ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

རྒྱ་ནག་གཞུང་གིས་བོད་ཅེས་པའི་དབྱིན་ཇིའི་སྐད་དོད་བཙན་བསྒྱུར།


ཉེ་ལམ་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་སྤེལ་བར་གཞིགས་ན་ རྒྱ་ནག་གི་དྲ་ལམ་ཚོང་འབྲེལ་ ཝི་ཏན་ ཞེས་པ་དེས་ཟླ་བ་འདིའི་ཚེས་ ༡༡ ཉིན་དྲ་ལམ་ཚོང་འབྲེལ་དེའི་ནང་ཚོང་རྫས་འགྲེམས་ཚོང་བྱེད་མཁན་གྱི་དོ་བདག་སོ་སོས་དངོས་རྫས་ཀྱི་འགྲེལ་བརྗོད་ནང་ TIBET ཞེས་པའི་ཚབ་ལ་ XIZANG ཞེས་མིང་བསྒྱུར་བྱེད་དགོས་པའི་བཀོད་ཁྱབ་བཏང་ཡོད་འདུག་ལ། གལ་ཏེ་ཚོང་པ་སོ་སོས་བཀོད་ཁྱབ་ཇི་བཞིན་དུ་ལག་ལེན་མ་བསྟར་བ་ཡིན་ཚེ་ཚོང་རྫས་རྣམས་དྲ་ལམ་ཚོང་འབྲེལ་དེ་ནས་ཕྱིར་འདོན་བྱེད་རྒྱུའི་ཉེན་བརྡ་བཏངཡོད་འདུག
རྒྱ་ནག་གཞུང་གིས་བོད་ཅེས་པའི་དབྱིན་ཇིའི་སྐད་དོད་ Tibet ཞེས་པ་དེ་བཞིན་ Xizang དུ་བཙན་བསྒྱུར་གྱིས་ལག་བསྟར་བྱེད་བཞིན་པ་དེ་ཡང་གཙོ་བོ་བོད་དོན་ལ་ཁྱོག་བཤད་དང་བོད་ཀྱི་བདག་དབང་རྩོད་ཆེད་དུ་ཡིན་པ་བོད་ཀྱི་སྲིད་འཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཕན་ཐོགས་ལགས་ཀྱིས་འདི་ག་རླུང་འཕྲིན་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་རྒྱ་ནག་གཞུང་གིས་བོད་ཅེས་པའི་དབྱིན་སྐད་ཀྱི་སྐད་དོད་ལ་ XIZANG ཞེས་མིང་བསྒྱུར་བྱས་ནས་ཚོང་འབྲེལ་གྱི་བརྒྱུད་ལམ་ཐོག་ལ་ཁྱད་པར་གང་ཞིག་བཟོ་ཡི་ཡོད་པའི་སྐོར་ལ་འདི་ག་གསར་འགོད་པས་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འཕྲུལ་ལས་རིག་པའི་འགན་འཛིན་ བློ་བཟང་རྒྱ་མཚོ་སྲི་ཐར་ལགས་ལ་བཅར་འདྲི་ཞུས་པར། ཁོང་གིས་རྒྱ་ནག་གཞུང་གིས་ཚོང་འབྲེལ་གྱི་བརྒྱུད་ལམ་ལ་བརྟེན་ནས་བོད་ཀྱི་དངོས་ཡོད་གནས་སྟངས་ལ་ཁྱོག་བརྗོད་བྱེད་ཐབས་བྱེད་ཀྱི་ཡོད་པས། གནས་སྟངས་དེ་དང་འབྲེལ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནང་དང་། མཉམ་སྦྲེལ་རྒྱལ་ཚོགས་སོགས་ཀྱི་གལ་ཆེའི་ཡིག་ཆ་ཁག་གི་ནང་བོད་ཀྱི་དེ་སྔའི་མིང་དེ་སྔར་སོར་འཇོག་དགོས་པའི་འབོད་སྐུལ་བྱེད་དགོས་པའི་གལ་གནད་སྐོར་སོགས་གསུངས་གནང་སོང་།

དེ་ཡང་བོད་ཀྱི་ཀོང་པོ་ཉིང་ཁྲིའི་ཁུལ་དུ་འཚོགས་པའི་ཧི་མ་ལ་ཡའི་རི་བརྒྱུད་དང་འབྲེལ་བའི་རྒྱལ་སྤྱིའི་གླེང་སྟེགས་ཟེར་བའི་ཚོགས་འདུའི་ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ ཝང་དབྱི་ཡིས་བར་ལམ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དང་གཞུང་ཡིག་ཁག་ནང་བོད་ཅེས་པའི་དབྱིན་ཡིག་གི་སྐད་དོད་ནང་ Xizang ཞེས་འབྲི་འགོ་བརྩམས་ཟིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་གྲགས་སུ་བེད་སྤྱོད་གཏོང་བཞིན་པའི་ཐ་སྙད་དེ་ནི་ Tibet ཞེས་པ་དེ་ཡིན་པ་རེད། འོན་ཀྱང་རྒྱ་གཞུང་གིས་ Tibet ཞེས་པའི་ཐ་སྙད་དེས་བོད་ཀྱི་ས་ཁམས་ཁྱབ་ཁོངས་སོགས་ལ་ངོས་འཛིན་བྱེད་རྒྱུར་གོ་ནོར་ཐེབས་ཀྱི་ཡོད་ལུགས་བརྗོད་ནས་ ཝི་ཏན་ གྱིས་རང་གི་ཚོང་པ་ས་ཡ་ ༩༠ ལ་བཀོད་ཁྱབ་བཏང་ཡོད་པ་རེད་འདུག གཞན་ཡང་ ཝི་ཏན་ གྱི་ད་ཆ་ Tibet ནས་ Xizang ལ་མིང་བསྒྱུར་བྱེད་རྒྱུའི་དུས་བཀག་དམིགས་བསལ་བཟོས་མེད་པ་རེད་འདུག

XS
SM
MD
LG