དེ་རིང་གི་དྲ་སྣང་གི་བོད་དུ་མ་ཎི་རྡོ་འབུམ་དང་དྲ་ཐོག་བགྲོ་གླེང་། པདྨ་ཚེ་བརྟན་གྱི་གློག་བརྙན་༼གསའ།༽ རྒྱ་ནག་གིས་བོད་ཕྲུག་བཙན་ཁྲིད་བྱེད་མེད་ཅེས་པར་ལན་འདེབས་སོགས་ཡོད།
རྒྱ་ནག་གི་དཔོན་རིགས་མཐོ་གྲས་ནང་ལ་གློ་བུར་དུ་འཕོ་འགྱུར་བྱུང་བ་དང་། ཡང་ཨ་རིའི་གྲོས་ཚོགས་སུ་ཨ་རིས་རྒྱ་ནག་ལ་སྲིད་ཇུས་གང་འདྲ་འཛིན་བཞིན་པ་ལ་བསྐྱར་ཞིབ་ཀྱི་ཉན་ཞིབ་འཚོགས་པ་བཅས་གཟའ་འཁོར་འདིའི་ནང་ལ་རྒྱ་ནག་གི་ཆབ་སྲིད་ལ་ཐུགས་སྣང་ཅན་ཚོར་དོ་སྣང་གསར་བ་ཞིག་བསླངས་སོང་།
དེ་རིང་ཚེ་རིང་སྐྱིད་ལགས་ཀྱིས་ཨོ་གླིང་གི་གྲོས་ཚོགས་འཐུས་མིར་བཞེངས་ཏེ་འོས་བསྡུའི་དྲིལ་བསྒྲགས་ལ་མཉམ་ཞུགས་གནང་མྱོང་མཁན་གདོང་འདུས་སྐྱིད་འཛོམས་ལགས་གདན་འདྲེན་ཞུས་ནས་ཨོ་གླིང་གི་ཆབ་སྲིད་ཁོར་ཡུག་དང་བོད་དོན་འཐབ་རྩོད་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་གདན་འདྲེན་བྱས་ནས་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་འཕོ་འགྱུར་དང་ཨ་རི་དང་རྒྱ་ནག་དབར་གྱི་འགྲན་བསྡུར་འཐབ་ཇུས་གྲོས་ཚོགས་ལས་དོན་ཚོགས་ཆུང་གིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་བསྐྱར་ཞིབ་བྱས་པ།
དེ་རིང་གི་དྲ་སྣང་གི་བོད་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་སྐོར་བསྐྱོད། འཁྲུངས་སྐར་དང་འབྲེལ་བའི་བརྙན་གསུམ་བཅས་ཡོད།
ཐེངས་འདིའི་ཀུན་གླེང་ལས་རིམ་དུ་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་བོད་རིགས་ཚོགས་པ་ཚོས་དབྱར་གསེང་ངམ་དབྱར་སྒར་བོད་ཀྱི་རིག་གཞུང་ཟབ་སྦྱོང་འཚོགས་ཏེ་བོད་པའི་ན་གཞོན་ཚོར་བོད་ཡིག་དང་བོད་ཀྱི་རིག་གཞུང་ངོ་སྤྲོད་ཞུ་ཐབས་བྱེད་བཞིན་ཡོད་པ་དེའི་ཉམས་མྱོང་དང་དཀའ་ངལ། གྲུབ་འབྲས་བཅས་ཀྱི་ཐད་ནས་བགྲོ་གླེང་ཞུས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་སྐུ་མགྲོན་གསུམ་གདན་འདྲེན་ཞུས་ཏེ་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་བོད་མི་ཚོས་དབྱར་གསེང་སྐབས་སུ་བོད་ཀྱི་རིག་གཞུང་ཟབ་སྦྱོང་འཚོགས་བཞིན་པ་དེའི་ཕན་ནུས་དང་དཀའ་ངལ་བཅས་ཀྱི་ཐད་ནས་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།
དྲ་སྣང་གི་བོད། ༢༠༢༣ ཟླ་ ༧ ཚེས་༡༤ དེ་རིང་གི་དྲ་སྣང་གི་བོད་དུ་བོད་ནང་དྲ་ལམ་དུ་འཁྲུངས་སྐར་སྲུང་བརྩི་དང་། ༧པཎ་ཆེན་སྐུ་ཕྲེང་བཅུ་བའི་སྲས་མོ་དང་དྲ་མང་གི་བསམ་ཚུལ། ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་སློབ་ཟུར་བའི་ལྷན་འཛོམས་སོགས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་ལྷན་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་སྐུ་ཚབ་ཀྱིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བཀའ་བློན་བཅས་ལ་མཇལ་འཕྲད་གནང་བའི་ཐད་་བགྲོ་གླེང་ཞུས་ཡོད།
དེ་རིང་གི་དྲ་སྣང་གི་བོད་དུ་ཁ་བ་སྙིང་ལྕགས་ཀྱི་དྲ་ལམ་ཟིན་ཐོ་ཕྱོགས་སྒྲིག ས་ཁྲའི་ཐོག་ལྷ་སར་འཛོམས་པའི་ལས་འགུལ། བོད་ནང་གི་གནས་སྟངས་བདེན་དཔང་གི་པར། དོན་གྲུབ་དབང་ཆེན་རྡ་སར་འབྱོར་བ་སོགས་ཡོད།
དེ་རིང་ང་ཚོའི་ཀུན་གླེང་ལས་རིམ་ནང་དུ་ཚ་རིང་སྐྱིད་ལགས་ནས་ལྡི་ལི་སློབ་ཆེན་གྱི་ཆབ་སྲིད་རིག་པའི་གཙུག་ལག་རམ་འབྱམས་པ་བསྟན་འཛིན་དབང་ཕྱུག་ལགས་དང་ལྷན་དུ་ཨུ་རུ་སུའི་ནང་འཁྲུག་གི་འཕེལ་རིམ་སྐོར་བགྲོ་གླེང་ཞུས་ཡོད།
དེ་རིང་ང་ཚོའི་ཀུན་གླེང་ལས་རིམ་ནང་དུ་ཚ་རིང་སྐྱིད་ལགས་ནས་ལོ་ཙཱ་བ་དང་ནང་ཆོས་ཀྱི་དགེ་བའི་བཤེས་གཉེན་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་དང་ལྷན་རྒྱ་མིར་བོད་བརྒྱུད་ནང་བསྟན་སྤེལ་བའི་དགེ་མཚན་གྱི་སྐོར་བགྲོ་གླེང་ཞུས་ཡོད།
དེ་རིང་གི་དྲ་སྣང་གི་བོད་དུ་རྒྱ་གཞུང་གིས་སུན་གཙེར་བྱེད་པ་ཡར་ཞུ་བྱེད་ས་དང་། ཨ་རིའི་དབུས་ཞིབ་དཔྱོད་ཁང་གི་བོད་ཡིག་ཡིག་ཆ། བོད་ཇ་པོ་ཊི་ཁ་སི་ངོ་སྤྲོད་སོགས་ཡོད།
བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་བསྟན་འཛིན་ལྷ་སྒྲོན་ལགས་དང་། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་རྣམ་གཉིས་གདན་འདྲེན་ཞུས་ཏེ། རྒྱ་གར་གྱི་སྲིད་བློན་མོ་དྷིའི་ཨ་རིའི་ནང་གི་རྒྱལ་དོན་འཚམས་འདྲིའི་གྲུབ་འབྲས་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་རྩོམ་སྒྲིག་པ་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ལ་ཕེབས་ནས་ཞི་ཅིན་ཕིང་སོགས་འགོ་ཁྲིད་མང་པོར་མཇལ་འཕྲད་དང་གྲོས་མོལ་གནང་བའི་གྲུབ་འབྲས་སོགས་ཀྱི་ཐད་དཔྱད་བརྗོད་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཕྱི་སྲིད་དྲུང་ཆེའི་རྒྱ་ནག་འཚམས་གཟིགས་ཀྱི་གྲུབ་འབྲས་དང་། རྒྱ་གར་སྲིད་བློན་གྱིས་ཨ་རིར་འཚམས་གཟིགས་འགོ་ཚུགས་པ། འཇར་མན་དང་རྒྱ་ནག་གི་འབྲེལ་མོལ། སྲིད་སྐྱོང་སྤེན་པ་ཚེ་རིང་གི་ཨོ་སི་ཏྲོ་ལི་ཡའི་ནང་གི་ཕྱོགས་སྐྱོད། ཡུག་ཀེ་རན་དང་ཨུ་རུ་སུའི་དམག་འཁྲུག་སོགས་ཡོད།
ཕྱི་ཟླ་དྲུག་པའི་ཚེས་༢༠ ཉིན་འཛམ་གླིང་སྐྱབས་བཅོལ་བའི་ཉིན་མོ་ཡིན་པ་ལྟར། དེ་རིང་གི་ལས་རིམ་འདིའི་ནང་རྒྱལ་སྤྱིའི་སྟེང་གི་འཛམ་གླིང་སྐྱབས་བཅོལ་བའི་གནས་སྟངས་དང་། ས་བྱི་ལོའི་ཞི་རྒོལ་ཆེན་མོའི་རྗེས་སུ་བཙན་བྱོལ་དུ་སླེབས་པའི་བོད་པ་སྐྱབས་བཅོལ་བའི་མངོན་འདོད་ངོ་སྤྲོད་བྱས་ཡོད།
དེ་རིང་གི་དྲ་སྣང་གི་བོད་དུ་གཏམ་བརྗོད་ཟློས་གར་༼དཀྱིལ་འཁོར་དང་མེ་ལོང་༽། བོད་ཕྲུག་ཚོ་ཆོས་ལུགས་བྱེད་སྒོར་ཞུགས་མི་ཆོག་པའི་བརྡ་ཁྱབ། གློག་བརྙན་གསར་བ་༼ངའི་ངོ་བོ་༽ཞེས་པ་བཅས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་གདན་འདྲེན་ཞུས་ནས་བཞུགས་སྒར་དུ་ཉིན་གསུམ་རིང་འཚོགས་པའི་མཁས་པ་ལྔ་བཅུ་ལྷག་འདུ་འཛོམས་ཀྱི་རྒྱ་ནག་དང་རྒྱལ་སྤྱིའི་འགྱུར་ལྡོག་ཁྲོད་རེ་བ་གསར་པ་དང་གདོང་ལེན་ཞེས་པའི་ཚོགས་ཆེན་ཐད་བགྲོ་གླེང་ཞུས་ཡོད།
མང་སྣོན།