ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

༸གོང་ས་མཆོག་གི་འཁྲུངས་སྐར་གཞུང་འབྲེལ་གྱི་སྲུང་བརྩི།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་གཞུང་འབྲེལ་གྱིས་སྲུང་བརྩི་ཞུ་གནང་བཞིན་པའི་ཡུལ་དངོས།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་གཞུང་འབྲེལ་གྱིས་སྲུང་བརྩི་ཞུ་གནང་བཞིན་པའི་ཡུལ་དངོས།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུག་ལྟར་གུང་གྲངས་༨༩ ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོ་དེ་བཞིན་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པེ་རེམ་སིན་རྟ་དམར་མཆོག་དབུ་བཞུགས་ཐོག་དེ་རིང་སྤྱི་ཟླ་ ༧ ཚེས་ ༧ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྲུང་བརྩི་ཞུས་གནང་སོང་།

དེ་རིང་ཉིན་མོར་དང་བསྟུན་མགོན་པོ་མཆོག་ནས་སྐུའི་འཁྲུངས་སྐར་གྱི་ཡོངས་ཁྱབ་གསུང་འཕྲིན་སྩལ་གནང་མཛད་པའི་ནང་མགོན་པོ་མཆོག་ནས་ད་ལྟའི་ཆར་ཞབས་པུས་སྨན་བཅོས་རྐྱེན་པས་ཕྲན་བུ་མི་བདེ་བ་ཡོད་པ་མ་གཏོགས་རྩ་བའི་ཆར་སྐུ་གཟུགས་གསལ་ཐང་ཡིན་པས་གཞིས་ལུས་རྒྱ་ཆེ་མི་མང་གཙོ་བོར་འགྱུར་བའི་ཚང་མས་བློ་བདེ་པོ་བྱས་ནས་བཞུགས་དགོས་པའི་ལམ་སྟོན་བཀའ་སློབ་བསྩལ་གནང་མཛད་འདུག།

དེ་བཞིན་༸རྒྱལ་བ་རིན་པོ་ཆེའི་སྐུའི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་ད་ལྟའི་ཆར་སྐུ་ངལ་གསོ་བཞིན་ཡོད་པས་མི་མང་ཚང་མས་བློ་བདེ་པོའི་ངང་བཞུགས་དགོས་པ་དང་། ཡང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཀྱང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་བར་འགྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུང་གནང་སོང་།

བོད་ཀྱི་ཟློས་གར་ཚོགས་པ་གཙོས་པས་གཞུགས་སྒར་ཁུལ་གྱི་སློབ་གྲྭ་ཁག་གི་སློབ་ཕྲུག་དང་། དེ་བཞིན་ཚོགས་སྒེར་ཁག་ཅིག་གིས་གཞས་སྣ་འཁྲབ་སྟོན་གནང་བཞིན་པ།
བོད་ཀྱི་ཟློས་གར་ཚོགས་པ་གཙོས་པས་གཞུགས་སྒར་ཁུལ་གྱི་སློབ་གྲྭ་ཁག་གི་སློབ་ཕྲུག་དང་། དེ་བཞིན་ཚོགས་སྒེར་ཁག་ཅིག་གིས་གཞས་སྣ་འཁྲབ་སྟོན་གནང་བཞིན་པ།

ཡང་དེ་དང་ཕྱོགས་མཚུངས་མཛད་སྒོའི་ཐོག་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གཙོས་པས་རྒྱ་གར་གྱི་དཔོན་རིགས་ཁག་ཅིག་དང་། ཁེ་ན་ཌ་ ཨོན་ཊེ་རིཡོ་མངའ་སྡེའི་ས་གནས་གྲོས་ཚོགས་ཀྱི་ཚོགས་གཞོན། དེ་བཞིན་སུད་སི་ Oetwill am See ཨོ་ཀྲོལ་ཨན་སི་གྲོང་སྡེའི་སྤྱི་ཁྱབ་བཅས་ཀྱིས་ཀྱང་མགོན་པོ་གང་ཉིད་ཀྱི་སྐུ་གཞུགས་མདང་སྐྱེས་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད་ཅེས་གསུང་གནང་ལ་སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་འཛམ་གླིང་གི་ས་ཕྱོགས་གང་སར་སྲུང་བརྩི་ཞུ་ཡི་ཡོད་པ་ལྟར་ངོས་རང་བཞུགས་སྒར་རྡ་རམ་ས་ལར་འཁྲུངས་སྐར་མཛད་སྒོའི་ཐོག་བཅར་བྱུང་བར་སྐལ་པ་བཟང་པོ་བྱུང་བ་མ་ཟད། ང་རང་བཅར་ཐུབ་པ་འདིར་འབྲས་ལྗོངས་མི་མང་ཚོས་ཀྱང་དགའ་སྤོབས་ཆེན་པོ་བྱེད་བཞིན་ཡོད་པ་རེད། ང་ཚོ་ཚང་མས་༸གོང་ས་མཆོག་གི་འཁྲུངས་སྐར་ཉིན་མགོན་པོ་གང་ཉིད་མཆོག་གི་སྩལ་བའི་བཀའ་སློབ་ལམ་སྟོན་ཁག་འགྲུབ་རྒྱུའི་དམ་བཅའ་བཞག་ནས་ཁོང་འགྲོ་བ་ཡོངས་ཀྱི་ཁེ་ཕན་ཆེད་དུ་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཞུ་ཡ་ཡིན་ཞེས་གསུང་གནང་སོང་།

གཞི་རྩའི་འདི་ལོའི་མགོན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩིའི་སྐབས་ཆེད་ཕེབས་སྐུ་མགྲོན་རྣམས་གཙོས་པས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བཞུགས་སྒར་ཁུལ་གྱི་བོད་མང་དག་ཅིག་ཕེབས་ཡོད་པར་མ་ཟད། བོད་ཀྱི་ཟློས་གར་ཚོགས་པ་གཙོས་པས་གཞུགས་སྒར་ཁུལ་གྱི་སློབ་གྲྭ་ཁག་གི་སློབ་ཕྲུག་དང་། དེ་བཞིན་ཚོགས་སྒེར་ཁག་ཅིག་གིས་གཞས་སྣ་འཁྲབ་སྟོན་གྱིས་ཉིན་མོ་དེ་ཟབ་རྒྱས་ངང་གསུང་བརྩི་ཞུས་གནང་སོང་། །

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གླེང་སྟེགས།

XS
SM
MD
LG