་བགྲོ་གླེང་ཞུས་ཡོད།
ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལས་རིམ་ནང་རྡོ་རྗེ་ཚེ་བརྟན་ལགས་དང་བསོད་ནམས་གཡང་འཛོམས་ལགས་གཉིས་ཀྱིས་སྲིད་འཛིན་ཊམ་གྱི་ཨ་རིས་གྷ་ཛར་བདག་པོ་རྒྱག་རྒྱུའི་བརྗོད་པ་དེར་ཨ་རི་དང་རྒྱལ་སྤྱིའི་སྟེང་གི་རྣམ་འགྱུར་དང་། དེའི་ཤུགས་རྐྱེན་སོགས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།།
ཀུན་གླེང་ལས་རིམ་དུ་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་རྫོགས་ནས་ལོ་༣༦་འཁོར་བའི་དུས་དྲན་དང་པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་སུ་བོད་ཀྱི་ཆོས་དང་རིག་འཛིན་སྐྱོང་སྤེལ་གསུམ། རྒྱ་ནག་གི་རྩ་ཁྲིམས་སུ་འཁོད་པའི་བོད་མི་དམངས་ཀྱི་ཐོབ་ཐང་རྩོད་ལེན་གནང་བའི་མཛད་རྗེས་སོགས་ལ་བགྲོ་གླེང་ཁག་ཅིག་ཞུས་ཡོད།།
༄༅།། ཉེ་ཆར་ཕྱི་ཟླ་དང་པོའི་ཚེས་༧་ཉིན་བོད་ཀྱི་དིང་རི་དང་ལྷ་རྩེ། ས་སྐྱ་དང་ངམ་རིང་། གཏིང་སྐྱེས་བཅས་ལ་ས་ཡོམ་བྱུང་སྟེ་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཚབས་ཆེན་ཕོག
ཀུན་གླེང་ལས་རིམ་དུ་ཀ་སྦུག་ཟེ་དཀར་ཆོས་སྡེའི་དབུ་བླ་ཤྲཱི་ཆུ་བཟང་རིན་པོ་ཆེ་གདན་འདྲེན་ཞུས་ནས་དིང་རིའི་ས་ཡོམ་གྱི་གནོད་འཚེ་ཐེབས་སའི་དགོན་པ་ཁག་ཅིག་ངོས་འཛིན་དང་དགོན་པ་དེ་དག་ཞིག་གསོ་ཐུབ་ཀྱི་ཡོད་མེད། དགོན་པའི་སྐུ་གསུང་ཐུགས་རྟེན་རྩ་ཆེན་དེ་རྣམས་བོར་བརླག་འགྲོ་རྒྱུའི་ཉེན་ཁ་ཡོད་མེད་སོགས་ལ་བགྲོ་གླེང་ཞུས་ཡོད།།
ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་དིང་རི་བ་བསྟན་འཛིན་འཇིགས་མེད་དང་གསར་འགོད་པ་འཇམ་དབྱངས་རྒྱ་མཚོ་རྣམ་གཉིས་གདན་འདྲེན་ཞུས་ནས་ས་ཡོམ་རྗེས་ཀྱི་ཉིན་༡༡་གི་རྗེས་སུ་ས་གནས་ཁག་གི་མང་ཚོགས་ལ་འཚོ་བའི་ཐོག་ཏུ་དགོས་ངེས་ཀྱི་རོགས་སྐྱོར་དང་སྨན་བཅོས་མཐུན་རྐྱེན་སོགས་རག་གི་ཡོད་མེད་བཅས་ལ་བགྲོ་གླེང་ཞུ་རྒྱུ་ཡིན།།
ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བོད་ཀྱི་དིང་རི་སོགས་ལ་ས་ཡོམ་གོད་ཆགས་བྱུང་ཐད་ཨ་རིའི་རླུང་འཕྲིན་ཁང་གི་རྡ་སའི་གསར་འགོད་པ་འཇམ་དབྱངས་རྒྱ་མཚོ་ལགས་དང་། བལ་ཡུལ་གྱི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་རྣམ་གཉིས་ལྷན་དུ་བགྲོ་གླེང་ཞུ་རྒྱུ་ཡིན།
ཀུན་གླེང་ལས་རིམ་དུ་ཨ་རིའི་སྲིད་འཛིན་དམ་པ་ཇཱི་མཱི་ཁར་ཊར་གྱིས་རྒྱ་ནག་གི་འགོ་ཁྲིད་ཚོར་བོད་རྒྱ་འབྲེལ་མོལ་བྱ་དགོས་པའི་ནན་སྐུལ་དང་༧གོང་ས་མཆོག་ནས་ཡུ་རོབ་གྲོས་ཚོགས་སུ་སྩལ་བའི་གསུང་བཤད་ཀྱི་ཟིན་བྲིས་ལ་དགོངས་ཚུལ་ལྷུག་སྩོལ་གནང་མྱོང་ཡོད་པ་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད།
ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་གསར་འགོད་པ་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་དུ་ད་ལོ་༢༠༢༤ ལོའི་ལོ་གཅིག་རིང་གི་གསར་འགྱུར་གལ་ཆེ་ཁག་ཅིག་གི་ཐད་བགྲོ་གླེང་ཞུས་ཡོད།
ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་ལྷན་དུ་༢༠༢༤ ལོའི་རྒྱ་ནག་གི་དཀའ་ངལ་ཁག་གི་ཐད་བགྲོ་གླེང་ཞུས་ཡོད།
ཐེངས་འདིའི་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལས་རིམ་ལ་སྨོན་ལམ་ཚིག་མཛོད་ཆེན་མོ་པོད་ཕྲེང་༢༢༣་ཅན་དེའི་ཚར་གཅིག་ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་དུ་ཕུལ་བའི་གནད་འགག་དང་ཕན་ཡོན། སྨོན་ལམ་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་གི་རྒྱུད་རིམ་སོགས་ལ་དགེ་བཤེས་བློ་བཟང་སྨོན་ལམ་གདན་འདྲེན་ཞུས་ནས་བགྲོ་གླེང་ཞུས་ཡོད།།
ཀུན་གླེང་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ནན་སི་ཕེ་ལོ་སི་ལ་བདེན་པའི་སྒྲོན་མེའི་གཟེངས་རྟགས་ཕུལ་ཡོད་ཅིང་། ལྕམ་ཕེ་ལོ་སི་ནས་འདས་པའི་ལོ་མང་རིང་བོད་དོན་ལ་རྒྱབ་སྐྱོར། ལྷག་པར་དུ་༧གོང་ས་མཆོག་དང་བོད་པའི་བློས་ཐུབ་ཀྱི་བོད་པའི་གྲོགས་པོ་ཞིག་ཡིན་པ་སོགས་ཀྱི་ཐད་བགྲོ་གླེང་ཞུས།
༄༅།། པེ་ཅིང་གི་མི་དམངས་འབྲིང་རིམ་ཁྲིམས་ཁང་གཉིས་པས་ཨ་རིའི་ཧར་ཝར་ཌི་སློབ་ཆེན་ཐོན་པའི་རྒྱ་ནག་གི་གསར་འགོད་པ་ཏུང་ཡུས་ཡུས་ལ་གསང་ཉུལ་གྱི་ནག་ཉེས་བཙུགས་ནས་ལོ་བདུན་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད།
ཀུན་གླེང་ལས་རིམ་དུ་མངའ་རིས་ནང་བསྟན་རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་དགེ་བཤེས་ཚེ་དབང་རྡོ་རྗེ་གདན་འདྲེན་ཞུས་ནས་ཕྱི་ཟླ་༡༢་པའི་ཚེས་༣་ཉིན་རྒྱ་གར་གྱི་ནང་སྲིད་ལྷན་ཁང་དང་ལ་དྭགས་ཀྱི་སྐུ་ཚབ་ཚོས་གྲོས་མོལ་བྱེད་ཀྱི་ཡོད་པ་དེར་གྲུབ་འབྲས་ཅི་ཙམ་ཐོན་རྒྱུའི་རེ་སྨོན་བྱེད་ཀྱིན་ཡོད་པ་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད།
༄༅།། རྒྱ་ནག་གཞུང་གིས་མི་དམངས་བཅིངས་འགྲོལ་དམག་གི་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པ་མིའོ་ཧྭ་གནས་དབྱུང་བཏང་ནས་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག
མང་སྣོན།