བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་མཆོག་སྤྱི་ཟླ་༡༢ ཚེས་༢༠ ཉིན་རྡོ་རྗེ་གདན་དུ་རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་ཆིབས་སྒྱུར་བསྐྱངས་ཏེ་ཆོས་ཁས་ལེན་མིན་ལ་མ་ལྟོས་པར་སེམས་པ་བཟང་པོ་བྱེད་དགོས་པ་དང་། ལུས་ལས་ལོགས་སུ་ཤེས་པ་ཕྲ་མོ་ཞིག་ཡོད་པ་སོགས་ཀྱི་ཐད་བཀའ་སློབ་ཀྱང་སྩལ།
གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གསར་བཟོའི་ལས་གཞི་ཞིག་འགོ་འཛུགས་གནང་ཡོད་པ་བཞིན། རིག་གཞུང་ལྟེ་གནས་ཁང་གི་འགན་འཛིན་གྱི་ལས་རོགས་ཀརྨ་ཆུང་བདག་ལགས་ཀྱིས་ད་ལྟའི་ཆརལྟེ་གནས་ཁང་གི་ཀ་བ་༨༡༨ཙམ་དང་། རྩིག་རྨང་ལས་གཞི་སོགས་ལེགས་འགྲུབ་ཟིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྤྱི་ཟླ་ ༡༢ ཚེས་༡༥ ཉིན་རྡོ་རྗེ་གདན་དུ་ཞབས་སོར་འཁོད་གནང་མཛད་ཡོད་པ་དང་དེར་བོད་པ་དང་ཧ་མ་ལ་ཡའི་རིཊ་རྒྱུད་གཙོས་པའི་ཕྱི་རྒྱལ་ཁག་གི་དད་ལྡན་པ་སྟོང་ཕྲག་བརྒལ་བས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པའི་སྐོར་བསྟན་འཛིན་དབང་འདུས་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
༧གོང་ས་མཆོག་ཚེས་༡༥ ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་སྒྱུར་གནང་རྟེན་ཁེལ་ཡོད་སྟབས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གིས་གསར་འགོད་པས་ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དགེ་བཤེས་བསྟན་འཛིན་དཀོན་མཆོག་ལགས་སུ་༧གོང་ས་མཆོག་གི་ཆོས་འབྲེལ་མཛད་འཆར་གྱི་གོང་དུ་གྲ་སྒྲིག་སོགས་གང་གནང་གི་ཡོད་པའི་ཐད་ལ་བཅར་འདྲི་ཞུས་པ།
དེ་རིང་འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་དང་བསྟུན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་ཀུན་ཕན་ནད་གསོ་ཁང་གཉིས་ཀྱི་གོ་སྒྲིག་འོག་བཞུགས་སྒར་ཁུལ་གྱི་བོད་མིས་གཙོས་པའི་རྒྱ་གར་ཡུལ་མི་ཚོར་རིན་མེད་ཐོག་གཉན་ནད་རེག་དུག་གི་བརྟག་དཔྱད་དང་སྦྲགས་མེག་ལོར་ཁྲོམ་གཞུང་ནང་གོ་རྟོགས་ཀྱི་ལས་འགུལ་སྤེལ་ནས་སྲུང་བརྩི་ཞུས།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ཐའེ་ལེནྜ་ཆུ་ལ་ལོང་ཀོན་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱི་གོ་སྒྲིག་འོག་བོད་ཀྱི་ཁོར་ཡུག་ཚོགས་འདུ་ཐེངས་བཞི་པ་དེ་བཞིན་རེས་གཟའ་ཟླ་བ་ནས་ཉིན་གཉིས་ཀྱི་རིང་ཐའེ་ལེནྜ་གྱི་རྒྱལ་ས་བྷན་ཀོག་ཏུ་བསྐོང་ཚོགས་པའི་སྐོར་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བར་གསན་རོགས་གནང་།
དཔེ་ཀློག་ལེ་ཚན་ནང་གངས་ལྗོངས་སྐྱེས་མའི་ལོ་རྒྱུས་སྤྱི་བཤད་ཅེས་པ་ས་བཅད་བརྒྱད་ཅན་དེའི་ནང་བོད་ཀྱི་སྐྱེས་མ་གྲགས་ཆེན་གྱི་ལོ་རྒྱུས་རགས་རིམ་དང་། སྐྱེས་མའི་རང་དབང་དང་ཐོབ་ཐང་། ཡོན་ཏན་དང་ལས་དབང་། དེ་བཞིན་མི་གཤིས་དང་སེམས་ཁམས་བཅས་ཀྱི་སྐོར། བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་པ་ཚེ་དབང་ལྷུན་གྲུབ་དང་ལྷན་དུ་གླེང་མོལ་ཞུས།
རྒྱ་གར་བོད་དོན་རྒྱབ་སྐྱོར་བ་སན་རྡེ་ཤ་་མེ་ཤེ་རམ་གྱིས་བོད་དོན་དྲིལ་བསྒྲགས་ཆེད་ནུབ་བྷེང་གལ་མངའ་སྡེའི་གྲོང་ཁྱེར་ ཀལ་ ཀ་ཊ་ནས་རྒྱལ་ས་ལྡི་ལི་བར་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དེ་ཕྱི་ཚེས་༢༣ཉིན་གནས་མཆོག་རྩ་མཆོག་གྲོང་དུ་འབྱོར་ཡོད་པའི་སྐོར་བསྟན་འཛིན་དབང་འདུས་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་འགྲུབ་རྒྱུར་དམིགས་བསལ་གྱིས་ཤུགས་སྣོན་རྒྱབ་དགོས་ཀྱི་ཡོད་པའི་བཀའ་སློབ་གནང་ཡོད་པའི་གནང་ཡོད་པའི་སྐོར་
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་གྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་༡༥་པའི་གོ་སྒྲིག་ཚོགས་ཆུང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཕྱི་ཟླ་༡༡་པའི་ཚེས་༧་ཉིན་མགོན་པོ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ས་གནས་འགོ་འཛིན་ཚོར་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད།
༧གོང་ས་མཆོག་གིས་རྒྱ་གར་དང་བལ་ཡུལ་ནང་ཡོད་བོད་མིའི་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་གྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་༡༥བཅར་མཁན་རྣམས་ལ་རེས་གཟའ་མིག་དམར་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་དང་བཀའ་སློབ་བསྩལ་གནང་འདུག་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབངག་འདུས་ལགས་ཀྱིས་བཏང་བ།
༧གོང་ས་མཆོག་ནས་བལ་ཡུལ་གྱི་སྲིད་བློན་ པུ་ཤུ་པཱལ་ ཀཱ་མལ་ མཆོག་གི་མཚན་ཐོག་ཏུ་ཉེ་ལམ་ཟླ་བ་འདིའི་ཚེས་ ༣ ཉིན་བལ་ཡུལ་གྱི་རྫོང་ཁག་གཉིས་ཀྱི་ནང་ས་ཡོམ་བརྒྱབ་ནས་མི་མང་པོ་ཞིག་འདས་གྲོངས་སུ་ཕྱིན་པ་དང་རྨས་པ། སྡོད་ཁང་ལ་གནོད་སྐྱོན་ཕོག་པ་རྣམས་ལ་མགོན་པོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་གནང་མཛད་ཡོད་པ།
ཕ་རན་སིའི་སྐད་བརྡ་རིག་པ་བ་དགེ་རྒན་ཆེན་མོ་སྐུ་ཞབས་ནི་ཁོ་ལཱ་གདན་ཞུས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ལ་བོད་ཀྱི་སྐད་ཡིག་གི་གནས་བབ་དང་གལ་ཆེའི་རང་བཞིན་ཞེས་པའི་བརྗོད་གཞིའི་ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་གསུང་བཤད་ཅིག་གནང་སོང་བ།
དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༦༣ འཁོར་བའི་དུས་དྲན་གྱི་མཛད་སྒོ་ཞིག་སྤྱི་ཟླ་ ༡༠ ཚེས་ ༢༣ ཉིན་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་སྤོ་ལོ་ཐང་དུ་སློབ་ཕྲུག་སོ་སོས་ཁམས་ཚན་སོ་སོའི་དར་ཆ་སྒྲེང་བཞིན་རུ་སྒྲིག་ཐོག་གོ་ལ་གཅིག ཁྱིམ་ཚང་གཅིག་ཅེས་པའི་བརྗོད་གཞིའི་ཐོག་ནས་སྲུང་བརྩི་ཞུས་གནང་སོང་།
གསར་འགྱུར་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་སྤེལ་བར་གཞིགས་ན་ རྒྱ་ནག་གི་དྲ་ལམ་ཚོང་འབྲེལ་ ཝི་ཏན་ ཞེས་པ་དེས་ཟླ་བ་འདིའི་ཚེས་ ༡༡ ཉིན་དྲ་ལམ་ཚོང་འབྲེལ་དེའི་ནང་ཚོང་རྫས་འགྲེམས་ཚོང་བྱེད་མཁན་གྱི་དོ་བདག་སོ་སོས་དངོས་རྫས་ཀྱི་འགྲེལ་བརྗོད་ནང་ TIBET ཞེས་པའི་ཚབ་ལ་ XIZANG ཞེས་མིང་བསྒྱུར་བྱེད་དགོས་པའི་བཀོད་ཁྱབ་བཏང་ཡོད་འདུག
ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གཉིས་ཟུང་འབྲེལ་ཐོག་འདི་ཚེས་༡༣ ཉིན་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་གྲིབ་གཟུགས་ཀྱི་འཁྲབ་སྟོན་ཞེས་པའི་བརྗོད་གཞིའི་ཐོག་སྤྱི་ལོ་༡༩༥༧ ནས་༡༩༧༤ བར་གྱི་བོད་མིའི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལོ་རྒྱུས་དུས་ཐུང་འགྲེམས་སྟོན་ཞིག་དབུ་འབྱེད་གནང་འདུག།
ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གཉིས་ཟུང་འབྲེལ་ཐོག་འདི་ཚེས་༡༣ ཉིན་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་གྲིབ་གཟུགས་ཀྱི་འཁྲབ་སྟོན་ཞེས་པའི་བརྗོད་གཞིའི་ཐོག་སྤྱི་ལོ་༡༩༥༧ ནས་༡༩༧༤ བར་གྱི་བོད་མིའི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལོ་རྒྱུས་དུས་ཐུང་འགྲེམས་སྟོན་ཞིག་དབུ་འབྱེད་གནང་ཡོད་པའི་སྐོར་འདིར་གསལ།
འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་ཕྱི་ཟླ་ ༡༠ ཚེས་ ༡༢ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་གནས་མཆོག་རྡོ་རྗེ་གདན་བར་ང་ཚོས་བོད་ནམ་ཡང་མ་བརྗེད་ཅེས་པའི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་འགོ་འཛུགས་གནང་སོང་། ས
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་༢༧ ནས་སློབ་ཕྲུག་༦༠༥ ལྷན་འཛོམས་ཐོག་ས་གནས་མི་འདྲ་བ་ཁག་བཞིའི་ནང་ཆ་བགོས་ཀྱི་སློབ་གྲྭ་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་གནང་བཞིན་ཡོད་པ་དང་། འཛིན་རིམ་དྲུག་པ་ནས་དགུ་པ་བར་གྱི་སློབ་ཕྲུག་ཚོས་སྙན་ངག་གྱེར་འདོན་སོགས་བྱེད།
མང་སྣོན།