སི་རི་ཡའི་སྲིད་འཛིན་ཟུར་པ་བྷ་ཤར་ཨ་ས་ཌིས་སྤྱི་ཟླ་༡༢ པའི་ཚེས་༨ ཉིན་གྱི་དགོང་དྲོར་སི་རི་ཡའི་ཧ་མཱེ་མི་མཁའ་དམག་རྟེན་གཞི་ལ་འཇབ་རྒོལ་ཐེབས་རྗེས། ཁོ་པ་ཡུལ་དེ་ནས་ཨུ་རུ་སུའི་ཕྱོགས་སུ་བྲོས་བྱོལ་དུ་མི་ཕྱིན་ཁ་མེད་ཆགས་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཚེ་རིང་དབང་མོ་ལགས་ཀྱིས་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་ཞི་ཅིན་ཕིང་གི་མཐའ་མཚམས་སྐོར་གྱི་སྲིད་ཇུས་གསར་པ་དང་ཝུའུ་དབྱིང་ཇེར་ཉེས་འཛུཊ་ཕོག་ཡོད་པའི་གནས་ཚུལ་སྐོར་ནས་གླེང་མོལ་ཞུས་ཡོད།
ཀུན་གླེང་གསར་འགྱུར་ནང་ཨུ་རུ་སུའི་དམག་སྤྱི་ཞིག་མོ་སི་ཀོ་རུ་ལྐོག་གསོད་བྱས་པ་དང་། སེ་རི་ཡའི་འགོ་ཁྲིད་གསར་པས་བྲོས་བྱོལ་གྱི་རྒྱབ་ལྗོངས་གསལ་བསྒྲགས་བྱས་པ། ཨི་སི་རལ་དང་ལེ་བྷ་ནོན་ས་མཚམས་ཁུལ་གྱི་བདེ་འཇགས། རྒྱལ་སྤྱིའི་འདུལ་བའི་བགྲོ་གླེང་ཐེངས་ལྔ་བ། ཨ་རིའི་འཕྲིན་གཏོང་ལས་དོན་དང་རྒྱ་ནག་ལས་དོན་སོགས་ཡོད།
ཨ་རིའི་རྒྱལ་སར་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བདེན་པའི་སྒྲོན་མེ་ཞེས་པའི་གཟེངས་རྟགས་དེ་ཁ་སང་སྤྱི་ཟླ་༡༢ པའི་ཚེས་༩ ཉིན་གྱི་ཕྱི་དྲོར་བོད་དོན་སྐོར་ལ་རྒྱབ་སྐྱོར་ཡུན་རིང་གནང་མཁན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སེ་པེ་ལོ་སི་ལགས་ལ་ཕུལ་ཡོད་པའི་སྐོར་ཚེ་རིང་དབང་མོ་ནས།
ཧྥ་རན་སིའི་རྒྱལ་ས་པེ་རེ་སིར་ཡོད་པའི་ནོ་ཊར་ཌམ་ལྷ་ཁང་ཆེན་མོ་དེ་རིང་མིན་གཟའ་མཇུག་ཏུ་བསྐྱར་དུ་སྒོ་འབྱེད་རྒྱུ་ཡིན་པ་དང་། ལོ་ལྔ་ཙམ་གྱི་གོང་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་ཡེ་ཤུའི་གནམ་བདག་ཆོས་ལུཊ་ཀྱི་ལྷ་ཁང་ཆེན་མོ་དེར་མེ་སྐྱོན་ཚབས་ཆེན་ཕོག་ནས་ད་ཆ་ཉམས་གསོ་ལེགས་པར་གྲུབ་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
གསར་འགྱུར་གཞན་ཁག་གི་གནད་བསྡུས་ནང་། བྷ་ཌན་གྱིས་སོ་སོའི་བུ་ལ་ཉེས་ཆད་ཆག་ཡང་བཏང་སྟེ་ཨན་ཀོ་ལར་འཚམས་འདྲི། འཇར་མན་གྱི་སྲིད་བློན་དང་ཡུག་ཀེ་རན་གྱི་སྲིད་འཛིན་གཉིས་མཇལ་མོལ། ཐེ་ཝན་གྱི་སྲིད་འཛིན་ལའེ་ཆིང་ཏེའི་སྐོར་བསྐྱོད་དང་རྒྱ་ནག་གི་སྐྱོན་བརྗོད། རྒྱལ་ཚོགས་ཀྱི་འགྱིག་ཤོག་གཙང་བཟོའི་གྲོས་མོལ་ལམ་ལྷུངས་བྱུང་མེད་པ་བཅས།
སྲིད་འཛིན་བྷ་ཌན་གྱིས་རྒྱ་ནག་གི་དམག་དོན་དང་མིས་བཟོས་བཅོས་རིག་ལ་མཁོ་བའི་ཆིབ་ལེབ་བཀག་སྡོམ་རྒྱ་བསྐྱེད་གཏང་རྒྱུའི་སྒྲིག་གཞི་གསར་པ་ཞིག་ལག་བསྟར་བྱ་རྒྱུ་རེད་། ཞིབ་འགྲེལ་ལས་རིམ་ནང་རྒྱ་ནག་ལ་ཆིབ་ལེབ་བཀག་སྡོམ་རྒྱ་བསྐྱེད་གཏང་དགོས་པའི་རྒྱུ་མཚན་དང་ཤུགས་རྐྱེན་སོགས་ཀྱི་སྐོར་ལ་ཚེ་བརྟན་དབང་ཕྱུག་ལགས་སུ་གླེང་མོལ་ཞུ་རྒྱུ
ཀུན་གླེང་གསར་འགྱུར་ནང་ཊམ་གྱིས་རྒྱ་གར་ལ་ཉེ་བོ་བྱེད་སྲིད་ཀྱང་ཚོང་ལས་ཐད་གནོན་ཤུགས་སྤྲད་སྲིད་པའི་སྐོར་དང་། སེ་རི་ཡའི་གྱེན་ལོག་པས་ཕར་རྒོལ་ཤུགས་ཆེར་བཏང་བ། ཊམ་གྱི་གཞུང་གསར་པས་ཨི་རན་ལ་གནོན་ཤུགས་ཆེན་པོ་འགེལ་སྲིད། པེ་རེ་སིའི་ནོ་ཊར་ཌམ་ལྷ་ཁང་ཆེན་མོ་བསྐྱར་དུ་སྒོ་འབྱེད། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
གསར་འགྱུར་གཞན་ཁག་གི་གནད་བསྡུས་ནང་། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་༤༥ ལ་ཁྲིམས་ཆད་བཅད་པ་དང་། རྒྱ་ནག་གི་སློབ་གྲྭ་ཞིག་ཏུ་གྲི་བརྒྱབ་ནས་མི་༨ བསད་འདུག ཐེ་ཝན་གྱི་སྲིད་འཛིན་ལའེ་ཆིང་ཏེས་སློབ་ཕྲུག་ཚོའི་དྲི་བར་ལན་འདེབས། འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་དང་ཌོ་ནལ་ཊམ་ལ་དོ་སྣང་བྱེད་བཞིན་པ་བཅས་ཡོད།
ཀུན་གླེང་གསར་འགྱུར་ནང་ཨ་རིས་སྲིད་འཛིན་གྱི་འགན་དབང་རྩིས་བཞེས་ཀྱི་སྟ་གོན་སྐོར་དང་། གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་མིས་འགོ་ཁྲིད་གསར་འདེམས། དཔལ་འབྱོར་ཚོགས་འདུའི་སྟེང་ཨ་རི་དང་རྒྱ་ནག་འགོ་ཁྲིད་མཇལ་མོལ། ཨ་རིའི་འཕུར་མདེལ་ཆོག་མཆན་དང་དམག་འཁྲུག་ཉིན ༡༠༠༠ ཟིན་པ། གསར་འགྱུར་གཞན་ཁག་གི་གནད་བསྡུས་བཅས་ཡོད།
ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཚེ་རིང་དབང་མོ་ལགས་ཀྱིས་གསར་འགོད་པ་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་དུ་ངེས་གཏན་མེད་པའི་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཞེས་པའི་བརྗོད་གཞིའི་སྟེང་ནས་བགྲོ་གླེང་ཞུ་རྒྱུ་ཡིན།།
གསར་འགྱུར་གལ་ཆེན་གཞན་ཁག་གི་གནད་བསྡུས་ནང་། ཨུ་རུ་སུས་ཊམ་དང་ཕུ་ཏིན་བར་གྲོས་མོལ་བྱུང་མེད་ཅེས་བརྗོད། ཨི་རན་གྱིས་ལྐོག་བསད་དོན་རྐྱེན་ནང་ཞུགས་མེད་པར་བརྗོད། རྒྱ་ནག་གི་ཉོ་ཚོང་དུས་ཆེན་དང་མཛད་སྤྱོད། ཨ་རིའི་དམག་ཟུར་དུས་ཆེན་དང་བྷ་ཌན།་བཅས་ཡོད།
བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་རྒྱ་ནག་ཉེན་རྟོག་པས་ཟླ་འདིའི་ཕྱི་ཚེས་ ༨ ཡས་མས་ཤིག་ལ་བོད་སྐྱེ་རྒུ་མདོའི་རང་ཁྱིམ་ནས་ཡང་བསྐྱར་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་གང་དུ་ཡོད་མེད་དང་གནས་སྟངས་གང་འདྲ་སོགས་ཤེས་རྟོགས་མ་ཐུབ་པར་ལྷག་འདུག
ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཚེ་རིང་དབང་མོ་ལགས་ཀྱིས་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་ཨ་རིའི་བདམས་ཐོན་སྲིད་འཛིན་ཊམ་གྱིས་རྒྱ་ནག་གི་སྟེང་དུ་འཛིན་པའི་དཔལ་འབྱོར་སྲིད་ཇུས་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།།
ཨ་རིའི་རླུང་འཕྲིན་ཁང་གི་གཟའ་མིག་དམར་ཉིན་གྱི་ཀུན་གླེང་གསར་འགྱུར་ནང་བོད་ཀྱི་སྐད་ཡིག་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་བསྐྱར་དུ་བཀག་ཉར་དང་། ཨི་ཤི་བྷ་བསྐྱར་དུ་ཉི་ཧོང་གི་སྲིད་བློན་ལ་བདམས་པ། དཀྱིལ་ཤར་ཟིང་ཆའི་གནས་སྟངས། འཛམ་གླིང་ཁོར་ཡུག་ཚོགས་ཆེན་དབུ་འབྱེད། ཊམ་གྱི་གཞུང་གསར་པའི་སྲིད་ཇུས་ལ་དོ་སྣང་སོགས་ཡོད།
ཨ་རིའི་འོས་བསྡུའི་ཉིན་མོར་གོ་སྒྲིག་བྱས་པའི ༢༠༢༤ ལོའི་ཨ་རིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དང་འབྲེལ་བའི་དམིགས་བསལ་ཐད་གཏོང་ལས་རིམ།
དེ་རིང་སྤྱི་ཟླ་༡༠ པའི་ཚེས་༣༠ ཉིན་ནས་བཟུང་། ཡུ་རོབ་མནའ་འབྲེལ་གྱིས་དངོས་སུ་རྒྱ་ནག་གིས་ཐོན་སྐྱེད་བྱས་པའི་གློག་གི་མོ་ཊ་ལ་སྒོ་ཁྲལ་བརྒྱ་ཆའི་༣༥.༣ སྤར་རྒྱུ་དང་། གཞན་སང་ཉིན་ཚེས་༣༡ ཉིན་ནས་བཟུང་སྟེ། རྒྱ་ནག་གི་མོ་ཊ་རིགས་ཡོད་ཚད་ལ་སྒོ་ཁྲལ་བརྒྱ་ཆའི་༡༠ སྤར་རྒྱུ་ཡིན་པ་སོགས་ཀྱི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
རེས་གཟའ་སྤེན་པའི་ཉིན་གྱི་ཐོ་རེངས་ཙམ་ལ། ཨི་སི་རལ་གྱིས་ཨི་རན་གྱི་ཕྱོགས་སུ་དམག་གི་གནམ་གྲུ་བརྒྱ་ལྷག་ཙམ་བཏང་ནས་གཏོར་རྒོལ་དྲག་པོ་བཏང་ཡོད་པ་དང་། རེས་གཟའ་ཉི་མའི་ཉིན། གཏོར་རྒོལ་དོན་རྐྱེན་དེའི་སྐོར་ལ་ཨི་སི་རལ་གྱི་སྲིད་བློན་དང་ཨི་རན་གྱི་ཆེས་མཐོའི་འགོ་ཁྲིད་གཉིས་ཀྱིས་འགྲེལ་བརྗོད་ཐ་དད་བྱས་ཡོད།
བྷ་ཌན་གྱིས་ཌེ་ལ་ཝེར་མངའ་སྡེའི་ནང་འོས་འཕེན་དུ་ཕྱིན་པ། སུའུ་ཏན་གྱི་དྲག་ཟིང་ཞི་འཇགས་ཡོང་ཐབས་སུ་རྒྱལ་ཚོགས་ཀྱིས་རེ་སྐུལ། མོ་རཱོ་ཀོ་དང་ཧྥ་རན་སི་གཉིས་ཀྱིས་གྲོས་མཐུན་བཞག་པ། ཡུ་རོ་ཀོའེ་ཡི་འོས་བསྡུའི་མཇུག་འབྲས། པེ་ཅིང་སློང་ཆུང་ཞིག་གི་འཁྲིས་སུ་གྲི་བརྒྱབ་ནས་མི་ལྔ་ལ་རྨས་སྐྱོན་ཕོག་པ།
གསར་འགྱུར་གལ་ཆེན་གཞན་ཁག་གི་གནད་བསྡུས་ནང་། རྒྱ་གཞུང་གིས་རྔ་བར་བོད་མི་འགའ་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་ཆཊ་པ། སྲིད་སྐྱོང་གིས་རྒྱ་དཀར་ནག་གི་གྲོས་མོལ་ལ་དགའ་བསུ། ཨིན་རྡུ་ནི་ཤི་ཡ་དང་རྒྱ་ནག་གི་མཚོ་ཐོག་དཀའ་རྙོག ཁམ་བྷོ་ཌི་ཡ་ནང་གི་གསར་འགོད་པ་ཞིག་གློད་བཀྲོལ། པཱ་ཀི་སི་ཐན་གྱི་སྲིད་བློན་ཟུར་པའི་བཟའ་ཟླ་གློད་བཀྲོལ།
མང་སྣོན།