ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

རྒྱ་ནག་ནང་རྡོ་སྣུམ་འོར་འདྲེན་བྱེད་སའི་སྣུམ་འཁོར་ནང་བཟའ་སྣུམ་འོར་འདྲེན་བྱས་པའི་དཀའ་རྙོག་གསར་བ།


རྒྱ་ནག་གི་རྡོ་སྣུམ་འོར་འདྲེན་བྱེད་སའི་དོ་སྐྱེལ་སྣུམ་འཁོར་ནང་བཟའ་སྣུམ་འོར་འདྲེན་བྱས་ཡོད་པའི་གནད་དོན་ལ་རྒྱ་ནག་གཞུང་གིས་ཞིབ་མཇུག་བྱེད་བཞིན་པ་ཡིན་ཞེས་འགྲེལ་བརྗོད་བྱས་འདུག
རྒྱ་ནག་གི་རྡོ་སྣུམ་འོར་འདྲེན་བྱེད་སའི་དོ་སྐྱེལ་སྣུམ་འཁོར་ནང་བཟའ་སྣུམ་འོར་འདྲེན་བྱས་ཡོད་པའི་གནད་དོན་ལ་རྒྱ་ནག་གཞུང་གིས་ཞིབ་མཇུག་བྱེད་བཞིན་པ་ཡིན་ཞེས་འགྲེལ་བརྗོད་བྱས་འདུག

རྒྱ་ནག་གི་རྡོ་སྣུམ་འོར་འདྲེན་བྱེད་སའི་དོ་སྐྱེལ་སྣུམ་འཁོར་ནང་བཟའ་སྣུམ་འོར་འདྲེན་བྱས་ཡོད་པའི་གནད་དོན་ལ་རྒྱ་ནག་གཞུང་གིས་ཞིབ་མཇུག་བྱེད་བཞིན་པ་ཡིན་ཞེས་འགྲེལ་བརྗོད་བྱས་འདུག

དེ་ཡང་རྒྱ་ནག་གི་རྡོ་སྣུམ་འོར་འདྲེན་བྱེད་སའི་དོ་སྐྱེལ་སྣུམ་འཁོར་ཁག་གཙང་མ་མ་བཟོས་པར་བཟའ་སྣུམ་འོར་འདྲེན་བྱེད་བཞིན་ཡོད་པའི་དཀའ་རྙོག་གསར་བ་དེ་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ནང་ཁྱབ་འཕེལ་ཆེན་པོ་འགྲོ་བཞིན་པ་དང། རྒྱ་ནག་ནང་སྤྱི་ཚོགས་དྲ་རྒྱ་བོད་སྦྱོད་བྱེད་མཁན་ཧ་ཅང་མང་པོས་གནས་ཚུལ་དེར་བློ་འཚབ་ཆེན་པོ་ཡོད་པ་གསལ་སྟོན་བྱས་འདུག

རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་པེ་ཅིན་ནིའུ་ས་ཞེས་པས་གནས་ཚུལ་སྤེལ་གསལ་ལ་གཞིགས་ན། རྡོ་སྣུམ་འོར་འདྲེན་བྱེད་མཁན་སྣུམ་འཁོར་ཁག་གཙང་བཟོ་མ་བྱས་པར་བཟའ་བཅའི་རིགས། དཔེར་ན། བཟའ་སྣུམ་ལ་སོགས་པ་འོར་འདྲེན་བྱས་ཡོད་པ་ཤེས་རྟོགས་བྱུང་འདུག་ཅེས་བཤད་འདུག་པ་དང་།

དོ་སྐྱེལ་སྣུམ་འཁོར་གཏོང་མཁན་གྱི་ཁ་ལོ་བ་ཞིག་གིས་བཤད་པ་གསར་ལམ་ཁང་དེས་ལུང་འདྲེན་བྱས་དོན་ལ། གཙང་བཟོ་མ་བྱས་པའི་སྣུམ་འཁོར་ནང་བཟའ་སྣུམ་སྐྱེལ་འདྲེན་བྱེད་བཞིན་པ་དེ་ཡོངས་གྲགས་ཆགས་པའི་གསང་བ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་རེད།

གནས་ཚུལ་དེ་ནི་རྒྱ་ནག་གཞུང་གིས་བཟའ་བཅའ་སྲུང་སྐྱོབ་སྤུས་ཚད་ལྡན་པ་བྱེད་རྒྱུའི་ནུས་པ་གང་ཡིན་གསལ་འདོན་བྱས་ཏེ་་མི་མང་གིས་གཞུང་ལ་ཡིད་ཆེས་བརླག་འགྲོ་བའི་དཔེ་མཚོན་གསར་ཤོས་གཅིག་ཡིན་པ་རེད། ལབ་གླེང་ཆེ་བའི་གནས་ཚུལ་དེ་ཉེ་བའི་ཆར་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་གི་ནང་ཁྱབ་སྤེལ་ཆེ་ཤོས་ཀྱི་གནས་ཚུལ་གཅིག་ཆགས་ཡོད། དཔེར་ན། ཝིན་པའོ་ནི་རྒྱ་ནག་ནང་ཀྲུ་ཀྲར་དང་མཚུངས་པའི་རྒྱ་ནག་མི་མང་སྟོང་ཚོ་མང་པོ་ལྟ་ཀློག་བྱེད་སའི་སྤྱི་ཚོགས་དྲ་ལམ་གཅིག་ཡིན་པ་དང་། ལབ་རྙོག་དེའི་སྐོར་ས་ཡ་མང་པོས་བརྒྱུད་སྤེལ་བྱས་འདུག

བཟའ་བཅའ་གཙང་མ་དགོས་པ་དེ་གནད་དོན་གལ་འགངས་ཆེ་ཤོས་རེད་ཅེས་དྲ་ལམ་བོད་སྦྱོད་བྱེད་མཁན་ཞིག་གིས་འབྲི་བཀོད་བྱས་པར་མི་མང་བརྒྱད་སྟོང་ཙམ་གྱིས་དགའ་རྟགས་བརྒྱབས་ཡོད་པ་རེད། ཡང་དྲ་ལམ་བོད་སྦྱོད་བྱེད་མཁན་གཞན་ཞིག་གིས་འབྲི་འགོད་བྱས་དོན་ལ། ངོས་རང་མི་མང་དཀྱུས་པ་ཞིག་ཡིན་པའི་ཆ་ནས་འཛམ་གླིང་འདིའི་ནང་འཚོ་ཐུབ་པ་དེ་ཧ་ཅང་ཡག་པོ་རེད་བསམ་གྱི་ཡོད་ཅེས་བྲིས་ཡོད་པ་རེད། ཡང་མང་པོ་ཞིག་གིས་དོན་རྐྱེན་དེ་ཕྱི་ལོ་༢༠༠༨ ལོའི་སན་ལུ་རྟགས་ཅན་གྱི་འོ་མའི་དཀའ་རྙོག་དང་མཚུངས་སྡུར་བྱེད་ཀྱི་ཡོད་པ་དང། དཀའ་རྙོག་འདིའི་ནང་རྒྱ་ནག་ནང་གི་ཕྲུ་གུ་འབུམ་གསུམ་ཙམ་ནད་པ་ཆགས་ཡོད་པ་མ་ཟད། བྱིས་པ་དྲུག་ལ་སྲོག་སྐྱོན་བྱུང་ཡོད་པ་རེད། རྒྱ་ནག་གི་ཚོང་གཉེར་ཁང་ཞིག་གིས་མེ་ལ་མ་འིན་ཞེས་པའི་རྫས་དུག་་དེ་ཡོད་པའི་འོ་མ་ཁྲོམ་རར་ཚོང་ཐབས་བྱས་རྗེས་བྱིས་པ་དེ་ཚོར་་གནོད་སྐྱོན་བྱུང་ཡོད་པ་རེད།

རྒྱ་ནག་ནང་དངོས་ཟོག་འོར་འདྲེན་བྱེད་མཁན་གྱི་དོ་སྐྱེལ་སྣུམ་འཁོར་ཚོས་དངོས་ཟོག་རིགས་གཅིག་རང་འཁྱེར་དགོས་ཀྱི་མེད་པ་དང། རྡོ་སྲོལ་འོར་འདྲེན་བྱེད་མཁན་དོ་སྐྱེལ་སྣུམ་འཁོར་གཅིག་གིས་རྡོ་སོལ་འོར་འདྲེན་བྱས་ཚར་རྗེས་བཟའ་བཅའི་རིགས་འོར་འདྲེན་ཆོག་གི་ཡོད།

རྒྱ་ནག་གི་གཞུང་གཉེར་བཟོ་ལས་ཁང་གཙོས་པའི་ཚོང་གཉེར་ཁང་འགའ་ཤས་ཀྱིས་དོ་སྐྱེལ་སྣུམ་འཁོར་ནང་བཟའ་སྣུམ་ལ་སོགས་འོར་འདྲེན་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང། རྒྱ་ནག་གི་གཞུང་གཉེར་སི་ནོ་གྷི་རན་ཚོང་གཉེར་ཁང་གིས་བཤད་དོན་ལ། དོ་སྐྱེལ་སྣུམ་འཁོར་ཚོས་བཟའ་བཅའ་འོར་འདྲེན་བྱེད་ཕྱོགས་ཀྱི་ཁྲིམས་སྒྲིག་ཁག་ལག་བསྟར་འཐུས་གཙང་བྱས་ཡོད་མིན་ཞིབ་མཇུག་བྱེད་བཞིན་ཡོད་ཅེས་འགྲེལ་བརྗོད་བྱས་འདུག་པ་དང་། ཁྲིམས་སྒྲིག་ཁག་རྩིས་མེད་བྱེད་མཁན་དོ་སྐྱེལ་སྣུམ་འཁོར་རྣམས་ལམ་གསེང་ཕྱིར་འབུད་གཏང་གི་ཡིན་ཞེས་འགྲེལ་བརྗོད་བྱས་འདུག

ཡང་ཚོང་གཉེར་ཁང་ཧོཕ་ཕུལ་གྷི་རན་ཞེས་པས་དོན་རྐྱེན་འདིའི་ཐད་ལ་ཚོང་གཉེར་ཁང་གིས་ཞིབ་མཇུག་འཐིལ་ཕྱིན་པ་བྱེད་བཞིན་ཡོད་ཅེས་འགྲེལ་བརྗོད་བྱས་འདུག རྒྱ་ནག་གཞུང་གིས་བཤད་དོན་ལ། འབྲེལ་ཡོད་རྒྱ་ནག་གི་ལྷན་ཁང་དང་དཔོན་རིགས་ཚོས་དོན་རྐྱེན་འདིར་ཞིབ་མཇུག་བྱེད་ཀྱི་ཡོད་པ་དང། ནོར་འཁྲུལ་བྱེད་མཁན་གྱི་ཚོང་གཉེར་ཁང་དང་མི་སྣ་སྒེར་པ་སུ་ཡིན་རུང་ཉེས་ཆད་འགེལ་གྱི་རེད་ཅེས་ཁས་ལེན་བྱས་ཡོད་པ་རེད།

རྒྱ་ནག་གཞུང་གཉེར་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལ་གཞིགས་ན། དོན་རྐྱེན་འདིའི་ཐད་ལ་ཞིབ་མཇུག་བྱས་པའི་གྲུབ་འབྲས་ཆ་ཚང་བ་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་དང། ཁྲིམས་འགལ་གྱི་ཚོང་གཉེར་ཁང་དང་འབྲེལ་ཡོད་མི་སྣར་ཁྲིམས་ལུགས་ལྟར་ཉེས་འཆད་ཚ་ནན་གཏང་གི་ཡིན་ཞེས་འགྲེལ་བརྗོད་བྱས་འདུག

རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱའི་སྐད་འཕྲིན་ནང་མི་གཅིག་གིས་འདི་ལྟར་བཀོད་ཡོད། མི་མང་གི་རྒྱུན་ལྡན་འཚོ་བར་དགོས་གལ་ཆེ་བའི་བཟའ་སྣུམ་ཡང་དཀའ་ཚེགས་ཆེ་བ་ཆགས་ཡོད་རེད། མི་མང་དཀྱུས་མ་ཚོས་རང་ཉིད་འགན་སྲུང་ཐུབ་ཀྱི་་མེད། ད་ཆ་ཁྲིམས་ཀྱི་སྐྱོང་བའི་ལམ་ལུགས་དང། མི་མང་ལ་ཞབས་ཞུ་སྒྲུབ་ཀྱི་ཡོད་ལུགས་བཤད་མཁན་འདི་རིགས་མཐོང་བའི་སྐབས་སུ་གད་མོ་ཤོར་གྱི་འདུག་ཅེས་བྲིས་པ་དེར་མི་མང་སྟོང་ཚོ་མང་པོས་དགའ་རྟགས་བརྒྱབས་ཡོད་པ་རེད།

གསར་འགྱུར་བརྒྱུད་ལམ་གཞན་ནས་བཏུས།

གསར་འགོད་པ། རིག་འཛིན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG