རྒྱང་སྲིང་དུས་ཚོད།
སྔ་དྲོའི་རླུང་འཕྲིན། ༢༠༢༠ ཟླ་ ༦ ཚེས་༠༥
བོད་པ་ཚོས་ཨ་རིའི་མི་རིགས་ནག་པོར་རྒྱབ་སྐྱོར་གྱི་ལས་འགུལ་འགོ་འཛུགས། སྲིད་འཛིན་གྱིས་རྒྱལ་ནང་ལ་དམག་འགྲེམ་རྒྱུའི་འཇིགས་སྐུལ་ལ་ངོ་རྒོལ། ཤུའི་ཀྲི་ཡུང་ལ་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་བྱ་དགའ་ཐོབ་པ། རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་གྱིས་ས་མཚམས་སུ་ཛ་དྲག་ཇེ་ཆེ་རེད་ཟེར། ཡུ་རོབ་དང་རྒྱ་ནག་གི་ཆེས་མཐོའི་ལྷན་ཚོགས་ཕྱིར་འགྱངས། ཨ་རིའི་མི་རིགས་འཐེན་འཁྱེར་ལ་ཇཱི་མཱི་ཀར་ཊར་བློ་ཕམ། དྲུག་བཞིའི་དམར་གསོད་ཆེན་མོར་རྗེས་དྲན། ཌོ་ནལ་ཊམ་གྱིས་རང་ཉིད་བསྐྱར་དུ་འདེམས་ཐོན་ཡོང་བའི་འབད་བརྩོན།
དགོང་དྲོའི་རླུང་འཕྲིན། ༢༠༢༠ཟླ་ ༦ ཚེས་༠༥
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལས་རིམ་དུ་༧གོང་ས་མཆོག་གི་ས་ག་ཟླ་བའི་གསུང་ཆོས་དང་ཨ་རིའི་ནང་གི་ངོ་རྒོལ་དང་འབྲེལ་བའི་གསར་འགྱུར་ཁག་སོགས་དང་། དྲྭ་སྣང་གི་བོད་དུ་ཟུར་ལྔའི་དྲྭ་དམག་ལ་དབྱེ་ཞིབ། ཀུན་གླེང་དུ་སྟོན་པའི་མཛད་པ་དང་བཀའ་དྲིན་རྗེས་སུ་དྲན་ཚུལ་ཐད་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་བགྲོ་གླེང་ཞུས་ཡོད།