ཧྥ་རན་སིའི་རྒྱལ་ས་པེ་རེ་སིའི་ནང་གི་གྷི་མཱེད་འགྲེམས་སྟོན་ཁང་གིས་བོད་ཀྱི་བརྡ་དོད་Tibet ཡི་ཚབ་ཏུ་Himalayan World བེད་སྤྱོད་བྱེད་བཞིན་པར་བོད་མི་རྣམས་ཀྱིས་ཡུན་རིང་ངོ་རྒོལ་བྱས་མཐར་དེ་རིང་གཟའ་ལྷག་པའི་ཉིན་འགྲེམས་སྟོན་ཁང་གི་འགོ་ཁྲིད་ནི་བོད་ཀྱི་སྐུ་ཚབ་དང་མཇལ་འཕྲད་གནང་ནས་ཐེངས་དང་པོར་བཀའ་མོལ་གནང་འདུག
སྤྱི་ནོར་༧ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༥ འཁོར་བའི་དགའ་སྟོན་དུས་དྲན་དེ་བཞིན་ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༡༤ རེས་གཟའ་སྤེན་པ་ཉིན་ཧྥ་རན་སི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ས་གནས་མི་མང་ནས་སྲུང་བརྩི་ཟབ་རྒྱས་ཞུས་པ།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཧྥ་རན་སིའི་ནང་གཞུང་འབྲེལ་གཟིགས་སྐོར་གནང་ཏེ། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ས་གནས་བོད་རིགས་མང་ཚོགས་དང་མཇལ་འཕྲད་ཀྱིས་གསུང་བཤད་གནང་བ་དང་བསྟུན་ཨ་རིའི་ཆབ་སྲིད་འཕོ་འགྱུར་ཐད་གཟིགས་ཚུལ་གསུང་བ་འདི་གའི་གསར་འགོད་པ་རྡོ་རྗེ་བཀྲ་ཤིས་ནས་ཧྥ་རན་སིའི་རྒྱལ་ས་ནས་སྤེལ།
འདི་ཟླའི་༡༣ ཉིན་ཧྥ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ས་གནས་གཞོན་ནུ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་བོད་མི་ཚོས་སླར་ཡང་གྷི་མཱེད་འགྲེམས་སྟོན་ཁང་མདུན་དུ་བོད་ཅེས་པའི་ཐ་སྙད་རང་སོར་འཇོག་དགོས་པའི་རྣོ་ངར་ལྡན་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་སྐོར། རྡོ་རྗེ་བཀྲ་ཤིས་ཀྱིས་ཧྥ་རན་སིའི་རྒྱལ་ས་ནས་གནས་ཚུལ་སྤེལ།
སྤྱི་ལོ་༢༠༢༤ ལོའི་སྤྱི་ཟླ་༩ པའི་ཚེས་༢༡ ཉིན། ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག་ཧྥ་རན་སིའི་འགྲེམས་སྟོན་ཁང་གཉིས་ཀྱིས་བོད་ཀྱི་སྐད་དོད་དུ་ཞི་ཙཱང་ཟེར་བའི་ཐ་སྙད་བསྒྱུར་བཅོས་ཀྱིས་བེད་སྤྱོད་བྱས་པར་ངོས་ལེན་མེད་པའི་ངོ་རྒོལ་ལས་འགུལ་སྤེལ་སྐོར་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཕྱི་ལོ་༢༠༢༤ ལོའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་དེ་ཕྱི་ཟླ་༧ པའི་ཚེས་༢༦ ནས་ཕྱི་ཟླ་༨ པའི་ཚེས་༡༡ བར་ཧྥ་རན་སིའི་རྒྱལ་ས་པེ་རི་སིར་འཚོགས་བཞིན་ཡོད་པ་དང་། རྒྱལ་ཁབ་༢༠༦ ཙམ་གྱི་རྩེད་འགྲན་པ་ཁྱོན་༧༠༠༠ ལྷག་དང་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་སྒྱུ་རྩལ་བ། ལྟད་མོ་བ་སོགས་མི་གྲངས་སྟོང་ཕྲག་མང་པོ་འདུ་འཛོམས་གནང་འདུག
ཕྱི་ལོ་༢༠༢༤ཟླ༧ཚེས༤ཉིན་ཧྥ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཧྥ་རན་སི་དོན་གཅོད་འབྲེལ་མཐུད་ཁང་གཉིས་ཟུང་འབྲེལ་གྱིས་༧གོང་ས་མཆོག་དགུང་གྲངས༨༩ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་དང་། དེ་བཞིན་ཚེས་༦ཉིན་ཧྥ་རན་སིའི་བོད་རིགས་མི་མང་ནས༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་རྡོ་རྗེ་བཀྲ་ཤིས་ནས་ཞུས།
བོད་དང་ཧི་མ་ལ་ཡའི་རིག་གཞུང་དུས་སྟོན་ཐེངས་༢༣ པ་དེ་སྦར་སེལ་དོན་གཅོད་ཁྱབ་ཁོངས་ཀྱི་བོད་ཁང་གི་གོ་སྒྲིག་འོག་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༤-༡༦བར་ཉིན་གསུམ་རིང་འཚོགས་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འགྲེམས་སྟོན་དང་། གཞས་སྣ་གཟིགས་འབུལ། བོད་དོན་དྲིལ་བསྒྲགས་སོགས་བྱེད་སྒོ་སྣ་ཚོགས་ཀྱིས་སྲུང་བརྩི་གནང་སོང་།
ཕྱི་ཟླ་༥ ཚེས་ ༥ ཉིན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཧྥ་རན་སིའི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་སྐབས་ས་གདན་དམར་པོ་བཏིངས་ཏེ་ཕེབས་བསུ་ཞུས་ཀྱང་། རྒྱལ་སྤྱིའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཀྱི་གོ་སྒྲིག་འོག་ཡུ་རོབ་ཏུ་གནད་སྡོད་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་༤༠༠༠ ལྷག་གིས་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ།
ཕྱི་ཟླ་༥ ཚེས་༤ ཉིན་རྒྱལ་སྤྱིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་ཚེ་ལྷ་དང་། ཉི་མ་བླ་མ་གཉིས་ཀྱིས་ཧྥ་རན་སིའི་རྒྱལ་སའི་སྒོ་ཆེན་ Arc de triomphe མདུན་གྱི་གློག་སྡོང་ཞིག་ཏུ་འཛེགས་ཏེ་ཧྥ་རན་སི་དང་རྒྱ་ནག་གི་འགོ་ཁྲིད་གཉིས་མཇལ་འཕྲད་སྐབས་བོད་དོན་གླེང་དགོས་པའི་དགོས་འདུན་བཏོན་ཏེ་ལས་འགུལ་ཞིག་སྤེལ་སྐོར།
ཧྥ་རན་སིའི་སྲིད་འཛིན་སྐུ་ཞབས་Emmanuel Macron མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཧྥ་རན་སིའི་རྒྱལ་ས་རུ་མཇལ་འཕྲད་བྱུང་ཡོད་པའི་ཧྥ་རན་སི་ནས་འདི་གའི་གསར་འགོད་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་གནས་ཚུལ་ངོ་སྤྲོད་ཞུས་ཡོད།
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་མི་འགྱངས་པར་ཧྥ་རན་སིར་འཚམས་གཟིགས་དང་། ༢༠༢༤ལོའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཆེན་མོ་འཚོག་དུས་ཀྱི་སྐབས། འདི་ལོའི་ཡུ་རོབ་གྲོས་ཚོགས་ཀྱི་འོས་བསྡུ་བཅས་ཀྱི་གོ་སྐབས་དང་བསྟུན་ཡུ་རོབ་བོད་མི་ཚོས་བོད་དོན་ཁྲོམ་སྐོར་དང་ལས་འགུལ་སྣ་མང་སྤེལ་རྒྱུའི་འཆར་གཞི་བང་བསྒྲིགས་་ཡོད་པ་རེད།
ཧྥ་རན་སིའི་རྒྱལ་ས་ཕ་རེ་སིའི་ནང་དེ་རིང་གསུམ་བཅུའི་དུས་དྲན་ཉིན་མི་མང་༣༠༠༠ ལྷག་འཛོམས་ཐོག་ཕ་རེ་སིའི་གྲོང་ཁྱེར་སྤྱི་ཁྱབ་སློབ་སྟོན་པ་ལྕམ་སྐུ་གྷར་རི་གྷོ་སི་ (Geneviève Garrigos) དང་། སློབ་སྟོན་པ་གཞོན་པ་སྐུ་ཞབས་ཇེན་ལུ་ཀེ་རོ་མེ་རོ་(Jean-Luc Romero) ཕེབས་ཏེ་བོད་ཀྱི་སྒེར་ལངས་ཉིན་མོ་སྲུང་བརྩི་ཞུས་འདུག
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དགུ་པ་ནི་ཕྱི་ལོ་༢༠༢༤ ཟླ༢ ཚེས་༢༥ ཉིན་སྦེལ་ཇམ་གྱི་རྒྱལ་ས་སྦར་སེལ་དུ་མཇུག་སྒྲིལ་ཡོད་པ་དང་། མཇུག་སྡོམ་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་། ཕྱི་དྲིལ་བཀའ་བློན། ཧྥ་རན་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་བཅས་ཀྱིས་གསུང་བཤད་གནང་།
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་ནི་༢༠༢༤ ཟླ་༢ ཚེས་༢༣ ནས་༢༥ བར་སྦེལ་ལྗམ་གྱི་རྒྱལ་ས་སྦར་སེལ་གྱི་ཐོན་མགྲོན་ཁང་དུ་ཚོགས་བཞིན་ཡོད་པ་དང་། གནད་ཡོད་སྐུ་མགྲོན་རྣམས་ཀྱི་གཏམ་བཤད་དང་བཅས་དབུ་འབྱེད་མཛད་སྒོ་གནང་སྟེ་ཚོགས་ཞུགས་པ་རྣམས་ཀྱིས་གོ་བསྡུར་སྦྱང་བཤད་དང་ཟབ་སྦྱོང་སོགས་གནང་བཞིན་པ་རེད།
ཧྥ་རན་སིར་གནས་སྡོད་གཞས་པ་བློ་བཟང་བདེ་ལེགས་ལགས་ཀྱིས་ད་བར་སྙིང་དུངས་བསྟན་འཛིན་སྒྲོལ་མ་དང་། བོད་ལ་འགྲོ། ཇོ་མོ་གླང་མ་སོགས་ཆེད་སྒྲིག་གླུ་གཞས་མང་དག་ཅིག་འགྲེམས་སྤེལ་བྱས་པ་མ་ཟད། རྒྱ་བལ་འབྲུག་གསུམ་དང་། ཡུ་རོབ་ཡུལ་གྲུ་ཁག བྱང་ཨ་རི་བཅས་སུ་གླུ་གཞས་འཁྲབ་སྟོན་གནང་མུས་དང་མང་ཚོགས་ནས་དགའ་མོས་ཆེན་པོ་བྱེད་བཞིན་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཟླ་འདིའི་ཚེས་༡༢ ནས་ ༡༤ བར་ཉིན་གྲངས་གསུམ་རིང་བྷེལ་ཇེམ་དང་ཧྥ་རན་སིའི་གཞུང་དང་གྲོས་ཚོགས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་འདུག ཚེས་༡༣ ཉིན་པེ་རི་སི་མེ་འཁོར་འབབ་ཚུགས་སུ་འབྱོར་སྐབས། ས་གནས་མི་མང་ཁག་ཅིག་ནས་ཕེབས་བསུའི་སྣེ་ལེན་ཞུས་ཡོད།
ཧྥ་རན་སི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ ༧ སྤྱི་ནོར་ ༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་༣༤ འཁོར་བའི་དགའ་སྟོན་མཛད་སྒོ་སྲུང་བརྩི་དང་། ཕྱི་ཚེས་༡༠ ཉིན་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཞི་བའི་སྐད་འབོད་སྒོ་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་ཞུས།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ཟླ་༡༡ ཚེས་༢༧ ནས་ཟླ་༡༢ ཚེས་ ༣ བར། ཡུ་རོབ་རྒྱལ་ཁབ་ཁག་ཏུ་འཚམས་གཟིགས་གནང་། ཟླ་འདིའི་ཚེས་ ༡ ནས་ཡུ་རོབ་རྒྱལ་ཁབ་ལྔ་དང་མ་ལེ་ཞི་ཡ་ནས་ཐོངས་མཆན་མི་དགོས་པར་རྒྱ་ནག་ཏུ་འགྲོ་སྐྱོད་ཆོག་པའི་གནད་དོན་ཐད་སྲིད་སྐྱོང་དང་བོད་མི་གཞན་ཁག་ཅིག་གི་ལྟ་ཚུལ་སོགས་ཡོད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང་ཇར་མ་ས་གནས་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་པ་གཉིས་ཟུང་འབྲེལ་གྱིས་གོ་སྒྲིག་འོག ཡུ་རོབ་ཁུལ་དུ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་བྱུས་ཚོགས་འདུ་དང་ཟབ་སྦྱོང་ཞིག་བསྐོང་ཚོགས་གནང་སོང་བ།
མང་སྣོན།