རང་ལུས་མེར་སྲེག་ཞི་རྒོལ་འགོ་ཚུགས་ནས་ལོ་༡༥ འཁོར་བའི་དུས་དྲན།
ཕྱི་ལོ་ ༢༠༠༨ ལོར་བོད་རྒྱལ་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་༢༠༠༩ ལོར་རང་ལུས་མེར་སྲེག་གི་ཞི་རྒོལ་བྱེད་འགོ་ཚུགས་ནས་ལོ་ངོ་བཅོ་ལྔ་འཁོར་བའི་དུས་དྲན་སྲུང་བརྩི་དང་བསྟུན། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་ཛ་དྲག་གི་དྲི་བ་ཞེས་པའི་བརྗོད་གཞིའི་ཐོག་སྐོར་བསྐྱོད་འགྲེམས་སྟོན་ཞིག་དབུ་འབྱེད་གནང་།