ཧྥ་རན་སིར་བོད་དང་ཧི་མ་ལ་ཡའི་རིག་གཞུང་དུས་སྟོན་ཐེངས་༢༣པ་སྲུང་བརྩི་ཞུས།
བོད་དང་ཧི་མ་ལ་ཡའི་རིག་གཞུང་དུས་སྟོན་ཐེངས་༢༣ པ་དེ་སྦར་སེལ་དོན་གཅོད་ཁྱབ་ཁོངས་ཀྱི་བོད་ཁང་གི་གོ་སྒྲིག་འོག་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༤-༡༦བར་ཉིན་གསུམ་རིང་འཚོགས་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འགྲེམས་སྟོན་དང་། གཞས་སྣ་གཟིགས་འབུལ། བོད་དོན་དྲིལ་བསྒྲགས་སོགས་བྱེད་སྒོ་སྣ་ཚོགས་ཀྱིས་སྲུང་བརྩི་གནང་སོང་།