ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་མདོ་སྨད་རྔ་བའི་དཔའ་བོའི་སྲང་ལམ་དུ་ཞི་བའི་ངོ་རྒོལ་བྱས་རྗེས་་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་མཁན་རེད་ཅེས་ལོ་གསུམ་ལ་བཙོན་མཇུག་བྱས་མྱོང་བ་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་དང་ལྷན་བོད་ནང་གི་དཀའ་སྡུད་དང་གནས་སྟངས་སོགས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།།
དེ་རིང་གི་དྲ་སྣང་གི་བོད་དུ་ X་དྲ་ཚིགས་ཀྱི་བོད་འབྲེལ་དཔྱད་མཆན། ༼གསའ༽འབྲེལ་བརྙན་དཔྱད་༡༠༨། པདྨ་ཚེ་བརྟན་གྱི་གློག་བརྙན་གསའ། རྒྱའི་དྲ་ལམ་འཐབ་ཇུས་གསར་བར་དཔྱད་པའི་སྙན་ཐོ། འགུལ་རིས་ལམ་ནས་བོད་ཀྱི་ལོ་རྒྱུས་འཆད་པ། ཨཱ་ལེག་སན་ཌར་ སི་མེ་ཐི། འགུལ་རིས་ལམ་ནས་བོད་ཀྱི་ལོ་རྒྱུས་འཆད་པའི་ལས་གཞིའི་འགན་འཛིན།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་བོད་རྒྱའི་དཀའ་རྙོག་སེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལྷན་ཚོགས་ཀྱིས་ངོས་ལེན་བྱུང་བའི་ཐད་ལ་མིགས་བསལ་བཅར་འདྲི་ཞུས་ཡོད།
བཙན་བྱོལ་དུ་བོད་མིའི་བཙུན་དགོན་ཁག་ནས་དགེ་བཤེས་མ་རིམ་པས་ཐོན་བཞིན་ཡོད་ཅིང་། དགེ་བཤེས་མ་ཚོས་ནང་བའི་ལྟ་གྲུབ་དར་སྤེལ་གཏོང་ཕྱོགས་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སོ་སོར་སེམས་ཁམས་རིག་པའི་ཐོག་ནས་ཞབས་འདེགས་གནང་རྒྱུའི་ལས་གཞི་གང་འདྲ་ཡོད་པའི་ཐད་ལ་གོ་བསྡུར་དང་ཟབ་སྦྱོང་ཞིག་འཚོག་བཞིན་འདུག
དུས་རབས་༡༩་བར་ཕྱག་བཏབ་པའི་ཨ་ཚོགས་དགོན་པ་དངོས་སུ་གཏོར་མགོ་འཛུགས་བཞིན་པ། ལྷ་སར་སློབ་གྲྭ་ཞིག་ཏུ་དོན་རྐྱེན་བྱུང་བའི་གནས་ཚུལ་ཞིག་ཐོན་ཡོད་པར་ཞིབ་འཇུག བོད་ནང་དུ་འཛིན་བཟུང་ཐེབས་པའི་སྐོར། ་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་ཚོགས་འདུ་སོགས་འཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་རྒྱུ་ཡིན།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ཀྱི་དཔལ་འབྱོར་གོ་སྐབས་ཞིབ་འཇུག་པ་འབུམ་རམས་པ་ཚེ་དབང་རིག་འཛིན་ལགས་དང་ལྷན་ཨ་རིའི་ནོར་སྲིད་དྲུང་ཆེ་ཇཱེ་ནི་ཐེ ཡེ་ལེན་གྱི་ཉིན་བཞིའི་རིང་གི་རྒྱ་ནག་ཚོང་དོན་འཚམས་གཟིགས་ཐད་བགྲོ་གླེང་ཞུས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་ཡོད་པའི་སྒྲོལ་མ་གླིང་བཙུན་དགོན་དུ་དགེ་བཤེས་མའི་འཐབ་ཇུས་དང་འཆར་སྣང་ཟབ་སྦྱོང་ཞེས་པ་འཚོག་བཞིན་པའི་ཐད་ཟབ་སྦྱོང་འདིའི་ཐད་ལ་འགན་གཙོ་བོ་ཁུར་མཁན་གྲས་སྤྱི་ཚོགས་འཕྲོད་བསྟེན་གྱི་སློབ་གསོ་བ་བདེ་ཆེན་ཚེ་རིང་ལགས་དང་བགྲོ་གླེང་ཞུས་ཡོད།།
དྲ་སྣང་གི་བོད། ༢༠༢༤ ཟླ་༤ ཚེས་༥ དེ་རིང་གི་དྲ་སྣང་གི་བོད་དུ་རིག་ནུས་སམ་བཅོས་རིག་བཀོལ་ནས་བོད་དབྱིན་ཡིག་སྒྱུར་གྱི་བྱེད་ནུས་གཤིབ་བསྡུར་དང་། ལུག་ཚང་དཔལ་ཡོན་སྒོ་རྒྱག་ཏུ་བཅུག་པ། བཙན་བྱོལ་བོད་མི་སྐད་གྲགས་ཅན་ཚོའི་འགན་འཁྲི་བཅས་ཡོད།
སྡེ་དགེ་རུ་ཆུ་གློག་འཛུགས་སྐྲུན་ཆེད་དགོན་གྲོང་ཁག་ཅིག་གནས་སྤོར་དགོས་ཞེས་བཀོད་ཁྱབ་བཏང་བར་མི་མང་གིས་ཞུ་འབོད་བྱས་སྐབས་སྡེབས་འཛིན་བྱུང་ཡོད་ལ། དེའི་རྗེས་ནས་ད་ལྟའི་བར་གནས་ཚུལ་ཅི་ཡང་ཤེས་རྟོགས་ཐུབ་ཀི་མེད་པའི་སྐབས་འདིར། བོད་མི་ཁག་ཅིག་གི་མིང་དང་པར་སོགས་ཕྱི་ལ་ཐོན་པའི་སྐོར་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།
སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་ཕུན་ཚོགས་སྟོབས་རྒྱལ་ལགས་དང་ལྷན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༥༥་པའི་སྟེང་བོད་དོན་སྙན་སེང་ཞུས་པའི་སྐོར་དང་། རྒན་རྒྱལ་ལོ་ལགས་ཀྱིས་ཚོགས་ཟུར་དུ་བོད་ནང་གི་གནས་སྟངས་འགྲེལ་བརྗོད་བྱས་པའི་བརྙན་ཐུང་ཞིག་གཟིགས་འབུལ་ཞུས་ཡོད།
ཀུན་གླེང་ལས་རིམ་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྤྱི་ལོ་༢༠༢༣་ལོའི་བོད་ནང་གི་གནས་སྟངས་སྤྱིའི་སྐོར་གྱི་ལོ་འཁོར་སྙན་ཐོའི་ཐད་ཚེ་རིང་སྐྱིད་ལགས་ཀྱིས་ལྟེ་གནས་ཁང་དེའི་ཉམས་ཞིབ་པ་ཕུར་བུ་སྒྲོལ་མ་ལགས་དང་ཞིབ་ཕྲ་བགྲོ་གླེང་ཞུ་རྒྱུ་ཡིན།
དེ་རིང་གི་དྲ་སྣང་གི་བོད་དུ་རྒྱ་ནག་གིས་བཙན་བྱོལ་བོད་མི་བེད་ལོག་གཏོང་བའི་སྲིད་ཇུས་གསར་པ་དང་། བདེ་ཆེན་ཤག་གྲགས་སྲས་ཀྱི་གསལ་བཤད་དང་ངོ་རྒོལ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཚོགས་པ།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཨ་རིའི་བོད་པ་སྔ་ཤོས་གྲས་ཚེ་བརྟན་སྒྲོལ་དཀར་ལགས་དང་། ཝ་ཤིན་ཀྲོན་བོད་རིགས་ཚོགས་པའི་ཚོགས་གཙོ་ནང་ལོ་རྣམ་རྒྱལ་སྒྲོལ་དཀར་ལགས། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྐུ་ཚབ་བཅས་གདན་འདྲེན་ཞུས་ཏེ་ད་ལོའི་བོད་དོན་ཞུ་གཏུག་དང་འབྲེལ་བའི་སྐོར་ནས་བགྲོ་གླེང་ཞུ་རྒྱུ་ཡིན།
དྲ་སྣང་གི་བོད། ༢༠༢༤ ཟླ་༣ ཚེས་༨ དེ་རིང་གི་དྲ་སྣང་གི་བོད་དུ་ཏཱ་ལའི་བླ་མའི་མཚན་ཐོག་གི་སློབ་ཡོན་གསལ་བསྒྲགས་དང་། བོད་ཀྱི་བུད་མེད་ཚོའི་སྐྲའི་ལན་བུ་དང་རིག་གཞུང་། བོད་དོན་ཁྲིམས་འཆར་ཆེད་ཨ་རིའི་གྲོས་ཚོགས་གོང་མར་ཞུ་གཏུག་བཅས་ཡོད།
གཟའ་འཁོར་ལྔ་ཙམ་གྱི་རིང་ལ་འཚོག་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་ཁ་གསལ་མེད་པའི་རྒྱ་ནག་གི་ཁྲིམས་ལྟར་བཙོན་འཇུག་ཐེབས་པ་ཚོ་གློད་གྲོལ་གཏོང་རྒྱུ་དང་། བོད་དུ་གཞི་རྩའི་ཐོབ་ཐང་དང་འགལ་བའི་ཁྲིམས་སོགས་ལག་བསྟར་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ཞུས་པ་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ།
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་བའི་ཐོག་ལ་གྲོས་ཆོད་དམ་ཡང་ན་ལས་འགུལ་འཆར་གཞི་དོན་ཚན་བདུན་བཞག་ཡོད་པ་དེའི་ནང་དུ་སྲིད་གཞུང་ཁག་ལ་བོད་དེ་རྒྱ་ནག་གི་ཆ་ཤས་མིན་པ་འགྲེལ་བརྗོད་དང་བོད་མི་ལ་གྲངས་ཉུང་མི་རིགས་ཞེས་བེད་སྤྱོད་མི་བྱ་བར་སྐུལ་སློང་བྱེད་རྒྱུ་སོགས་ཚུད་འདུག
སྡེ་དགེ་ནས་བོད་མི་འཛིན་བཟུང་གློད་གྲོལ་དགོས་པའི་སྐད་འབོད། བྷ་ཌན་གྱི་སྐུ་གཟུགས་གནས་བབ། གྲོས་ཚོགས་གོང་མའི་འགོ་ཁྲིད་ཅིག་གིས་དགོངས་ཞུ་གནང་འཆར། རྒྱ་ནག་གི་དྲ་མང་རྩད་གཅོད་སྔོན་འགོག་གི་འབོད་སྐུལ། སྐུ་ཚབ་དོན་གཅོད་ཁག་གི་ཚོགས་འདུ། སྲིད་པ་མགུ་བའི་མཆོད་ཕྲེང་། རྒྱ་ནག་རྒྱལ་ཁབ་ཀྱི་གསང་བ་སྲུང་སྐྱོབ་ཀྱི་ཁྲིམས་ཞེས་པ།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཡུ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་ལྷན་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་བའི་སྟེང་གྲོས་བསྡུར་ཅི་ཞིག་བྱུང་བ་དང་། ད་ལྟའི་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་གྱི་གནས་བབ་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་དོན་ལས་འགུལ་བསྟི་གནས་ཀྱི་དྲ་རྒྱའི་བདེ་འཇགས་ཆེད་ལས་པ་སྲི་ཐར་བློ་བཟང་རྒྱ་མཚོ་ལགས་གདན་འདྲེན་ཞུས་ནས་རྒྱ་ནག་གི་དྲ་ཇག་བརྡ་འཕྲིན་ཁང་གི་ཡིག་ཆ་ཕྱི་ལ་ཤོར་དོན་དང་དེའི་མཚོན་དོན། ནང་དོན་སོགས་ཀྱི་ཐད་ནས་བགྲོ་གླེང་ཞུས་ཡོད།
དེ་རིང་གི་དྲ་སྣང་གི་བོད་དུ་རྒྱལ་སྤྱིའི་དྲ་དཔོན་ཞིག་གིས་རྒྱ་མིས་སུན་བཙེར་ལ་རྒོལ་ལན། གྲྭ་བས་པུས་མོ་བཙུགས་ཏེ་ཞུ་བ་འཐེན་པར་དྲ་མང་གི་བསམ་ཚུལ། ཐེ་ཝན་དུ་བོད་རང་དབང་ཆེད་རྐང་འཁོར་བསྐོར་བསྐྱོད་སོགས་ཡོད།
མང་སྣོན།