ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༢/༢༤

ས་གནས་འགོ་འཛིན་རྣམ་པར་ས་ཆུ་བདག་གཅེས་གནང་ཕྱོགས་ཀྱི་སྦྱོང་བརྡར།


བཙན་བྱོལ་བོད་མིའི་སོ་ནམ་གཞིས་ཆགས་ཁག་༡༢ ཀྱི་ས་གནས་འགོ་འཛིན་རྣམ་པར་ས་ཆུ་བདག་གཅེས་བྱ་ཕྱོགས་ཀྱི་ཟབ་སྦྱོང་ཞིག
བཙན་བྱོལ་བོད་མིའི་སོ་ནམ་གཞིས་ཆགས་ཁག་༡༢ ཀྱི་ས་གནས་འགོ་འཛིན་རྣམ་པར་ས་ཆུ་བདག་གཅེས་བྱ་ཕྱོགས་ཀྱི་ཟབ་སྦྱོང་ཞིག

ཕྱི་ཟླ་དྲུག་པའི་ཚེས་༢༤ ནས་༢༦ བར་དུས་ཡུན་ཉིན་གྲངས་གསུམ་རིང་བཙན་བྱོལ་བོད་མིའི་སོ་ནམ་གཞིས་ཆགས་ཁག་༡༢ ཀྱི་ས་གནས་འགོ་འཛིན་རྣམ་པར་ས་ཆུ་བདག་གཅེས་བྱ་ཕྱོགས་ཀྱི་ཟབ་སྦྱོང་ཞིག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནང་ཡོད་པའི་ནང་བོད་མིའི་སྒྲིག་འཛུགས་ནང་སྲིད་ཁྱབ་ཁོངས་ཀྱི་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་ནང་གནང་ཡོད་པ་རེད། ཟབ་སྦྱོང་དེའི་གོ་སྒྲིག་གནང་མཁན་ནི་བོད་མིའི་སྒྲིག་འཛུགས་ནང་སྲིད་དབུས་ངལ་སེལ་ཚོགས་པའི་སྦེལ་ཀོབ་སོ་མཉམ་སྡེ་ཚན་ནས་གོ་སྒྲིག་གནང་འདུག ཉིན་གྲངས་གཉིས་རིང་ཟབ་ཁྲིད་ཀྱི་སློབ་ཚན་ཚོགས་པ་དང་ཉིན་གྲངས་གསུམ་པ་དེ་རྒྱ་གར་གྱི་གྲོང་གསེབ་ཁག་ནང་ཞིང་པ་ཚོ་དང་དངོས་སུ་ཐུག་ནས་ལས་ཡུལ་དངོས་ལ་ས་ཆུ་བདག་གཅེས་གནང་སྟངས་སྐོར་ལ་རྒྱུས་ལོན་གནང་ཡོད་པ་རེད།

ཐེངས་འདིའི་ཟབ་ཁྲིད་ལ་ཞུགས་མཁན་གྲས་ནས་སྦན་ད་ར་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་བློ་གྲོས་བཟང་པོ་ལགས་ནས་ཟབ་ཁྲིད་དེར་ཞུགས་དེ་ཕན་ཐོགས་ཆེན་པོ་བྱུང་བའི་མྱོང་ཚོར་གསུང་གི་འདུག

ཟབ་ཁྲིད་སྒྲིག་ཚོགས་ཆུང་གི་ཚོགས་མི་ནང་སྲིད་སྐྱེ་ལྡན་སོ་ནམ་ཉམས་ཞིབ་སྦྱོང་བརྡར་ཁང་གི་ལས་བྱེད་ཚེ་རིང་ནོར་བུ་ལགས་ནས་རྒྱ་གར་གྲོང་གསེེབ་ཁག་ལ་དངོས་སུ་སྐྱོད་ནས་ས་ཆུ་བདག་གཅེས་གནང་སྟངས་སྐོར་མཐོང་བ་དེས་ཕན་ཐོགས་ཆེན་པོ་བྱུང་བ་གསུངས་སོང་།

བཙན་བྱོལ་བོད་མིའི་སོ་ནམ་གཞིས་ཆགས་ཁག་༡༢ ཀྱི་ས་གནས་འགོ་འཛིན་རྣམ་པར་ས་ཆུ་བདག་གཅེས་བྱ་ཕྱོགས་ཀྱི་ཟབ་སྦྱོང་ཞིག
བཙན་བྱོལ་བོད་མིའི་སོ་ནམ་གཞིས་ཆགས་ཁག་༡༢ ཀྱི་ས་གནས་འགོ་འཛིན་རྣམ་པར་ས་ཆུ་བདག་གཅེས་བྱ་ཕྱོགས་ཀྱི་ཟབ་སྦྱོང་ཞིག

ཟབ་སྦྱོང་གོ་སྒྲིག་གནང་མཁན་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་སོ་མཉམ་སྡེ་ཚན་གྱི་འགན་འཛིན་ཚེ་རིང་རྡོ་རྗེ་ལགས་ནས་དེེང་སྐབས་ས་གང་སར་ས་དང་ཆུའི་དཀའ་ངལ་ཕྲད་བཞིན་པར་རྟེན་མ་འོངས་དཀའ་ངལ་ཆེན་པོ་མ་ཕྲད་པའི་ཆེད་ད་ལྟ་ནས་དེ་ཚོ་བདག་གཅེས་བྱ་རྒྱུ་གལ་ཆེན་པོ་ཡིན་པར་རྟེན་ནས་ད་རེས་ཟབ་ཁྲིད་དེ་གོ་སྒྲིག་གནང་བ་ཞིག་ཡིན་པ་ངོ་སྤྲོད་གནང་སོང་།

ཐེངས་འདིའི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ནི་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔ་དང་བྱང་ཤར་གཞིས་ཆགས་གསུམ་དབུས་གཞིས་ཆགས་གསུམ་ལ་དགས་ནས་ལས་དྲུང་གཅིག་བཅས་ཁྱོན་སོ་ནམ་གཞིས་ཆགས་ཁག་བཅུ་གཉིས་ཀྱི་ས་གནས་འགོ་འཛིན་རྣམས་མཉམ་ཞུགས་གནང་ཡོད་པ་རེད། ས་གནས་འགོ་འཛིན་རྣམ་པར་ཟབ་སྦྱོང་དེ་འདྲ་གནང་བ་ད་རེས་ཐོག་མ་དེ་ཆགས་ཡོད་པ་རེད་འདུག

གླེང་སྟེགས།

XS
SM
MD
LG