ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

ཌོ་ནལ་ཊམ་ལ་མེ་མདའ་རྒྱག་མཁན་དེ་མི་གང་འདྲ་ཞིག་རེད་དམ།


ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་མེ་མདའ་རྒྱག་མཁན་ཐོ་མ་སི་མེ་ཐིའུ་ཀུ་རུཀ་སིའི་
ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་མེ་མདའ་རྒྱག་མཁན་ཐོ་མ་སི་མེ་ཐིའུ་ཀུ་རུཀ་སིའི་

༄༅།། ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་མེ་མདའ་རྒྱག་མཁན་ཐོ་མ་སི་མེ་ཐིའུ་ཀུ་རུཀ་སིའི་ཁྱིམ་མཚེས་ཚོས་མི་དེ་ཕོ་གསར་ཁ་ཁུ་སིམ་པོ་ཞིག་ཡོད། ཁོ་པ་སྲིད་འཛིན་ཟུར་པ་ཞིག་གསོད་ཐབས་བྱེད་མཁན་དུ་ཇི་ལྟར་གྱུར་པ་ཡིན་ནམ་ཞེས་ཧང་སང་ནས་བློ་ཡུལ་དུ་མ་ཤོང་། ཕྱི་ཟླ་༧་པའི་ཚེས་༡༥་ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་ཀྱིས་ཐོ་མ་སི་མེ་ཐིའུ་ཀུ་རུཀ་སི་ཡིས་ཕྱེད་རང་འགུལ་ཅན་གྱི་AR-15་རྟགས་ཅན་གྱི་རིང་མདའ་ཞིག་བརྒྱབ་ནས་སྲིད་འཛིན་ཟུར་པ་ཊམ་གསོད་ཐབས་བྱས་འདུག ཁོ་པ་གཅིག་པུས་ཌོ་ནལ་ཊམ་ལྐོག་གསོད་བྱ་ཐབས་བྱས་པ་དང་ལྐོག་ཇུས་དེར་མི་གཞན་པ་འབྲེལ་བ་ཡོད་པའི་རྟགས་མཚན་རྙེད་ཀྱི་མི་འདུག ཀུ་རུཀ་སི་ཡིས་རླངས་འཁོར་ཁ་ལོ་བའི་དཔང་རྟགས་ལག་འཁྱེར་སོགས་བཟུང་མེད་པས་གདོང་དབྱིབས་ངོས་འཛིན་དང་རྒྱུད་རྫས་(DNA)་ལ་བརྟག་དཔྱད་བྱས་ནས་མི་དེ་སུ་ཡིན་ངོ་ཐག་བཅད་པ་རེད་ཅེས་བསྒྲགས།།

ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་
ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་

ཐོ་མ་སི་མེ་ཐིའུ་ཀུ་རུཀ་སི་ནི་ཨ་མི་རི་ཀའི་པེན་སིལ་ཝེ་ཎི་ཡ་མངའ་སྡེའི་བྷེ་ཐེལ་པར་ཀ་ས་གནས་སུ་སྐྱེས་ཏེ་༢༠༢༢་ལོར་མཐོ་འབྲིང་སློབ་གྲྭ་ཐོན། ཁོ་པ་རྩིས་རིག་དང་ཚན་རིག་སློབ་སྦྱོང་ཡག་པོ་ཡོད་པས་ཨ་སྒོར་༥༠༠་གསོལ་རས་ཐོབ། ཁོ་པས་ས་གནས་དེའི་རྒན་གསོ་ཁང་ཞིག་གི་ཐབ་ཚང་དུ་མ་གཡོག་བརྒྱུགས། ཀུ་རུཀ་སིས་སྤྱི་མཐུན་ཚོགས་པའི་ཚོགས་མི་ཡིན་ཞེས་འོས་བསྡུ་ལས་ཁུངས་སུ་ཐོ་བཀོད། ཁོ་པས་༢༠༢༡་ལོར་སྔོ་ལྗང་ལག་བསྟར་གུ་ཡངས་ཚོགས་པར་ཨ་སྒོར་༡༥་ཞལ་འདེབས་ཕུལ། ཁེ་ལེར་ཊོན་སྐྱེས་པའི་རྩེད་རིགས་མཐུན་ཚོགས་(Clairton Sportsmen’s Club)་ཞེས་པེན་སིལ་ཝེ་ཎི་ཡ་དང་ཨོ་ཧ་ཡོ། ནུབ་ཝིར་ཇཱི་ཎི་ཡ་མངའ་སྡེ་གསུམ་གྱི་ནང་དུ་མེ་མདའ་རྒྱག་ས་ཚོགས་པ་ཡོད་པ་དེའི་ཚོགས་ཁོངས་སུ་ཞུགས། ཚོགས་པ་དེར་མི་ཚོགས་༢༠༠༠་ལྷག་ཡོད་པར་གྲགས།།

ཕྱི་ཟླ་༧་པའི་ཚེས་༡༥་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ཀྱི་གསར་འགོད་པས་ཀུ་རུཀ་སིའི་གཞི་རིམ་དང་མཐོ་འབྲིང་སློབ་གྲྭའི་སློབ་གྲོགས་ཇཱེམ་སན་མ་ཡར་སི་ལ་སྐད་ཆ་དྲིས་ནས་གསར་འགྱུར་སྤེལ་བ་ལྟར་ན། ཀུ་རུཀ་སི་མཐོ་འབྲིང་སློབ་གྲྭར་ཡོད་པའི་དུས་དེར་མེ་མདའི་རུ་ཁག་ནང་དུ་ཞུགས་ཀྱང་མེ་མདའ་གཟིར་པོ་གཏན་ནས་ཡོད་པ་མ་རེད། ཁོ་པ་མི་གཞན་གྱི་བདེ་འཇགས་ལ་ཉེན་ཁ་ཞིག་ཏུ་གྱུར་ཏེ་སྔོན་འགྲོའི་འདེམས་སྒྲུག་སྐབས་ནས་བསྡུས་མ་སོང་ཟེར། ཚོགས་མི་གཞན་ཞིག་གིས་ཀུ་རུཀ་སི་མེ་མདའ་རྒྱག་མཁན་ཧ་ཅང་ཐེབས་ཆག་ཅིག་ཡིན་པས་རན་པོ་ཡོད་པ་མ་རེད་ཅེས་བཀྲལ། བྷེ་ཐེལ་པར་ཀ་སློབ་གྲྭས་ཀུ་རུཀ་སི་མེ་མདའ་ཚོགས་པའི་ཁོངས་སུ་ཞུགས་ཐབས་བྱས་པའི་ཟིན་ཐོ་རྙེད་ཀྱི་མི་འདུག ཁོ་པ་སྒེར་གཉེར་མེ་མདའ་རྒྱག་སའི་ཚོགས་པ་ཞིག་གི་ཁོངས་སུ་ཞུགས་འདུག་ཅེས་གསར་འགོད་གསལ་བསྒྲགས་སྤེལ།།

མི་ཚོགས་ཁྲོད་དུ་ཡོད་པའི་ལོ་༥༠་ཐམ་པར་སོན་པའི་མེ་གསོད་རུ་ཁག་གི་ལས་མི་ཟུར་པ་ཀོ་རི་ཀོམ་པེ་ར་ཊོར་ཟེར་བ་ཞིག་ལ་མདེའུ་ཕོག་ནས་ཚེ་སྲོག་ཤོར།
མི་ཚོགས་ཁྲོད་དུ་ཡོད་པའི་ལོ་༥༠་ཐམ་པར་སོན་པའི་མེ་གསོད་རུ་ཁག་གི་ལས་མི་ཟུར་པ་ཀོ་རི་ཀོམ་པེ་ར་ཊོར་ཟེར་བ་ཞིག་ལ་མདེའུ་ཕོག་ནས་ཚེ་སྲོག་ཤོར།

ཐོ་མ་སི་མེ་ཐིའུ་ཀུ་རུཀ་སི་ཡིས་མེ་མདའ་བརྒྱབ་ནས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་རྣ་ཆོག་གཡས་པའི་རྩེ་ལ་མདེའུ་བྲད་པ་ལས་གསོད་མ་ཐུབ་མོད། འོན་ཀྱང་མི་ཚོགས་ཁྲོད་དུ་ཡོད་པའི་ལོ་༥༠་ཐམ་པར་སོན་པའི་མེ་གསོད་རུ་ཁག་གི་ལས་མི་ཟུར་པ་ཀོ་རི་ཀོམ་པེ་ར་ཊོར་(Corey Comperatore)་ཟེར་བ་ཞིག་ལ་མདེའུ་ཕོག་ནས་ཚེ་སྲོག་ཤོར། ལོ་ན་༥༧་ལ་སོན་པའི་ཌེ་ཝི་ཌི་ཌ་ཆི་(David Dutch)་དང་ལོ་ན་༧༤་ལ་སོན་པའི་ཇཱེམ་སི་ཀོ་པེན་ཧེ་ཝར་(James Copenhaver)་གཉིས་ལ་མདེའུ་ཕོག་ནས་རྨས། ཨ་རིའི་གཞུང་འབྲེལ་མི་སྣ་ཚོས་ཀུ་རུཀ་སི་དམག་ལ་འབྲེལ་བ་མེད་པར་དམག་མིའི་མེ་མདའ་རིང་པོ་དེ་ཇི་ལྟར་ཉོས་པ་ཡིན་ནམ་ཞེས་མུ་མཐུད་དུ་རྩད་བཅད། གསར་འགོད་པ་ཚོས་ཀུ་རུཀ་སིའི་ཨ་ཕས་ཟླ་བ་༦་གི་སྔོན་དུ་མེ་མདའ་དེ་ཉོས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ཨ་ཕས་ཀྱང་ང་ཚོའི་བུ་ཅིའི་ཕྱིར་མི་དེ་འདྲ་ཞིག་ཏུ་གྱུར་པ་ཤེས་ཀྱི་མི་འདུག་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག

འོན་ཀྱང་མི་ཚོགས་ཁྲོད་དུ་ཡོད་པའི་ལོ་༥༠་ཐམ་པར་སོན་པའི་མེ་གསོད་རུ་ཁག་གི་ལས་མི་ཟུར་པ་ཀོ་རི་ཀོམ་པེ་ར་ཊོར་ཟེར་བ་ཞིག་ལ་མདེའུ་ཕོག་ནས་ཚེ་སྲོག་ཤོར། ལོ་ན་༥༧་ལ་སོན་པའི་ཌེ་ཝི་ཌི་ཌ་ཆི་དང་ལོ་ན་༧༤་ལ་སོན་པའི་ཇཱེམ་སི་ཀོ་པེན་ཧེ་ཝར་གཉིས་ལ་མདེའུ་ཕོག་ནས་རྨས།
འོན་ཀྱང་མི་ཚོགས་ཁྲོད་དུ་ཡོད་པའི་ལོ་༥༠་ཐམ་པར་སོན་པའི་མེ་གསོད་རུ་ཁག་གི་ལས་མི་ཟུར་པ་ཀོ་རི་ཀོམ་པེ་ར་ཊོར་ཟེར་བ་ཞིག་ལ་མདེའུ་ཕོག་ནས་ཚེ་སྲོག་ཤོར། ལོ་ན་༥༧་ལ་སོན་པའི་ཌེ་ཝི་ཌི་ཌ་ཆི་དང་ལོ་ན་༧༤་ལ་སོན་པའི་ཇཱེམ་སི་ཀོ་པེན་ཧེ་ཝར་གཉིས་ལ་མདེའུ་ཕོག་ནས་རྨས།

ཕྱི་ཟླ་༧་པའི་ཚེས་༡༥་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་ཀྱིས་ཀུ་རུཀ་སིའི་ངོ་དེབ་སོགས་སྤྱི་ཚོགས་འབྲེལ་མཐུད་དྲྭ་རྒྱ་ཁག་ཏུ་ཞིབ་འཇུག་བྱས་ཀྱང་འཇིགས་སྐུལ་གྱི་བརྗོད་བྱ་སྤེལ་བ་དང་སེམས་ཁམས་ཐང་ཐང་མེད་པའི་རྟགས་མཚན་མ་རྙེད། གཟའ་སྤེན་པའི་ཕྱི་དྲོ་དེར་ཀུ་རུཀ་སི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་འོས་བསྡུའི་དྲིལ་བསྒྲགས་གཏམ་བཤད་བྱ་ཡུལ་ནས་རྒྱང་ཁད་འདོམ་ཚད་༡༥༠་ཐམ་པའི་མཚམས་སུ་ཡོད་པའི་ཁང་པ་ཞིག་གི་ཀླད་དུ་འཛེགས། མི་ཁག་ཅིག་གིས་ཉེན་རྟོག་པར་ཁང་ཕ་གིའི་ཀླད་དུ་མི་ཞིག་གིས་མེ་མདའ་བཟུང་སྟེ་གོག་ནས་འགྲོ་ཡི་འདུག་ཅེས་བརྡ་བརྒྱབ། དེ་ནས་ཀུ་རུཀ་སི་ཡིས་མདེའུ་༨་འཕངས་ཀྱང་ཌོ་ནལ་ཊམ་གྱི་རྣ་རྩེ་ལ་མ་གཏོགས་མ་ཕོག ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་ཀྱིས་རྒོལ་རྡུང་དེ་སྲིད་འཛིན་ཟུར་པ་ཞིག་འགྲོང་ཐབས་དང་རྒྱལ་ནང་གི་འཇིགས་སྐུལ་རིང་ལུགས་ཀྱི་ཉེས་དོན་ལ་བརྩིས་ནས་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་བཤད།།

བྷེ་ཐེལ་པར་ཀ་སློབ་གྲྭའི་སློབ་སྟོན་པ་ཟུར་པ་ཇིམ་ནེབ་(Jim Knapp)་ཀྱིས་ཀུ་རུཀ་སི་སློབ་ཕྲུག་ཁ་ཁུ་སིམ་པོ་དང་ཆོས་དད་ཅན། མི་ལ་གུས་ཞབས་ལྡན་པ་དང་རང་ཉིད་གཅིག་པུར་འདུག་མཁན་ཞིག་ཡིན། ཁོ་པར་ལམ་སྟོན་དང་ཁ་ཏ་སོགས་བྱས་པ་ཅི་ཡང་དྲན་གྱི་མི་འདུག གུང་ཚིགས་དུས་སུ་སློབ་གྲྭའི་སྤྱི་ཐབ་ཁང་དུ་ལོགས་སུ་འདུག་གི་རེད། ངས་སློབ་ཕྲུག་ཁག་ཅིག་ལ་ཀུ་རུམ་སིའི་འཁྲིས་སུ་བསྡད་ནས་བཟའ་བཏུང་མཉམ་དུ་རོལ་ཞེས་སྐུལ་ལྕག་བཏང་མྱོང་ཡོད། ཀུ་རུཀ་སི་ལ་སློབ་གྲོགས་ཚོས་མཚང་མིང་བཏགས་པ་དང་ཐུབ་ཚོད་བྱས་པ་སོགས་བྱུང་མྱོང་ཡོད་པ་མ་རེད། སློབ་ཕྲུག་ཁག་ཅིག་གིས་བྷ་ཌན་ནམ། ཡང་ན་ཊམ་གྱི་འདྲ་པར་འཁོད་པའི་སྟོད་གོས་གྱོན་ཡང་ཀུ་རུཀ་སི་ཡིས་ནམ་ཡང་ཆབ་སྲིད་ཀྱི་ལངས་ཕྱོགས་མི་སྟོན། ཁོ་པ་སློབ་གྲྭའི་ཁྲིམས་ལ་འགལ་ནས་ཉེས་ཆད་བཅད་པའང་དྲན་གྱི་མི་འདུག་ཅེས་བཤད། སློབ་གྲོགས་འགའ་ཞིག་གིས་ཀུ་རུཀ་སི་རིག་པ་ཧ་ཅང་རྣོན་པོ་རེད། ཁོ་པས་སྨྱོ་སྤྱོད་འདི་འདྲ་ཞིག་སྤེལ་རྒྱུ་ཡིན་པ་སུས་ཀྱང་སྔོན་དཔག་ཐུབ་མེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ།།

གླེང་སྟེགས།

XS
SM
MD
LG