བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ཟླ་༡༡ ཚེས་༢༧ ནས་ཟླ་༡༢ ཚེས་ ༣ བར། ཡུ་རོབ་རྒྱལ་ཁབ་ཁག་ཏུ་འཚམས་གཟིགས་གནང་། ཟླ་འདིའི་ཚེས་ ༡ ནས་ཡུ་རོབ་རྒྱལ་ཁབ་ལྔ་དང་མ་ལེ་ཞི་ཡ་ནས་ཐོངས་མཆན་མི་དགོས་པར་རྒྱ་ནག་ཏུ་འགྲོ་སྐྱོད་ཆོག་པའི་གནད་དོན་ཐད་སྲིད་སྐྱོང་དང་བོད་མི་གཞན་ཁག་ཅིག་གི་ལྟ་ཚུལ་སོགས་ཡོད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང་ཇར་མ་ས་གནས་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་པ་གཉིས་ཟུང་འབྲེལ་གྱིས་གོ་སྒྲིག་འོག ཡུ་རོབ་ཁུལ་དུ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་བྱུས་ཚོགས་འདུ་དང་ཟབ་སྦྱོང་ཞིག་བསྐོང་ཚོགས་གནང་སོང་བ།
༢༠༢༣ ཟླ་༡༠ ཚེས་༡ ཉིན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཚུགས་ནས་ལོ་༧༤ འཁོར་བའི་དུས་དྲན་དང་བསྟུན་ཧྥ་རན་སིའི་རྒྱལ་ས་པེ་རི་སིའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཧྥ་རན་སི་བོད་རང་བཙན་སློབ་ཕྲུག་པས་སྣེ་འཁྲིད་དེ་ས་གནས་ཚོགས་པ་ཁག་གི་གོ་སྒྲིག་འོག་རྒྱལ་སྤྱིའི་ལས་འགུལ་ཉིན་མོ་ཞེས་པའི་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།
ཕྱི་ལོ་༢༠༢༣ ཟླ་༩ ཚེས་༨ ནས་༡༠ བར་ཉིན་གྲངས་གསུམ་རིང་པེ་རི་སི་དོན་གཅོད་ཁང་གི་ཁྱབ་ཁུངས་བོད་ཁང་གི་གོ་སྒྲིག་འོག ལོ་ལྟར་བཞིན་པེ་རི་སི་གྲོང་ཁྱེར་ནང་བོད་དང་ཧི་མ་ལ་ཡའི་རིག་གཞུང་དུས་སྟོན་གཞི་རྒྱ་ཆེ་བ་ཞིག་འཚོགས་སོང་བ་དང་། དུས་སྟོན་དེ་བཞིན་ཕྱི་ལོ་༢༠༠༠ ལོ་ནས་ད་བར་ལོ་ལྟར་སྲུང་བརྩི་ཞུས་ཏེ་ད་ལོར་ཐེངས་༢༢ པ་ཆགས་ཡོད།
ཁོང་ནས་བོད་ཀྱི་སྐད་ཡིག་དང་རྩོམ་རིགས་ཀྱི་འབུམ་རམ་པའི་སློབ་མཐའ་སོན་རྗེས་བོད་ཕྱི་ནང་གཉིས་སུ་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཐོག་ཉམས་ཞིབ་གནང་བ་སོགས་ཕྱག་ལས་དུ་མ་གནང་ཡོད་འདུག ད་ལྟའི་ཆར་( INALCO ) ཨེ་ཎལ་ཀོ་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་དགེ་རྒན་ཆེན་མོ་གནང་བཞིན་པ་རེད།
ཕྱི་ལོ་ ༢༠༢༣ ཟླ་༦ ཚེས་༢༨ ནས་ཟླ་༧ ཚེས་༡༠ བར་བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་དང་། སློབ་དཔོན་ཐུབ་བསྟན་རྒྱལ་མཚན། རྡོ་རྗེ་ཚེ་བརྟན་བཅས་གསུམ་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་ཡུ་རོབ་རྒྱལ་ཁབ་ཁག་གསུམ་ནང་བོད་དོན་ཞུ་གཏུག་ཆེད་གཞུང་འབྲེལ་སྐོར་བསྐྱོད་གནང་བཞིན་ཡོད་པ་རེད།
ཕྱི་ལོ་༡༩༣༢ ལོར་ཀོང་པོའི་ཡུལ་དུ་སྐུ་འཁྲུངས་ཤིང་། ༡༩༣༣ལོར་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་དྭགས་པོ་བླ་མ་རིན་པོ་ཆེ་འཇམ་དཔལ་ལྷུན་འགྲུབ་རྒྱ་མཚོ་མཆོག་གི་ཡང་སྲིད་དུ་ངོས་འཛིན་མཛད། ༡༩༦༠ ལོར་ཧྥ་རན་སིར་འབྱོར་བའི་བོད་མི་བཞིའི་ཁོངས་ཡིན། དེ་ནས་པེ་རི་སི་རུ་བོད་ཀྱི་སྐད་ཡིག་དགེ་རྒན་སོགས་གནང་།