ངོ་འཕྲད་བདེ་བའི་དྲ་འབྲེལ།

 
ཁོར་ཡུག་དང་བདེ་འཇགས་ཞེས་པའི་བགྲོ་གླེང་ཚོགས་འདུ།
གཟའ་ཟླ་བ། ༢༠༢༥/༠༣/༣༡

ཁོར་ཡུག་དང་བདེ་འཇགས་ཞེས་པའི་བགྲོ་གླེང་ཚོགས་འདུ།


ཁོར་ཡུག་དང་བདེ་འཇགས་ཞེས་པའི་བགྲོ་གླེང་ཚོགས་འདུ།
please wait
  • Auto
  • 240p
  • 360p
  • 480p
  • 720p
  • 1080p

No media source currently available

0:00 1:37 0:00
  • Auto
  • 240p
  • 360p
  • 480p
  • 720p
  • 1080p
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཁོར་ཡུག་དང་བདེ་འཇགས་ཞེས་པའི་བགྲོ་གླེང་ཚོགས་འདུ།

རྒྱ་གར་བྱང་ཤར་ཨ་རུ་ཎཱ་ཅལ་མངའ་སྡེའི་རྒྱལ་ས་ཨི་ཊཱ་ན་གར་དུ་ཡོད་པའི་རྡོ་རྗེ་མཁའ་འགྲོ་ཚོགས་ཁང་དུ་ཁོར་ཡུག་དང་བདེ་འཇགས་ཞེས་པའི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་གནང་ཡོད་པ་རེད། དབུ་འབྱེད་མཛད་སྒོའི་ཐོག་ཨ་རུ་ཎཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་དང་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་གཙོས་གནད་ཡོད་མི་སྣ་ལྷན་ཞུགས་ཐོག་སྲིད་སྐྱོང་མཆོག་གིས་རྒྱ་གར་དང་བོད་གཉིས་ལོ་རྒྱུས་ཐོག་ནས་སྐད་ཡིག་དང་ཆོས་ཕྱོགས་ཀྱི་འབྲེལ་བ་གལ་ཆེན་ཆགས་ཀྱི་ཡོད་པ་དང་། ད་ལྟའི་ཆར་འཛམ་གླིང་སྟེང་རྒྱ་ནག་གི་ཤུགས་རྐྱེན་ཤུགས་ཆེ་རུ་འགྲོ་བའི་གནས་སྟངས་དེས་རྒྱལ་སྤྱིའི་སྒྲིག་འཛུགས་ལ་གནོད་སྐྱོན་དང་། རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པའི་སྐོར་སོགས་གསལ་སྟོན་གནང་ཡོད་པ་རེད།

གཞན་ཡང་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ལ་གསར་འགོད་པ་ཚོས་བཅར་འདྲི་ཞུས་པའི་སྐབས་ཁོང་གིས། ཉིན་གཅིག་རིང་གི་ཁོར་ཡུག་དང་བདེ་འཇགས་ཞེས་པའི་བརྗོད་གཞིའི་ཐོག་གི་བགྲོ་གླེང་ཚོགས་འདུ་འདི་ཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་དེ། བོད་ནང་གི་ཛ་དྲག་གནས་སྟངས་དེ་ང་ཚོའི་མི་མང་ཁྲོད་ལ་གང་ཐུབ་གོ་རྟོགས་སྤེལ་ཐུབ་པ་བྱེད་རྒྱུ་དེ་རེད། ཨ་རུ་ཎཱ་ཅལ་མི་མང་ལ་བོད་ཀྱི་གནད་དོན་འདི་ག་རེ་བྱས་ནས་གལ་ཆེན་པོ་རེད་ཟེར་ན། ང་ཚོའི་ས་མཚམས་དེ་ཐད་ཀར་བོད་དང་ཆགས་ཀྱི་ཡོད་པ་རེད།

བོད་ཀྱི་གནད་དོན་ཐོག་ལ་སེམས་འཚབ་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད་པ་དེ། ཨ་རུ་ཎཱ་ཅལ་ལའང་སེམས་འཚབ་བྱེད་དགོས་པ་ཞིག་རང་བཞིན་གྱིས་ཆགས་ཀྱི་ཡོད་པ་རེད། དེའི་རྐྱེན་གྱིས་ད་རེས་ཉིན་གཅིག་གི་བགྲོ་གླེང་ཚོགས་འདུ་འདི་བརྒྱུད་ནས། གཙོ་བོ་ཨ་རུ་ཎཱ་ཅལ་གྱི་གཞོན་སྐྱེས་ཚོ་དང་། དེ་བཞིན་མི་མང་ལ་བོད་དང་ཨ་རུ་ཎཱ་ཅལ་གཉིས་ཀྱི་འབྲེལ་བ་དེ་གལ་ཆེ་ཆུང་གང་འདྲ་ཡིན་མིན་དང་། བོད་ཀྱི་གནས་སྟངས་སྐོར་གོ་རྟོགས་སྤེལ་ཐུབ་པ་ཡོང་ངེས་ཡིན་པ་རེད་ཅེས་བརྗོད་འདུག

གླེང་སྟེགས།

XS
SM
MD
LG