གསར་འགྱུར་ཞིག་སྤེལ་སྐབས་གསར་འགྱུར་དེ་ལ་མི་ག་ཚོད་ཀྱིས་དགའ་བ་དང་། མི་ག་ཚོད་ཀྱིས་མ་དགའ་བ་བྱེད་སྲིད་དམ་ཞེས་པ་འདི་གསར་འགོད་པ་དང་རྩོམ་སྒྲིག་པ་སུ་ཞིག་གིས་བསམ་བློ་གཏོང་ས་ཞིག་དང་དཔྱད་གཞི་ཞིག་ཆགས་ཀི་མེད་ཅེས་པདྨ་འཚོ་ལགས་ཀྱིས་བརྗོད་སོང་།
དེ་རིང་གི་དྲ་སྣང་གི་བོད་དུ་Tibet ཡི་ཚབ་ལ་Xizang བསྒྱུར་བར་ངོ་རྒོལ་སྐོར་དང་། བོད་རིག་པ་བ་དང་ཞིབ་འཇུག་པའི་མཉམ་རུབ་ངོ་རྒོལ། རྒྱ་ནག་གིས་ཕྱི་རྒྱལ་དུ་བོད་འབྲེལ་དྲིལ་བསྒྲགས་ཆེ་རུ་གཏོང་འཆར་སོགས་ཀྱི་ནང་དོན་ཡོད།
ཀུན་གླེང་ལས་རིམ་དུ་བཙན་བྱོལ་བོད་ཀྱི་གསར་ཁང་དང་གསར་འགོད་པ་ཚོའི་འོས་འགན་དང་གདོང་ལེན་བྱེད་དགོས་པའི་དཀའ་ངལ་གྱི་ཐད་ལ་ཀུན་གླེང་གཙོ་སྐྱོང་བ་ཚེ་རིང་སྐྱིད་ཀྱིས་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་པདྨ་འཚོ་ལགས་དང་བགྲོ་གླེང་ཞུས་ཡོད།
གཟའ་འཁོར་འདིར་ཨ་རིའི་གྲོས་ཚོཊ་སུ་རྒྱ་ནག་དང་འབྲེལ་བའི་ཁྲིམས་འཆར་༢༠་ལྷག་གཏན་འབེབས་བྱེད་བཞིན་ཡོད་པ་དེའི་ནང་རྒྱ་ནག་གི་ཁུང་ཙི་སློབ་གླིང་ལ་འབྲེལ་བ་ཡོད་པའི་ཨ་རིའི་མཐོ་སློབ་ཁང་ཁག་ལ་ཨ་རིའི་གཞུང་དངུལ་སྤྲོད་རྒྱུ་མཚམས་འཇོག་བྱ་རྒྱུའི་ཁྲིམས་འཆར་གཏན་འབེབས་བྱས་འདུག་པའི་སྐོར་ཚེ་རིང་སྐྱིད་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་འབུམ་རམས་པ་སྦྲ་རིགས་ཐོགས་མེད་ལགས་གདན་འདྲེན་ཞུས་ནས་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་ཚོགས་ཆེན་ཐེངས་བདུན་པའི་ཐད་བགྲོ་གླེང་ཞུས་ཡོད།
དེ་རིང་དྲ་སྣང་གི་བོད་དུ་ནེའུ་ཡོག་ཏུ་པདྨ་ཚེ་བརྟན་གྱི་གློག་བརྙན་དགུ་གཟིགས་འབུལ། དྲ་ཚིགས་ཧྲིལ་བོ་བོད་ཡིག་ཏུ་བསྒྱུར་ཐབས། ལོ་རྒྱུས་སུ་སྙན་གྲགས་ཆེ་ཤོས་ཆོས་ཀྱི་དབུ་ཁྲིད་གྲས་སུ་འདམ། རི་ཆཱར་གྷེར་གྱི་སྐྱེས་སྐར་ལ་འཚམས་འདྲི། རྒྱ་མི་ཡུལ་སྐོར་བ་ཞིག་གི་ལྷ་སའི་བརྙན། ཐེ་ཝན་དྲ་གྲགས་ཁག་ཅིག་བོད་དུ་བསྐྱོད་པར་སྐྱོན་བརྗོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་གྲོང་འཛུགས་སྐྲུན་ལས་འཆར་གྱི་འགན་འཛིན་ལྷ་དབང་ཏཱ་ར་ལགས་དང་མི་ནི་སོ་ཊ་ཨ་རི་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ལྷ་མོ་ལགས་གཉིས་གདན་འདྲེན་ཞུས་ནས་བྱང་ཨ་རིའི་ནང་གི་བོད་གྲོང་འཛུགས་སྐྲུན་ལས་འཆར་ཐད་ལ་བགྲོ་གླེང་ཞུས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་གདན་འདྲེན་ཞུས་ནས་ཡུ་རོབ་བོད་མིའི་བརྟན་བཞུགས་དང་མཚོན་དོན་ཐད་བགྲོ་གླེང་ཞུས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཀྲོ་རོན་ཊོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་གླང་དཀར་དང་། ནེའུ་ཡོག་དང་ནེའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཆོས་རྫོང་ནོར་བུ་ཚེ་རིང་ལགས་རྣམ་གཉིས་དང་ལྷན་བྱང་ཨ་རིའི་བརྟན་བཞུགས་ཀྱི་སྟ་གོན་དང་རེ་ལྟོས་སོགས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།
༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དེ་རིང་གཟའ་པ་སངས་ཉིན་(༢༠༢༤།༨།༡༦) ཨ་རིའི་ནེའུ་ཡོག་མངའ་སྡེའི་ནང་ཡོད་པའི་ཨི་ཐ་ཁའི་དཔེ་མཛོད་ཁང་དང་ཤེས་ཡོན་བསྟི་གནས་ཁང་ལ་ཆིབས་སྒྱུར་བསྐྱངས་པ་དང་། འདི་ནི་༧གོང་ས་མཆོག་གི་ཞབས་པུས་གཤག་བཅོས་ལེགས་གྲུབ་བྱུང་བའི་རྗེས་ཆིབས་སྒྱུར་མཛད་འཕྲིན་བསྐྱངས་པ་ཐོག་མ་དེ་ཆགས་ཡོད།
ཨ་རིའི་འོས་བསྡུའི་དྲིལ་བསྒྲགས་ཀྱི་གནས་སྟངས་དང་འོས་མི་རྣམས་ཀྱི་སྐོར་ནས་ཚེ་རིང་སྐྱིད་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་རྣམ་གཉིས་ལྷན་དུ་དེ་དོན་བགྲོ་གླེང་ཞུས་ཡོད།
བོད་མི་མང་པོ་ཞིག་གིས་བོད་ཀྱི་ཁ་བཏགས་སྲུང་སྐྱོབ་པ་གཅོད་པ་ཐར་ལགས་ལ་ཁ་བཏགས་ཉེན་རྟོག་པ་ཞེས་འབོད་སྲོལ་ཡོད། ལས་རིམ་འདིའི་ནང་གསར་འགོད་པ་ཚེ་རིང་སྐྱིད་དང་མཉམ་དུ་ང་ཚོས་གཅོད་པ་ཐར་ལགས་ཀྱི་ཁ་བཏགས་ལས་འགུལ་གཙོ་བྱེད་པའི་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཀྱི་ལས་འགུལ་དང་ཁོང་གི་བཙན་བྱོལ་གྱི་མི་ཚེ་ལ་རྒྱུས་ལོན་བྱ།
དེ་རིང་གི་དྲ་སྣང་གི་བོད་དུ་ཕྱི་རྒྱལ་ཡུལ་སྐོར་བ་བེད་སྤྱོད་ཀྱི་དྲིལ་བསྒྲགས་དང་། དྲ་ཐོག་གི་རྒྱལ་སྤྱིའི་སྐད་ཡིག་སློབ་སྦྱོང་བྱེད་ས། ཆོས་དབྱིངས་སྐྱིད་དང་འབྲེལ་བའི་དྲ་ལམ་བགྲོ་གླེང་། ཨོ་རྩལ་དང་རྒྱ་ནག་བཅས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་འཆི་མེད་ལྷ་མོ་ལགས་གདན་འདྲེན་ཞུས་ནས་རྒྱ་ནག་གིས་ཕྱི་རྒྱལ་དུ་སྤེལ་བཞིན་པའི་དྲག་གནོན་གྱི་སྙན་ཐོ་སྐོར་བགྲོ་གླེང་ཞུས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་གདན་འདྲེན་ཞུས་ནས་རྭ་རྒྱ་ཤེས་རིག་ནོར་གླིང་སྒོ་བརྒྱབ་པའི་ཞིབ་འཇུག་བགྲོ་གླེང་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།
དེ་རིང་གི་དྲ་སྣང་གི་བོད་དུ་ཁེ་ལོ་ཌི་རིག་ནུས་སྐོར་དང་། བོད་མིའི་རང་སྲེག་ལས་འགུལ་སྐོར་གྱི་དཔེ་དེབ་གསར་བ། ཇུ་ལི་ཁ་ཀརྨ་ཆོས་སྒྲོན་ལགས་ཀྱི་བོད་སྐད་སློབ་ཁྲིད་བཅས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཀརྨ་བསོད་ནམས་དར་རྒྱས་གླིང་གི་བླ་མ་བསྟན་འཛིན་གྲགས་པ་ལགས་གདན་འདྲེན་ཞུས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་དབྱར་སེང་སློབ་གྲྭའི་ཐད་ལ་བགྲོ་གླེང་ཞུ་རྒྱུ་ཡིན།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་གི་བལ་ཡུལ་ས་གནས་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་དང་ལྷན་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་སྒོ་རྒྱག་དགོས་བྱུང་བའི་སྐོར་བགྲོ་གླེང་ཞུས་ཡོད
པེ་ཅིང་དུ་འཚོག་བཞིན་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཞེས་པའི་སྐབས་འདིར། མི་ཚོས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོས་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་ཇེ་དལ་དུ་སོང་བའི་ཐད་གདོང་ལེན་ཇི་ལྟར་བྱ་རྒྱུ་ཡིན་མིན་ལ་དོ་སྣང་སླེབས་བཞིན་པའི་སྐོར་ཚེ་རིང་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
མང་སྣོན།