ངོ་འཕྲད་བདེ་བའི་དྲ་འབྲེལ།

site logo site logo
གཟའ་སྤེན་པ། ༢༠༢༥/༠༤/༢༦

རྒྱང་སྲིང་དུས་ཚོད།

༠༨:༠༠ - ༠༩:༠༠

སྔ་དྲོའི་རླུང་འཕྲིན།༢༠༢༡་ཟླ་༦་ཚེས་༢༨།

རྒྱ་གར་ནང་གི་བོད་ཀྱི་དགོན་སྡེ་ཁག་གིས་ཁོ་ཝེ་ཌི་༡༩འི་ནད་ཡམས་ཀྱི་དཀའ་ངལ་སྐབས་སུ་དྭང་བླངས་ཞབས་ཞུ་སྒྲུབ་གནང་བར་རྒྱ་གར་མི་དམངས་ཀྱིས་དགའ་བསུ་ཞུ་གི་ཡོད་པའི་སྐོར་དང་། ཨ་རིའི་མངའ་སྡེ་ཧྥུ་ལོ་རེས་ཌའི་ནང་ཁང་ཆེན་རྡིབ་པའི་འོག་ད་དུང་ཡང་མི་༡༥༦་གསོན་པོ་ཡོད་མེད་ཤེས་རྟོགས་བྱུང་མེད་པའི་སྐོར། རྒྱ་གར་ནང་ཁོ་ཝེ་ཌི་༡༩འི་རྣམ་པ་འགྱུར་བའི་རིམས་ང་པ་ལ་བློ་ཚབས་བཞིན་པའི་སྐབས་སུ་རིམས་ནད་དེ་འགོས་པའི་མི་ཇེ་མང་སོང་ཡོད་པའི་སྐོར། ཇོ་མོ་གླང་མའི་རི་འཛེགས་པའི་ནང་ཁོ་ཝེ་ཌི་༡༩འི་རིམས་འགོས་པའི་མི་བཅུ་ཚོ་ལྷག་བྱུང་ཡོད་པའི་སྐོར། ཕྱི་འབྲེལ་མི་སྣས། རྒྱ་ནག་གིས་ཡུས་ཁེ་རེན་གྱི་གནད་དོན་ཐད་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད་པའི་སྐོར། མཡེན་མར་ནས་གློད་དཀྲོལ་བཏང་བའི་ཨ་རིའི་རྩོམ་བསྒྲིག་པས། ཁོང་ལ་ཡུལ་དེར་མནར་གཅོད་བཏང་བྱུང་བརྗོད་ཀྱི་ཡོད་པའི་སྐོར། རྒྱ་ནག་ནང་ཆབ་སྲིད་ཚོགས་པ་གསར་པ་ཟེར་བ་བཙུགས་པར་མཁས་པ་ཁག་གིས་དེ་ནི་དྲིལ་བསྒྲགས་ཀྱི་གཡོ་རྒྱུ་འཁྲབ་པ་ཞིག་ཡིན་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་སྐོར་སོགས།

XS
SM
MD
LG