ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༧/༠༧

༧གོང་ས་མཆོག་ནས་བོད་རིག་གཞོན་སྐྱེས་རྣམས་ལ་བཀའ་ཆོས་སྩལ་གནང་མཛད་པ།


༧གོང་ས་མཆོག་ནས་བོད་རིག་གཞོན་སྐྱེས་རྣམས་ལ་བཀའ་ཆོས་སྩལ་གནང་མཛད་པ།
༧གོང་ས་མཆོག་ནས་བོད་རིག་གཞོན་སྐྱེས་རྣམས་ལ་བཀའ་ཆོས་སྩལ་གནང་མཛད་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིག་གཞོན་སྐྱེས་རྣམས་ལ་སྤྱི་ཟླ་ ༦ ཚེས་ ༣ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུ་མའི་ལྡེ་མིག་གི་བཀའ་ཆོས་བཀའ་དྲིན་བསྐྱངས་གནང་མཛད་སོང་།

སྐབས་དེར་མགོན་པོ་མཆོག་ནས་སློབ་ཕྲུག་ཚོས་རྗེ་བཙུན་འཇམ་དཔལ་དབྱངས་ལ་གསོལ་བ་བཏབས་ནས་སློབ་སྦྱོང་བྱེད་ན་རང་ཉིད་ཀྱི་བློ་གྲོས་ཆེ་བ་དང་། གསལ་བ། མྱུར་བ་ཟབ་པ་སོགས་ཡོང་རྒྱུ་ཡིན་པ་མ་ཟད། ང་ཚོ་བོད་པས་ནང་ཆོས་སློབ་སྦྱོང་བྱ་རྒྱུ་དེ་བླ་མས་བཀའ་ཆོས་གནང་སྟེ་སྐྱབས་སུ་མཆིས་ཟེར་བསྡད་པ་མིན་པར་གཞུང་གལ་ཆེ་བ་དེ་དག་དང་བློ་རྟགས་ཀྱི་སྡོམ་བློ་ལ་ཟིན་ནས་སྐྱོར་གྱི་ཡོད་པ་རེད། སྔོན་གྱི་དགེ་རྒན་ཚོའི་ཕྱག་ལས་ཡག་པོ་ཞེ་དྲགས་རེད་འདུག་ཅེས་བཀའ་སློབ་སོགས་སྩལ་གནང་མཛད་སོང་།

དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོས་སྐྱེས་རྣམས་ལ་དམིགས་ཏེ། ལོ་ལྟར་ནང་ཆོས་ངོ་སྤྲོད་གནང་གི་ཡོད་པ་དང་། འདི་ལོ་ཉིན་གྲངས་གཉིས་ཀྱི་ཆོས་འབྲེལ་སྐབས་གཙོ་བོ་སློབ་ཕྲུག་གཙོས་པས་གྲྭ་བཙུན་དང་བོད་རིགས་ཧི་མ་ལ་ཡའི་རིགས་རྒྱུད། དེ་བཞིན་ཕྱི་རྒྱལ་བཅས་ནས་ཆོས་བཞུགས་བ་དེ་སྔ་ལས་མང་བ་ཕེབས་ཡོད་པ་རེད་འདུག

༧གོང་ས་མཆོག་ནས་བོད་རིག་གཞོན་སྐྱེས་རྣམས་ལ་བཀའ་ཆོས་སྩལ་གནང་མཛད་པ།
༧གོང་ས་མཆོག་ནས་བོད་རིག་གཞོན་སྐྱེས་རྣམས་ལ་བཀའ་ཆོས་སྩལ་གནང་མཛད་པ།

གཞི་རྩའི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་པ་དང་། སྨན་རྩིས་ཁང་། སྐུ་སྲུང་ཟུར་པ་བཅས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ཟླ་ ༦ ཚེས་ ༡༡ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་དང་། རིང་མིན་ཕྱི་ཟླ་ ༦ པའི་ནང་༧་གོང་ས་མཆོག་ཨ་རིར་ཀར་༧སྐུའི་ཞབས་པུས་སྨན་བཅོས་བརྟག་དཔྱད་ཆེད་ཆིབས་བསྒྱུར་མཛད་གནང་རྒྱུ་ཡིན་པར་བརྟེན། ཕྱི་ཟླ་ ༦ ཚེས་ ༢༠ ནས་བཟུང་ཕྱིར་བཞུགས་སྒར་དུ་༸ཞབས་སོར་མ་འཁོད་བར་མཇལ་ཁ་སོགས་སྩལ་རྒྱུ་མིན་པ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གསལ་བསྒྲགས་སྤེལ་གནང་འདུག

གླེང་སྟེགས།

XS
SM
MD
LG