ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

བྷའི་ཌན་ལ་ཏོག་དབྱིགས་ནད་རྟགས་ཐོན་རྗེས་སྐུ་གཟུགས་འཕྲོད་བཞེས་ལ་སེམས་འཚབ།


བྷའི་ཌན་ལ་ཏོག་དབྱིགས་ནད་རྟགས་ཐོན་རྗེས་སྐུ་གཟུགས་འཕྲོད་བཞེས་ལ་སེམས་འཚབ།
བྷའི་ཌན་ལ་ཏོག་དབྱིགས་ནད་རྟགས་ཐོན་རྗེས་སྐུ་གཟུགས་འཕྲོད་བཞེས་ལ་སེམས་འཚབ།

རེས་གཟའ་ལྷག་པའི་ཉིན་སྲིད་འཛིན་འཇོ་བྷའི་ཌན་ལོས་ཝི་གྷས་གྲོད་ཁྱེར་ནང་འོས་བསྡུའི་དྲིལ་བསྒྲགས་གནང་པའི་ཞོར་དུ་གསར་འགྱུར་ལས་ཁང་ཞིག་ལ་བཅར་དྲིར་དྭང་ལེན་གནང་འདུག་པ་མ་ཟད། འོས་བསྡུའི་འདུ་འཛོམས་ཤིག་གི་ཐོག་གཏམ་བཤད་གནང་ཡོད་པ་རེད། འོན་ཀྱང་ཁོང་གིས་ཧ་ཅང་གལ་གནད་ཆེན་པོར་ངོས་འཛིན་གནང་པའི་ལཱ་ཌི་ནོ་མི་རིགས་ཀྱི་འདུ་འཛོམས་ཐོག་གཏམ་བཤད་གནང་ནས་ཨ་རིའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་གི་མི་རིགས་ཚོའི་རྒྱབ་སྐྱོར་ཐོབ་ཐབས་གནང་འཆར་ཡོད་ནའང་། ཁོང་སྐུ་གཟུགས་ཕྲན་བུའི་མ་བདེ་བ་བྱུང་རྗེས་བརྟག་དཔྱད་གནང་སྐབས་ཁོང་ལ་ཏོག་དབྱིབས་ནང་རྟགས་ཡོད་པ་ཐོན་རྗེས་གློ་བུར་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་དེར་་ཕེབས་རྒྱུར་ཕྱིར་འཐེན་གནང་དགོས་བྱུང་འདུག

སྲིད་འཛིན་བྷ་ཌན་ལ་ཏོག་དབྱིགས་ནང་རྟགས་ཐོན་པའི་གནས་ཚུལ་དང་པོ་དེ་ཁོང་གསུང་བཤད་གནང་ཆེད་ཕེབས་སའི་འདུ་འཛོམས་དེར་ལཱ་ཌི་ནོ་མི་བརྒྱུད་བའི་ཨ་རིའི་ཚོགས་གཙོ་ལྕམ་ཇེ་ནེཏ་ མར་གྷུ་ཡ་ཡིས་ཧ་ཅང་བློ་ཕམ་ཐོག་གསལ་བསྒྲགས་བྱས་འདུག་པ་དང་། དེའི་རྗེས་སུ་གནད་དོན་དེའི་ཐད་ཕོ་བྲང་དཀར་པོའི་མགྲིན་ཚབ་ལྕམ་འཇིན་ པེར་གྱིས་གསལ་བསྒྲགས་ཤིག་སྤེལ་ཏེ་སྲིད་འཛིན་བྷའི་ཌན་ལ་ཏོག་དབྱིགས་ནད་རྟགས་ཐོན་ཡོད་ནའང་། ཁོང་དབུག་གཏོང་ལེན་གྱི་ཚད་དང་ཚ་ཚད། གཟུང་ཁྲག་གི་རིམ་པ་བཅས་སྐུ་གཟུགས་ཀྱི་གནས་སྟངས་ཚང་མ་རྒྱུན་ལྡན་ལྟར་ཡིན་པ་དང་། ད་ཆ་ཁོང་གིས་ཏོག་དབྱིབས་བཅོས་ཐབས་ཀྱི་གསོལ་སྨན་བཞེས་འགོ་ཚུགས་ཡོད་ཅེས་དང་། ཉིན་ཤས་རིང་སྲིད་འཛིན་བྷའི་ཌན་རང་གི་བཞུགས་གནས་སུ་ཕེབས་ཏེ་ཟུར་བཀག་གནང་པའི་ཐོག་རྒྱལ་ཁབ་ཀྱི་ཕྱག་ལས་མུ་མཐུད་གནང་གི་རེད་ཅེས་གསལ་བསྒྲགས་བྱས་འདུག

དེ་དང་ཕྱོགས་མཚུངས་ཕོ་བྲང་དཀར་པོའི་སྨན་པ་ཁེ་ཝིན་ ཨོ་ཁོ་ནཱོར་གྱིས་སྲིད་འཛིན་བྷའི་ཌན་ལ་ཏོག་དབྱིགས་ནད་རྟགས་བྱུང་བའི་སྐོར་ལ་འགྲེལ་བརྗོད་གནང་དོན། སྲིད་འཛིན་བྷའི་ཌན་གཟའ་ལྷག་པའི་ཉིན་ཏོག་དབྱིགས་ཀྱི་ནང་རྟགས་ཐོན་ཡོད་ནའང་། ནད་གཞི་ལྕི་བ་གང་ཡང་མ་རེད་ཅེས་གསལ་བཤད་གནང་འདུག འོན་ཀྱང་ད་རེས་སྲིད་འཛིན་བྷའི་ཌན་ལ་ཏོག་དབྱིགས་ནད་རྟགས་ཐོན་པའི་དུས་ཚོད་འདི་ནི་ཁོང་སླར་ཡང་སྲིད་འཛིན་གྱི་འོས་བསྡུའི་འགྲན་རྩོད་ནང་ཞུགས་བཞིན་པའི་དུས་ཚོད་གནད་འགག་ཧ་ཅང་ཆེ་བའི་དུས་སུ་བྱུང་བ་ཞིག་ཡིན་པ་རེད། གཟའ་འཁོར་གསུམ་ཙམ་གྱི་གོང་ཁོང་དང་ཁོང་གི་ཁ་གཏད་སྲིད་འཛིན་ཟུར་པ་ཌོ་ནལ་ཀྲམ་གཉིས་དབར་སྲིད་འཛིན་འོས་བསྡུ་བགྲོ་གླེང་སྐབས་སུ་ཁོང་དྲན་ཤེས་བརླག་པ་ལྟ་བུ་དང་བློ་སེམས་གཡེང་ཚུལ་གྱི་རྣམ་པ་ཤུགས་ཆེ་ཐོན་པའི་རྗེས་ ཁོང་སྐུ་ཉིད་ཀྱི་ཚོགས་པའི་ཁྲོད་ནས་གྲོས་ཚོགས་འོག་མའི་འཐུས་མི་ཉི་ཤུ་སྐོར་ཞིག་དང་གྲོས་ཚགོས་གོང་མའི་འཐུས་མི་མཐོ་གྲས་གཅིག་གཙོ་བོར་གྱུར་པའི་འོས་འཕེན་བ་མང་པོ་ཞིག་གིས་ཁོང་ད་ཆ་དགུང་གྲངས་༨༡ལ་ཕེབས་པའི་ཐོག་ལ་ལུས་སེམས་གཉིས་དེ་ཙམ་བདེ་ཐང་མེད་པ་ཞིག་མངོན་སྟབས་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ནས་ཕྱིར་འཐེན་གནང་དགོས་པའི་བསམ་ཚུལ་བཏོན་དང་འདོན་བཞིན་ཡོད། ་པ་དེས་ཡིན་ཞིང། ཁོང་གིས་བགྲོ་གླེང་དེའི་སྐབས་ཀྱི་གནས་ཚུལ་རྒྱབ་ལ་བསྐྲུར་ནས་ཁོང་ནི་སྐུ་ཡོན་དང་ཉམས་མྱོང་གིས་ཕྱུག་པས་ད་དུང་སྲིད་འཛིན་ལས་དུས་གཉིས་པ་གནང་ཐུབ་པའི་སྐུ་ཁམས་དང་འཇོན་ཐང་ཡོད་ཅེས་གསུངས་པ་མ་ཟད། འོས་བསྡུའི་དྲིལ་བསྒྲགས་རྒྱ་ཆེ་གནང་སྟེ་མང་ཚོགས་ལ་གང་ཐུབ་མངོན་ཐབས་གནང་བའི་སྐབས་ཤིག་ཡིན་པ་རེད། འོན་ཀྱང་ད་རེས་ཁོང་ལ་ཏོག་དབྱིགས་ནད་རྟགས་ཐོན་པ་དེས་་ཁོང་གི་སྐུ་གཟུགས་འཕྲོད་བཞེས་ཐོག་བློ་འཚབ་བྱེད་དགོས་པ་ཏན་ཏན་ཆགས་ཡོད།

ཨེ་ཕྷ་པི་དང་རུའུ་ཌར་གསར་ཁང་ནས་བཏུསྲ

གསར་འགོད་པ། པདྨ་བདེ་ཆེན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG