ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་རྒྱ་དཀར་ནག་གཉིས་ཀྱིས་དོགས་པ་དང་བཅས་འབྲེལ་ལམ་གོང་སྤེལ་སྐོར་དང་། ཛེ་ལན་སི་ཀེས་བཏོན་པའི་རྒྱལ་ཁའི་འཆར་གཞི་དང་མི་མང་གི་ལྟ་ཚུལ། བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་མཆོག་སྐུ་ཚེ་མ་ཟིན་པ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་སོགས་ཡོད།
མི་དམངས་འདོད་བློ་ཚོད་རྩིས་ལ་བརྟེན་ནས་འོས་བསྡུའི་གནས་སྟངས་རགས་རིམ་ཞིག་ཤེས་རྟོགས་བྱུང་ཐུབ་ཀྱི་ཡོད་ཀྱང་། ཚོད་རྩིས་དེ་དག་ནི་མགོ་རྙོག་པོ་ཞིག་ཡིན་པར་མ་ཟད། སྐབས་རེར་ནོར་འཁྲུལ་ཡང་འབྱུང་སྲིད་པ་དང་། འོས་བསྡུའི་ཁྲོད་ཀྱི་ནོར་འཁྲུལ་གྱི་ཧེ་བག་ཅེས་པའི་གོ་དོན་ཅི་ཞིག་ཡིན་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
གཟའ་མིག་དམར་ཉིན་གྱི་ཀུན་གླེང་གསར་འགྱུར་ནང་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱིས་རྒྱལ་སྤྱིའི་སྟེང་བོད་དོན་ལངས་ཕྱོགས་གསལ་པོར་སྟོན་དགོས་ཞེས་གསུངས་སྐོར་དང་། ཨ་རིའི་སྐུ་ཚབ་ལེ་བྷ་ནོན་གྱི་གྲོས་ཚོགས་ཚོགས་གཙོ་དང་མཇལ་འཕྲད། ཨ་རིའི་རྒྱལ་སྲུང་བློན་ཆེན་གྱིས་བསྐྱར་དུ་ཡུག་ཀེ་རན་ནང་འཚམས་གཟིགས་གནང་བ་སོགས་ཡོད།
ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཚེ་རིང་དབང་མོ་ལགས་ཀྱིས་འདི་གའི་གསར་འགོད་པ་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཟུར་པ་ཆིན་ཀཱང་གར་སོང་ཆ་མེད་ཆགས་པའི་གསང་བ་ཕྱིར་བརྟོལ་བའི་སྐོར་བགྲོ་གླེང་ཞུ་རྒྱུ་ཡིན།།
རྒྱ་དཀར་ནག་གིས་དམག་དོན་སྐོར་ཞིབ་ཀྱི་གྲོས་མཐུན་བཞག་པ། ཨིན་རྡུ་ནི་ཤི་ཡའི་སྲིད་འཛིན་གསར་པས་བློན་ཆེན་བསྐོ་བཞག མོལ་ཌོ་ཝའི་རྒྱལ་ཡོངས་འོས་བསྡུ་དང་དེའི་མཇུག་འབྲས།
མ་གཞི་སྤྱི་མཐུན་ཚོགས་པའི་ཕྱོགས་སུ་ཡོད་པའི་མངའ་སྡེ་བྱང་ཁེ་རོ་ལ་ནའི་ནང་དམངས་གཙོ་ཚོགས་པར་དགའ་མོས་བྱེད་མཁན་གྱི་གཞོན་སྐྱེས་དང་ཕྱི་མི་གནས་སྤོ་བ་ཇེ་མང་འགྲོ་བཞིན་པར་བརྟེན་ད་ལྟ་སྲིད་འཛིན་འོས་མི་གཉིས་ཀས་མངའ་སྡེ་དེ་འོས་བསྡུའི་རྒྱལ་ཁ་ཐོབ་རྒྱུར་གལ་འགངས་ཆེན་པོ་བརྩི་བཞིན་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཚེ་རིང་དབང་མོ་ལགས་ཀྱིས་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་ཡུ་རོབ་དང་ཨེ་ཤེ་ཡའི་རྒྱལ་ཁབ་འགའ་ཤས་ནང་ཕྲུ་གུ་སྐྱེ་ཚད་ཉུང་དུ་འགྲོ་བཞིན་པའི་གནད་དོན་དེར་གདོང་ལེན་ཆེད་དུ་གཞུང་སོ་སོའི་ངོས་ནས་ཐབས་ལམ་འདྲ་མིན་ལ་གྲུབ་འབྲས་གང་ཡང་ཐོབ་ཐུབ་མེད་པའི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།
དེ་རིང་གི་གསར་འགྱུར་ནང་རྒྱ་ནག་གིས་ཐེ་ཝན་གྱི་མཐའ་སྐོར་དུ་དམག་སྦྱོང་། དཀྱིལ་ཤར་ས་ཁུལ་གྱི་དམག་འཁྲུག་གི་གནས་སྟངས། ཨ་རིའི་ནང་རླུང་འཚུབ་གོད་ཆགས་ཀྱི་ཉེན་སྐྱོབ། སྲིད་འཛིན་འོས་བསྡུའི་དྲིལ་སྒྲོག་ཁྲོད་སྒྱུ་རྩལ་མི་སྣའི་རྒྱབ་སྐྱོར། སྲིད་སྐྱོང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་དང་ཐུག་འཕྲད་གནང་བ་སོགས་ཡོད།
རྒྱ་ནག་དམག་ཕྱོགས་ནས་གཟའ་ཟླ་བའི་ཉིན་ཐེ་ཝན་གྱི་ཉེ་འཁྲིས་སུ་དམག་གི་གནམ་གྲུ་༡༢༥ བཏང་ནས་དམག་སྦྱོང་གཞི་རྒྱ་ཆེན་པོ་ཞིག་བྱས་པ་དེ་ནི་ལའེ་ཆིང་ཏེ་གཙོས་པའི་ཐེ་ཝན་རང་བཙན་གྱི་ལྟ་གྲུབ་འཛིན་མཁན་དང་ཁ་བྲལ་རིང་ལུཊ་པ་ཚོའི་བྱེད་སྟངས་ལ་ཉེན་བརྡ་བཏང་བ་ཞིག་ཡིན་པར་བརྗོད་འདུག་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
སྲིད་སྐྱོང་སྤེན་པ་ཚེ་རིང་ནི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཕྱི་སྲིད་ལྷན་ཁང་གི་དཔོན་རིགས་དང་གྲོས་ཚོགས་འཐུས་མི་ཁག་ཅིག་མཇལ་འཕྲད་གནང་བ་དང་། ༢༠༢༤ ལོའི་ནོ་བྷེལ་དཔལ་འབྱོར་གཟེངས་རྟགས། རྒྱ་གར་དང་ཁ་ན་ཌ་དབར་གྱི་རྩོད་རྙོག ཤར་པ་ཞིག་གིས་རི་འཛེགས་པའི་ཟིན་ཐོ་གསར་པ་བཀོད་པ། ཨ་རིའི་གདོད་མའི་མི་རིགས་ཀྱི་དུས་ཆེན་དང་འོས་བསྡུ་བཅས།
༢༠༢༤ ལོའི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་དེ་བཞིན་ལྷོ་ཀོ་རི་ཡའི་བུད་མེད་རྩོམ་པ་པོ་གྲགས་ཅན་ཧན་ཁཱང་ལ་ཐོབ་ཡོད་པ་དང་། དེ་སྔོན་༢༠༡༦ ལོར་ཁོང་མོ་ནི་བྷུ་ཁེར་རྒྱལ་སྤྱིའི་རྩོམ་རིག་གཟེངས་རྟགས་ཐོབ་མཁན་གྱི་ཨེ་ཤེ་ཡའི་རྩོམ་པ་པོ་ཐོག་མ་དེ་ཡང་ཆགས་ཡོད་པ་སོགས་ཀྱི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རི་ཛོ་ནའི་འོས་འཕེན་པས་ཕྱི་མིའི་གནད་དོན་ལ་ལྟ་སྟངས་སྐོར་དང་། ཡུ་རོབ་ཀྱིས་རྒྱ་ནག་གི་རྒོལ་ལན་ལ་ཁ་གཏད་འཇལ་རྒྱུའི་གྲ་སྒྲིག མཚོ་རླུང་གི་ཉེན་ཁར་གདོང་ལེན་ཆེད་དུ་བྷ་ཌན་གྱིས་འགྲུལ་བཞུད་ཕྱིར་འཐེན་བྱས་སྐོར་སོགས་ཡོད།
ཨ་རིའི་ནིའུ་ཡོག་ནང་གི་རུ་བྷིན་འགྲེམ་སྟོན་ཁང་སྒོ་བརྒྱབ་པ། ཨི་སི་རལ་གྱིས་ནཱ་སི་ར་ལཱའི་རྒྱུན་འཛིན་པ་བསད་ཡོད་པར་བརྗོད་འདུག མཱོ་ཏི་ཝུས་རྒྱ་གར་དང་འབྲེལ་ལམ་བསྐྱར་གསོ་ཡོང་ཐབས་བྱེད་བཞིན་པ། ཨ་རིའི་མངའ་སྡེ་༡༣ གྱིས་རྒྱ་ནག་གི་མཉེན་ཆས་ཊིག་ཊོག་ཁྲིམས་ལ་གཏུག་པ།
ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཚེ་རིང་དབང་མོ་ལགས་ཀྱིས་གསར་འགོད་པ་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་དུ་རྒྱ་ནག་གཞུང་གིས་ས་ཁང་ཚོང་ལས་བསྐྱར་གསོ་བྱ་ཐུབ་བམ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞུ་རྒྱུ་ཡིན།།
སྲིད་སྐྱོང་སུད་སིར་ཕེབས་པ་དང་ཛུ་རིག་གི་གློག་བརྙན་དུས་ཆེན། ཨུ་རུ་སུས་ཨ་རིའི་མི་སེར་ཞིག་ལ་ཁྲིམས་ཆད་བཅད་པ། མེག་སི་ཁོའི་ཆབ་སྲིད་མི་སྣ་དམར་གསོད་ཐེབས་པའི་དོན་རྐྱེན། ཐེ་ལན་ཌིར་ཆུ་ལོག་གི་གནོད་སྐྱོན་བྱུང་བ།ཨ་རིའི་ཧྥུ་ལོ་རེ་ཌ་མངའ་སྡེར་རླུང་འཚུབ་རྒྱག་ཉེན་ཆེ་བ། ནོ་བྷེལ་གསོ་རིག་གི་གཟེངས་རྟགས་ཐོབ་མཁན་ཕྱིར་བསྒྲཊ།
ལྕམ་ཀ་མ་ལཱ་ཧེ་རེ་སི་སྲིད་འཛིན་འོས་བསྡུའི་ནང་མཉམ་ཞུཊ་བྱས་པ་དེ་ལ་རྒྱ་གར་ནང་གི་མི་འགའ་ཤས་ཀྱིས། རྒྱ་གར་གྱི་མི་རྒྱུད་ཡིན་པའི་བུད་མེད་ཅིག་ཨ་རིའི་སྲིད་ཀྱི་སྡིངས་ཆ་ཐོག་ལ་སླེབས་ཐུབ་པར་དགའ་ཚོར་དང་སྤོབས་པ་སྐྱེ་བཞིན་ཡོད་པ་དང་། ཁག་ཅིག་གིས་ཧེ་རེ་སི་ལ་ཆ་རྒྱུས་དེ་ཙམ་མེད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་སྲིད་འཛིན་གཞོན་པའི་རྩོད་གླེང་དང་། ༧གོང་ས་མཆོག་གིས་ཉི་ཧོང་གི་སྲིད་བློན་གསར་པ་དང་ཨ་རིའི་སྲིད་འཛིན་ཟུར་པ་ཀར་ཊར་ལ་འཚམས་འཕྲིན་སྩལ་བ། ལྡི་ལི་རུ་བཅུ་བའི་ཚེས་༡ ཉིན་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་བྱས་པ་སོགས་ཡོད།
གསར་འགྱུར་གལ་ཆེན་གཞན་ཁག་གི་གནད་བསྡུས་ནང་། ལྡི་ལིའི་ཉེན་རྟོག་པས་བཅུ་བའི་ཚེས་༡ངོ་རྒོལ་བ་འགའ་ཤས་བཀག་ཉར། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག ནུབ་ཆིངས་ཀྱི་དྲུང་ཆེ་གསར་པས་ཡུག་ཀེ་རན་ལ་རྒྱབ་སྐྱོར་གནང་བ། ཉི་ཧོང་གི་སྲིད་བློན་གསར་པས་བློན་ཆེན་བསྐོ་བཞག ལྷོ་ཀོ་རི་ཡའི་དམག་འཛུགས་དུས་ཆེན་དང་དྲག་ཆས་ངོམ་སྟོན་བཅས་ཡོད།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་ཐེ་ཝན་དད་ལྡན་མང་ཚོགས་ཀྱིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ། སྲིད་འཛིན་གཞོན་པའི་འོས་མི་གཉིས་ཀྱི་རྩོད་གླེང་ལ་དཔྱད་ཞིབ། རྒྱ་ནག་གི་བཟོ་གྲྭས་མཱི་ཆི་གྷན་གྱི་གྲོང་སྡེ་ཞིག་ཏུ་དབྱེན་འབྱེད། བཙན་བྱོལ་ཧོང་ཀོང་གསར་འགོད་པ་ཚོས་གསར་འགོད་རང་དབང་སྲུང་སྐྱོབ་སོགས་ཡོད།
ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཚེ་རིང་དབང་མོ་ལགས་ཀྱིས་འདི་གའི་གསར་འགོད་རྡོ་རྗེ་ཚེ་བརྟན་ལགས་དང་ལྷན་དུ་ཧི་ཛི་བྷོ་ལཱའི་མཐོ་རིམ་འགོ་ཁྲིད་བདུན་བསད་པ་དང་དེའི་ཤུཊ་རྐྱེན་སོགས་ཀྱི་སྐོར་བགྲོ་གླེང་ཞུ་རྒྱུ་ཡིན།།
མང་སྣོན།