ནང་པའི་དགེ་སློང་བློ་བཟང་འཇམ་དབྱངས་ལཊ་ཀྱིས་བཞུཊ་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་གནས་པའི་རྒྱ་གར་ཡུལ་མི་ཉམ་ཐག་འཁོས་ཞན་ཚོའི་ཆེད་དུ་བཙུགས་གནང་བའི་གཏོང་ལེན་སློབ་གྲྭ་གསར་འཛུགས་གནང་ནས་མི་ལོ་ཧྲིལ་པོ་༢༠ འཁོར་བའི་ཉིན་མོ་དེ་བཞིན་སློབ་གྲྭ་དེ་གའི་ནང་དེ་རིང་ཕྱི་ཟླ་༡༡ ཚེས་༡༩ ཉིན་སྲུང་བརྩི་ཞུས་གནང་ཡོད་པའི་སྐོར་འདིར་གསལ།
༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ལ་ཉམས་ཞིབ་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་བསྡུ་སྒྲིག་གནང་བའི་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་ཆེན་པོ་མཆོག་གི་རྨད་བྱུང་ཐུགས་བསྐྱེད་དམ་བཅའ་ཞེས་པའི་ཕྱག་དེབ་པོད་བཞིའི་བདག་ཉིད་ཅན་ཞིག་དེ་རིང་ཕྱི་ཟླ༡༡ ཚེས༡༥ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་དབུ་འབྱེད་གནང་།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་རྒྱ་གར་བྱང་ཤར་ཁུལ་བོད་མི་འདུས་སྡོད་ས་གནས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་ཐེངས་གཉིས་པ་ཕེབས་པ་དང་བསྟུན། ས་གནས་བོད་མིའི་གནས་སྟངས་རྟོག་ཞིབ་སྦྲགས་ས་གནས་སུ་བོད་མིའི་འཐབ་རྩོད་ཀྱི་ངོ་བོ་དང་བོད་ཀྱི་ལོ་རྒྱུས་གནས་བབ་སོགས་ཀྱི་སྐོར་གསུང་བཤད་སོགས་གནང་ཡོད་འདུག
བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས ༨༥ རུ་ཕེབས་པའི་སྐུའི་འཁྲུངས་སྐར་དེ་བཞིན་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་དེ་རིང་ཕྱི་ཟླ ༡༡ ཚེས ༥ ཉིན་བོད་ཀྱི་ཟློས་གར་ཚོགས་ཁང་དུ་སྲུང་བརྩི་ཞུས་གནང་སོང་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་སོགས་ཕེབས་ཡོད།
བཙན་བྱོལ་བོད་མིའི་ཁ་དོག་སྒྱུ་རྩལ་ཚོགས་པས་ངེས་མེད་དམ་དབྱིན་སྐད་དུ་ UNSETTLED ཞེས་བོད་མིའི་ངོ་བོ་དང་། ཡུལ་གྱར། རང་ཉིད་ལ་དབང་བའི་གཞི་རྟེན་བཅས་ཀྱི་གནས་བབ་སོགས་ལ་བསམ་གཞིགས་སྐྲུན་ཐབས་སུ་སྒྱུ་རྩལ་བ་ཉི་ཤུའི་རི་མོའི་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་ཞིག་ཕྱི་ཟླ་ ༡༡ ཚེས་ ༡ ཉིན་བཞུགས་སྒར་དུ་འགོ་འཛུགས་གནང་སོང་།
དེ་སྔ་བོད་ས་མ་ཤོར་གོང་གི་གཞུང་ཞབས་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར། བཀའ་བློན་ཟུར་པ་དང་ཁྲིམས་ཞིབ་པ་ཟུར་པ་ཞེ་བོ་བློ་བཟང་དར་རྒྱས་མཆོག་ཟླ་འདིའི་ཚེས་༢༣ ཉིན་སྐུ་གཟུགས་བདེ་མིན་གྱིས་ཨ་རིར་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་པར། དེ་རིང་ཕྱི་ཚེས་༢༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས།
བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༦༤ འཁོར་བའི་དུས་ཆེན་དེ་བཞིན་དེ་རིང་ཕྱི་ཟླ་ ༡༠ ཚེས་ ༢༣ ཉིན་བོད་ཁྱིམ་གྱི་སློབ་མ་རྣམ་པས་རུ་སྒྲིག་རྔ་རོལ་དང་། རིག་གཞུང་འཁྲབ་སྟོན། རྩེད་རིགས་འཁྲབ་སྟོན་སོགས་ཀྱིས་ཐོག་ནས་སྲུང་བརྩི་ཞུས་གནང་ཡོད་པའི་སྐོར་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཀུན་གླེང་གསར་འགྱུར་ནང་ཉི་ཧོང་སྲིད་བློན་གྱི་གཟིམ་ཁང་ལ་དྲག་རྒོལ། བྱང་གཏེར་གྱི་ཚོགས་འདུ་ཐེངས་དང་པོ། རྒྱ་གར་གཞུང་གིས་བོད་ཀྱི་སྐད་ཡིག་དང་ན་ལནྜའི་ནང་བསྟན་ཤེས་ཡོན་ལ་རྒྱལ་སྤྱིའི་ངོས་འཛིན་ཡོད་པའི་ཕྱག་འཁྱེར་གནང་རྒྱུ། ཇཱེ་ནེ་ཝ་རུ་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་ལ་དམ་དྲག་བྱེད་བཞིན་པ་ཐེར་འདོན་བྱས་པ་སོགས་ཡོད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པ་མཆོག་དང་། ཁེ་ན་ཌར་གནས་བཞུགས་རྒྱ་རིགས་རྩོམ་པ་པོ་གྲགས་ཅན་ ཝིག་ཋོར་ ཅཱན་ རྣམ་གཉིས་མཉམ་སྦྲེལ་གྱིས་བརྩམས་གནང་བའི་ཕྱག་དེབ་དབྱིན་སྐད་དུ་ (The Wisdom Of Forgiveness) ཞེས་པ་དཀོན་མཆོག་རབ་བརྟན་ལགས་ཀྱིས་བོད་ཡིག་ལ་བསྒྱུར་བའི་དཀྱེལ་ཡངས་ལྡན་པའི་ཤེས་རབ་ཅེས་པའི་སྐོར་ལ་གླེང་མོལ་ཞུས།
བཞུགས་སྒར་རྡ་ཤོད་བོད་ཁྱིམ་སློབ་གྲྭ་གསར་འཛུགས་གནང་སྟེ་མི་ལོ་༤༠ འཁོར་བའི་ཉིན་མོ་དེ་བཞིན་ཕྱི་ཟླ་༡༠ ཚེས་༡༠ ཉིན། སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་། སློབ་གྲྭ་དེ་གའི་དགེ་ལས་སློབ་ཕྲུག་ངོ་ཟུར་དང་བཅས་པ་ལྷན་འཛོམས་ཀྱིས་ཐོག་ནས་སྲུང་བརྩི་ཞུས་གནང་ཡོད་པའི་སྐོར་འདིར་གསལ།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་སྐད་གསུང་སྒྱུར་འབུམ་རམས་འཇམ་དབྱངས་རིན་ཆེན་ལགས་དང་ལྷན་དུ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐའེ་ཝན་གྱི་དད་ལྡན་མི་དམངས་ཀྱི་བར་ལ་བླ་སློབ་ཀྱི་འབྲེལ་བ་བྱུང་སྟངས་དང་། ནང་བསྟན་སྤྱིའི་ཡོངས་ལ་༧གོང་ས་མཆོག་གི་གནད་འགག་ཇི་ཆགས་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས་པ་ཡ་ཞིག་ཡིན།
ལ་དྭགས་ཁྲིག་སེ་དགོན་པའི་དགོན་བདག་ཁྲིག་སེ་རིན་པོ་ཆེ་མཆོག་དང་། ལ་དྭགས་ནང་པ་ཚོགས་པའི་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལག་རུག་ལགས། ལ་དྭགས་དགོན་པ་ཚོགས་པའི་ཚོགས་གཙོ་ཚེ་རིང་དབང་འདུས་ལགས་སོགས་ཁག་ཅིག་ཕྱི་ཟླ་༡༠ ཚེས་༤ ཉིན་བཞུགས་སྒར་དུ་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་ཡོད་པའི་སྐོར་འདིར་གསལ།
༧གོང་ས་མཆོག་ནས་དེ་རིང་ཕྱི་ཟླ་ ༡༠ ཚེས་ ༢ ཉིན་ཉེ་ཆར་གསར་དུ་འོས་འདེམས་བྱུང་བའི་ཉི་ཧོང་གི་སྲིད་བློན་གསར་པ་ཤི་གེ་རུ ཨི་ཤི་ཌ་མཆོག་ལ་འཚམས་འཕྲིན་སྩལ་གནང་མཛད་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇཱི་མི ཀར་ཊར་མཆོག་དགུང་གྲངས་བརྒྱ་རུ་ཕེབས་པའི་འཁྲུངས་སྐར་ལ་ཡང་ཁོང་དང་ཁོང་གི་ནང་མིར་འཚམས་འདྲི་སྩལ་གནང་ཡོད།
སྤྱི་ཟླ་༡༠ པའི་ཚེས་༡ ཉིན། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་དད་ལྡན་མང་ཚོགས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པའི་སྐོར་འདི་གའི་གསར་འགོད་པ་འཇམ་དབྱངས་རྒྱ་མཚོ་ལགས་ནས་དེ་དོན་སྙན་སྒྲོན་ཞུས་གནང་བ་འདིར་གསལལ།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ལམ་གཙོ་རྣམ་གསུམ་གྱི་གསུང་ཆོས་གནང་བ་དང་། ཧྥ་རན་སིའི་འགྲེམས་སྟོན་ཁང་ལ་བོད་ཀྱི་ཐ་སྙད་ཐད་ངོ་རྒོལ། བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་འཐུས་མིར་ཐུགས་རྗེ་ལེགས་འབུལ། སྲིད་སྐྱོང་གིས་བོད་མིའི་གཞིས་ཆགས་ཁག་ལ་འཚམས་གཟིགས། ཚངས་དབྱངས་རྒྱ་མཚོའི་རི་རྩེ་སོཊ་ཡོད
ཀངྒ་ར་རྫོང་དཔོན་ཧིམ་རཱ་ཇི་བྷེར་ཝ་ལགས་ཀྱིས་སྣེ་ཁྲིད་པའི་རྒྱ་གར་གཞུང་གི་ས་གནས་དཔོན་རིཊ་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཕྱི་ཟླ་༩ ཚེས་༢༤ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དུ་ཆེད་བཅར་གྱིས་མགོན་པོ་མཆོག་གི་མཇལ་ཁ་ཞུས་གནང་ཡོད་པའི་སྐོར་འདིར་གསལ།
ཕྱི་ཟླ་༩ ཚེས་༡༩ སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་མཐའ་མའི་ཐོག་ཁྲིམས་ཞིབ་པ་བསྐོ་གཞག་དང་འབྲེལ་བའི་བཅའ་ཁྲིམས་དོན་ཚན་ལྟར་བསྐྱར་བཅོས་གྱི་ཁྲིམས་ཡིག་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་རྒྱབ་སྐྱོར་ཐོག་ནས་གཏན་འབེབས་བྱུང་ཡོད་པའི་སྐོར་འདིར་གསལ།
ཉེ་ལམ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་གནང་བའི་ཐུན་མོང་གི་གཞི་རྟེན་འཚོལ་བ་སྟེ། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་ལྡོག་ཁྲོད་དུ་ང་ཚོའི་ཐབས་ཇུས་གསར་པ་གླེང་བ་ཞེས་པའི་ཚོགས་འདུའི་གྲོས་གཞི་དང་བྱུང་རིམ། ཚོགས་འདུ་དེའི་གནད་འགག་དང་བོད་ཀྱི་འཐབ་རྩོད་ལ་ཕན་འབྲས་ཅི་འོང་སོགས་ཀྱི་ཐད་གླེང་མོལ་ཞུས་ཡོད།
གཞི་རིམ་མི་མང་ལས་འགུལ་ཚོགས་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་མདུན་དུ་བཅར་ཏེ་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཇལ་འཕྲད་ཡོང་ཕྱིར་ཕྱི་ཟླ་༩ ཚེས་༡༤ ཉིན་ཞུ་སྐུལ་ལས་འགུལ་སྤེལ་གནང་སོང་ལ། དེ་རིང་ཉིན་རྒྱབ་ནས་སྤྱི་འཐུས་ཚོགས་གཙོ་མཆོག་ནས་གྲོས་ཚོགས་ཀྱི་གྲུབ་ཆ་ལོན་མིན་གྱིས་གྲོས་ཚོགས་མུ་མཐུད་ཚོཊ་ཐུབ་མེད་པའི་སྐོར་འདིར་གསལ།
སྐབས་༡༧ པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་བཞིན་ཕྱི་ཟླ་༩ ཚེས་༡༡ ཉིན་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་ཡོད་ཅིང་། ཚོགས་གཙོས་སྤྱི་འཐུས་རྣམ་པས་༧གོང་ས་མཆོག་གི་དགོངས་བཞེད་སྒྲུབ་ཐབས་དང་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་སྤེལ་ཐབས་ལ་འབད་དགོས་པ་གསུངས་ཡོད་པའི་སྐོར་འདིར་གསལ།
མང་སྣོན།