ཡུ་རོབ་ཀྱིས་རྒྱ་ནག་གི་གློག་གི་མོ་ཊར་སྒོ་ཁྲལ་འཕར་མ་སྤར་རྒྱུ།
དེ་རིང་སྤྱི་ཟླ་༡༠ པའི་ཚེས་༣༠ ཉིན་ནས་བཟུང་། ཡུ་རོབ་མནའ་འབྲེལ་གྱིས་དངོས་སུ་རྒྱ་ནག་གིས་ཐོན་སྐྱེད་བྱས་པའི་གློག་གི་མོ་ཊ་ལ་སྒོ་ཁྲལ་བརྒྱ་ཆའི་༣༥.༣ སྤར་རྒྱུ་དང་། གཞན་སང་ཉིན་ཚེས་༣༡ ཉིན་ནས་བཟུང་སྟེ། རྒྱ་ནག་གི་མོ་ཊ་རིགས་ཡོད་ཚད་ལ་སྒོ་ཁྲལ་བརྒྱ་ཆའི་༡༠ སྤར་རྒྱུ་ཡིན་པ་སོགས་ཀྱི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།