སེ་ར་དང་གྲྭ་ཚང་བྱེས་སྨད་གསུམ་གྱིས་བརྟན་བཞུགས་བསྟར་འབུལ།
དེ་རིང་ཕྱི་ཟླ་གཉིས་པའི ཚེས་༥ ཞོགས་པར་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་ཚོགས་ཆེན་དང་གྲྭ་ཚང་བྱེས་སྨད་གཉིས་བཅས་ཐུན་མོང་ཐོག་སེ་ར་ཚོགས་ཆེན་གྱི་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བླ་མ་མཆོད་པའི་ཆོ་ག་དང་སྦྲེལ་བའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།