སྲིད་འཛིན་ཌོ་ནལ་ཊམ་གྱི་འཛིན་སྐྱོང་གི་ཕྱི་སྲིད་དྲུང་ཆེ་མར་ཀོ རུ་བྷི་ཡོ་ཡིས་ཕྱག་ལས་གནང་འགོ་འཛུགས་ཙམ་གྱི་སྐབས་འདིར་རྒྱ་ནག་གཞུང་གིས་ཁོང་གི་རྒྱ་མིང་གི་རུས་མིང་ལུ་བི་ཡོ་ཡི་ལུ་ཟེར་བ་དེའི་སྒྲ་གདངས་འགྱུར་བ་བཏང་ཡོད་པ་རེད། (卢比奥 ནས་鲁比奥) དེ་ནི་ཁོང་གིས་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་པར་སྐྱོན་བརྗོད་གནང་པ་དང་འབྲེལ་བའི་ཉེས་ཆད་སྐྱེལ་བ་དེ་ནས་གཡོལ་ཆེད་རྒྱ་ནག་གཞུང་གི་ཐབས་ཤེས་ཤིག་རེད་ཅེས་དབྱེ་ཞིབ་པས་བརྗོད་འདུག
གཟའ་མིག་དམར་ཉིན་མོའི་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་གཞུང་འབྲེལ་ཡིག་ཆའི་ནང་ལ་རུ་བྷི་ཡོ་ཡི་རྒྱ་ཡིག་གི་མིང་གསར་པ་དེ་བཀོད་ཡོད་པ་རེད། འོན་ཀྱང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་དེ་སྔོན་མར་ཁོ་རུ་བྷི་ཡོ་རྒྱ་ནག་ནང་འགྲུལ་བཞུད་བཀག་སྡོམ་གནང་པ་དེ་ཕྱིར་འཐེན་གནང་ཡོད་མེད་ཀྱི་དྲི་བར་ལན་བརྒྱབ་མེད་པ་དང་། དེབ་ཚབ་ཏུ་མགྲིན་ཚབ་པ་ཀའོ་ཡིས་རྒྱ་ནག་གིས་རྒྱལ་
ཡོངས་ཁེ་ཕན་རྣམས་སྲུང་སྐྱོབ་ནན་པོ་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག རུ་བྷི་ཡོ་ཕྱི་སྲིད་དྲུང་ཆེ་གནང་པའི་ལས་ཉིན་དང་པོར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ བདེ་འཇགས་གྲོས་མོལ་ཚོགས་པའི་ཕྱི་སྲིད་བློན་ཆེན་རྣམ་པར་མཇལ་འཕྲད་གནང་ཡོད་པ་རེད། བདུན་ཕྲག་སྔོན་མར་གྲོས་ཚོགས་གོང་མའི་ཚོགས་ཆུང་གི་མདུན་ལ་རུ་བྷི་ཡོ་ཡིས་རྒྱ་ནག་དམར་ཤོག་ཚོགས་པ་ནི་ཨ་མི་རི་ཀར་ཉེན་ཁ་ཆེ་ཤོས་དེ་རེད་ཅེས་གསུངས་ཡོད་པ་རེད།
གླེང་སྟེགས།