ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༩/༡༩

སྲིད་ཟུར་པ་ཀྲམ་བཀྲོངས་ཐབས་བྱས་རྗེས་སྲིད་འཛིན་བྷའི་ཌན་གྱིས་ཆིག་བསྒྲིལ་དགོས་པའི་འབོད་སྐུལ་གནང་།


རེས་གཟའ་ཉི་མའི་ཉིན་སྲིད་འཛིན་བྷའི་ཌན་གྱིས་ཕོ་བྲང་དཀར་པོ་ནས་གཏམ་བཤད་གནང་བ་
རེས་གཟའ་ཉི་མའི་ཉིན་སྲིད་འཛིན་བྷའི་ཌན་གྱིས་ཕོ་བྲང་དཀར་པོ་ནས་གཏམ་བཤད་གནང་བ་

རེས་གཟའ་ཉི་མའི་ཉིན་སྲིད་འཛིན་ཇོ་བྷའི་ཌན་གྱིས་སྲིད་འཛིན་ཟུར་པ་ཀྲམ་ལ་མེ་མདའ་བརྒྱབས་ནས་བཀྲོངས་ཐབས་ཀྱི་དོན་རྐྱེན་ལ་སྐྱོན་བརྗོད་ཤུགས་ཆེར་གནང་བ་དང་ཆབས་ཅིག ཨ་རི་བ་ཚོར་ཆིག་སྒྲིལ་བྱེད་དགོས་པའི་འབོད་སྐུལ་གནང་འདུག སྲིད་འཛིན་བྷ་ཌན་གྱིས་སྲིད་འཛིན་ཟུར་པ་ཀྲམ་ལ་མེ་མདའ་བརྒྱབས་པའི་དོན་རྐྱེན་དང་འབྲེལ་བའི་དོན་རྐྱེན་དེར་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་བྱེད་ཕྱོགས་ལ་རང་དབང་ཅན་གྱི་བསྐྱར་ཞིབ་བྱེད་དགོས་པའི་བཀོད་མངགས་གནང་ཡོད་ཅེས་གསུངས་འདུག

རེས་གཟའ་ཉི་མའི་ཉིན་སྲིད་འཛིན་བྷའི་ཌན་གྱིས་ཕོ་བྲང་དཀར་པོ་ནས་གཏམ་བཤད་གནང་བའི་ནང་ངོས་ནས་འབྲེལ་ཡོད་མི་སྣ་ཚོར་དོན་རྐྱེན་དེའི་ཐོག་གང་མགྱོགས་ཞིབ་འཇུག་མཐིལ་ཕྱིན་བྱེད་དགོས་པའི་བཀོད་མངགས་བྱས་ཡོད། དེར་བརྟེན་རྒྱ་ཆེ་མང་ཚོགས་ཀྱིས་མེ་མདའ་རྒྱག་མཁན་དེའི་ཀུན་སློང་དང་དམིགས་ཡུལ། ཡང་ན་མེ་མདའ་རྒྱག་མཁན་དེ་དང་སྒྲིག་འཛུགས་ཆེ་ཁག་དབར་འབྲེལ་ལམ་ཡོད་པའི་ཚོད་དཔག་བྱེད་རྒྱུ་མེད་ཅེས་གསུངས་འདུག

སྲིད་འཛིན་བྷའི་ཌན་གྱིས་གདང་དགོང་ངོས་ནས་སྲིད་འཛིན་ཟུར་པ་ཀྲམ་ལ་ཁ་དཔར་ཐོག་བཀའ་མོལ་ཐུང་ཙམ་ཞུ་རྒྱ་བྱུང་པས་ཁོང་དྲག་བསྐྱེད་འགྲོ་བཞིན་རེད་འདུག་ ངོས་དང་ངོས་ཀྱི་བཟའ་ཟླ་ཇིལ་གཉིས་ཀྱིས་ཁོང་དང་ཁོང་གི་ནང་མི་རྣམས་ལ་ཐུགས་གསོ་ཞུས་ཡོད་པ་མ་ཟད། འདུ་འཛོམས་ནང་མཉམ་བཞུགས་བྱེད་མཁན་ཁོངས་ནས་འཆི་སྐྱོན་བྱུང་བའི་ནང་མིར་ཚོར་ཡངསེམས་གསོ་དང་གདུང་སེམས་མཉམ་བསྐྱེད་གནང་བ་ཡིན་ཞེས་གསུངས་འདུག

སྲིད་འཛིན་བྷའི་ཌན་གྱིས་ཕོ་བྲང་དཀར་པོ་ནས་གཏམ་བཤད་གནང་བའི་ནང་ཨ་རི་ནི་དེ་ལྟ་བུའི་དྲག་སྤྱོད་ཀྱི་བྱ་སྤྱོད་སྤེལ་ས་ཞིག་གཏན་ནས་མིན་པ་དང་། དྲག་སྤྱོད་དེ་རིགས་ནམ་ཡང་སྤེལ་འཇུག་རྒྱུ་མེད། ད་ལྟའི་གནས་སྐབས་འདིར་ཚང་མ་ཆིག་བསྒྲིལ་དགོས་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་རེད་ཅེས་གསུངས་འདུག

སྲིད་འཛིན་བྷའི་ཌན་གྱིས་ད་ལྟའི་ཆར་མེ་མདའ་རྒྱག་མཁན་མི་དེའི་ཀུན་སློང་དང་དམིགས་ཡུལ་གང་ཡིན་ཤེས་རྟོགས་མེད། དེར་བརྟེན་རྒྱ་ཆེ་མང་ཚོགས་ཀྱིས་མེ་མདའ་རྒྱག་མཁན་གྱི་ཀུན་སློང་དང་དམིགས་ཡུལ། ཡང་ན་མི་དེ་དང་སྒྲིག་འཛུགས་ཆེ་ཁག་དབར་འབྲེལ་བ་ཡོད་ལུགས་ཚོད་དཔག་བྱེད་རྒྱུ་མེད་ཅེས་འབོད་བསྐུལ་གནང་འདུག

རེས་གཟའ་ཟླ་བའི་ཉིན་ཝི་སི་ཀོན་སོན་མངའ་སྡེའི་གྲོང་ཁྱེར་མིལ་ཝ་ཀིར་སྤྱི་མཐུན་ཚོགས་ཁོངས་ཀྱི་རྒྱལ་ཡོངས་ལྷན་ཚོགས་འགོ་འཛུགས་བྱེད་ཀྱི་ཡོད་པ།
རེས་གཟའ་ཟླ་བའི་ཉིན་ཝི་སི་ཀོན་སོན་མངའ་སྡེའི་གྲོང་ཁྱེར་མིལ་ཝ་ཀིར་སྤྱི་མཐུན་ཚོགས་ཁོངས་ཀྱི་རྒྱལ་ཡོངས་ལྷན་ཚོགས་འགོ་འཛུགས་བྱེད་ཀྱི་ཡོད་པ།

རེས་གཟའ་ཟླ་བའི་ཉིན་ཝི་སི་ཀོན་སོན་མངའ་སྡེའི་གྲོང་ཁྱེར་མིལ་ཝ་ཀིར་སྤྱི་མཐུན་ཚོགས་ཁོངས་ཀྱི་རྒྱལ་ཡོངས་ལྷན་ཚོགས་འགོ་འཛུགས་བྱེད་ཀྱི་ཡོད་པ་དང་། སྲིད་འཛིན་བྷའི་ཌན་གྱིས་སྐབས་དེར་བདེ་འཇགས་སྲུང་སྐྱོབ་བྱེད་ཕྱོགས་ལ་བསྐྱར་ཞིབ་བྱེད་དགོས་རྒྱུར་ཨ་རིའི་གསང་བའི་སྡེ་ཚན་ལ་བཀོད་མངགས་གནང་ཡོད་ཅེས་གསུངས་འདུག

ཨ་རི་རླུང་འཕྲིན་ཁང་གི་གསར་འགྱུར་ལས་ཁང་ནས་བཏུས།

གསར་འགོད་པ། ཀུན་བཟང་སྒྲོལ་མ།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG