རྒྱ་གར་གྱིས་རྒྱལ་ཚོགས་ལ་ཨ་སྒོར་ས་ཡ་གཅིག་གི་ཞལ་འདེབས་ཕུལ། བྷང་ལ་ཌེ་ཤི་ནང་གི་སློབ་ཕྲུག་ངོ་རྒོལ། ཐེ་ཝན་གྱི་ཧན་ཀོང་དམག་སྦྱོང་འགོ་ཚུགས།མཁའ་འགྲུལ་བཟོ་ཚོང་ཁང་ཁག་གི་ལས་རིགས་བསྐྱར་གསོ།
ཨ་རིའི་རླུང་འཕྲིན་ཁང་གི་གཟའ་མིག་དམར་ཉིན་གྱི་ཀུན་གླེང་གསར་འགྱུར་ནང་བྷ་ཌན་ཕྱིར་འཐེན་བྱས་རྗེས་དམངས་གཙོ་ཚོགས་པའི་ནང་འགྲན་སློང་། ཀ་མ་ལཱ་ཧ་རི་སི་སྲིད་འཛིན་འོས་མི་ཆགས་སྲིད་པ།ཐེ་ཝན་གྱི་ལོ་འཁོར་དམག་སྦྱོང་ལ་རྒྱ་ནག་གིས་གསང་མྱུལ། ཧན་ཡུ་ཎི་སི་ས་ཁུལ་དུ་པ་ལི་སི་ཐན་བ་བཅུ་ཁ་ཞིག་ལ་སྲོག་སྐྱོན་སོགས་ཡོད།
༡༩༥༩ ལོར་ཨ་རིའི་སྲིད་འཛིན་ཟུར་པ་ཨའེ་སེན་ཧའོ་ཝར་དམ་པ་དེས་ཁྲིམས་ལུགས་གཏན་འབེབས་ཀྱིས་བྲན་གཡོག་ཏུ་བཀོལ་བའི་མི་རིགས་ཀྱི་ལྷན་ཚོགས་ཞེས་པ་གསར་འཛུགས་གནང་སྟེ། ལོ་ལྟར་སྤྱི་ཟླ་བདུན་པའི་གཟའ་འཁོར་ཨང་གསུམ་པ་དེ་བྲན་གཡོག་ཏུ་བཀོལ་བའི་མི་རིགས་ཚོའི་བདུན་ཕྲག་ཅེས་པའི་དུས་དྲན་གྱི་དུས་ཚོད་ངེས་ཅན་ཞིག་ཏུ་གཏན་ཁེལ་གནང་།
ནུབ་ཆིངས་ཀྱི་དམག་དོན་བཀོད་འདོམས་ཁང་། ཡུ་རོབ་མནའ་འབྲེལ་ལྷན་ཚོགས་ཀྱི་འགན་འཛིན་ལ་བསྐྱར་དུ་འདེམས་ཐོན། བྷང་ལ་དྷེ་ཤི་རུ་སློབ་ཕྲུག་ཚོས་ངོ་རྒོལ་སྤེལ་བཞིན་པ། པེ་རི་སིའི་ཨོ་ལིན་གྲོང་ཚོ་སྒོ་ཕྱེ། རྒྱ་ནག་གི་མེ་སྐྱོན་ཁྲོད་མི་༡༦ རྐྱེན་འདས།
ཡུ་ཡོབ་མནའ་འབྲེལ་ལྷན་ཚོགས་སུ་གནས་སྤོ་ཡུལ་མིའི་གནད་དོན་དང་། ནུས་ཁུངས་བདེ་འཇགས། ཨུ་རུ་སུའི་ཉེན་ཁ་སོགས་ཀྱི་ཐད་བགྲོ་གླེང་གནང་རྒྱུ་ཡིན་པར་མ་ཟད། ཚོགས་འཐུས་རྒྱལ་ཁབ་ཁག་ཅིག་གིས་ཧང་གྷ་རིའི་བྱེད་བབ་ལ་སྐྱོན་བརྗོད་གནང་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུས་ཡོད།
རེས་གཟའ་མིག་དམར་ཉིན། ནིའུ་ཡོག་གི་བཤེར་དཔང་ཚོགས་ཆུང་ཞིག་གིས་རྒྱ་མིའི་ཚོང་པ་ཀོ་ཝེན་ཀའེ་ལ་ནག་ཉེས་དོན་ཚན་༡༢ བཙུགས་ཡོད་པའི་ནང་ནས། དོན་ཚན་དགུ་གཞི་གྲུབ་ཡོད་པ་ཁྲིམས་ཐག་བཅད་དེ། ཁོ་ལོ་བཅུ་གྲངས་འགའ་ཤས་རིང་ལ་བཙོན་འཇུག་བྱ་སྲིད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཚེ་རིང་དབང་ལགས་ཀྱིས་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་དུ་རྒྱ་ནག་གི་ཚང་འཛོམས་གྲོས་ཚོཊ་དང་དཔལ་འབྱོར་གྱི་གནད་དོན་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་སྐོར་དང་། བལ་ཡུལ་གྱི་སྲིད་བློན་གསར་པས་མཛད་འགན་དམ་བཅའ་ཕུལ་བ། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཇེ་དལ་དུ་སོང་བ། རྒྱ་གར་དུ་ཨེ་ཤི་ཡའི་རྒྱུ་སྟོབས་ཆེ་ཤོས་ཀྱི་བུའི་ཆང་སའི་མཛད་སྒོ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
བདུན་ཕྲག་འདིའི་ནང་ཨུ་རུ་སུས་ཡུག་ཀེ་རན་ལ་མེ་ཤུགས་འཕུར་མདེལ་བཀོལ་སྤྱོད་ཀྱིས་གཏོར་རྒོལ་གཞི་རྒྱ་ཆེན་པོ་བཏང་ཡོད་པ་དང་། ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚོགས་ཆེན་མཇུག་སྒྲིལ་བ་དང་བསྟུན་ནས་ཨུ་རུ་སུས་ནུབ་ཆིངས་ལ་གནོན་ཤུགས་སྤྲོད་རྒྱུར་ཤུགས་སྣོན་རྒྱག་བཞིན་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
རེས་གཟའ་ལྷག་པའི་ཉིན་ནུབ་ཆིངས་ཚོཊ་ཆེན་ཐོག་ཚོགས་འཐུས་རྒྱལ་ཁབ་ཚོས་ཡུག་ཀེ་རན་ནུབ་ཆིངས་ཁོངས་སུ་ཞུཊ་རྒྱུ་ནི་ལྡོག་ཏུ་མེད་པའི་ལམ་ཁ་ཞིག་ཡིན་པ་གསལ་སྟོན་གནང་པ་དང་སྦྲཊ། རྒྱ་ནག་གིས་ཨུ་རུ་སུ་ལ་རྒྱབ་གཉེར་བྱེད་བཞིན་པའི་བྱ་སྤྱོད་ཡོད་ཚད་མཚམས་འཇོག་བྱ་དགོས་ཞེས་རེ་འབོད་གནང་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
རེས་གཟའ་ཟླ་བའི་ཉིན་ལ་ཧྥེ་ལིན་ཕིང་དང་ཉི་ཧོང་གིས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དམག་དཔུང་ཕན་ཚུན་འགྲོ་སྐྱོད་ཀྱིས་མདེའུ་ངོ་མ་འཕངས་ནས་མཉམ་འབྲེལ་དམག་སྦྱོང་སྤེལ་རྒྱུའི་འགོག་སྲུང་གི་གྲོས་མཐུན་གལ་ཆེན་པོ་ཞིག་བཞག་ཡོད་པ་དང་། དེ་ལ་རྒྱ་ནག་ཕྱོགས་ནས་སྐྱོན་བརྗོད་བྱས་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ནས་སྙན་སྒྲོན་ཞུས་ཡོད།
རྒྱ་ནག་གཞུང་གིས་ཐ་ལི་པན་གྱི་གཞུང་ཚབ་ཚུད་པའི་ཕྱི་རྒྱལ་ཀྱི་གཞུང་ཚབ་མི་སྣ་ཁག་ཅིག་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་གྱི་བཅའ་སྡོད་སློབ་གྲྭ་ཞིག་ལ་ལྟ་སྐོར་དུ་ཁྲིད་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིར་ཕྱོགས་ཕེབས་གནང་རྒྱུ། སྲིད་བློན་མོ་རྡི་ཨུ་རུ་སུའི་ནང་རྒྱལ་དོན་འཚམས་འདྲིར་ཕེབས་པ། ཨིན་རྡུ་ཎེ་ཤི་ཡའི་ནང་རི་ཉིལ་བའི་དོན་རྐྱེན་བྱུང་བ། བྱང་ཀོ་རི་ཡའི་ནང་ཁིམ་སུན་གྲོངས་ནས་མི་ལོ་༣༠ འཁོར་བའི་དུས་དྲན།
ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཚུགས་ནས་ལོ་ངོ་༧༥ འཁོར་བ་དང་བསྟུན་ནུབ་ཆིངས་ཀྱི་དགོས་དམིགས་དང་གྲུབ་འབྲས་སོགས་ཀྱི་ཐད་ལ་བགྲོ་གླེང་ཞུ་རྒྱུ་ཡིན།།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་ཡུག་ཀེ་རན་གྱི་རྒྱལ་སའི་བྱིས་པའི་སྨན་ཁང་ཞིག་ལ་གཏོར་རྒོལ་བཏང་སྐོར་དང་། འདས་པའི་ཕྱི་ཟླ་༦ པར་གནམ་གཤིས་ཚ་ཤོས་ཀྱི་ཟླ་བའི་ཟིན་ཐོ་བསྐྲུན། ཧྥི་ལི་པིན་དང་ཉི་ཧོང་དབར་འགོག་སྲུང་གི་གྲོས་མཐུན་བཞག་པ། ཧྥ་རན་སིའི་འོས་བསྡུའི་ཁྲོད་གཡོན་ཐལ་གྱི་རྒྱལ་ཁ་དང་ཆབ་སྲིད་སོགས་ཡོད།
༢༠༢༤ ལོའི་ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱི་རྩོད་བསྡུར་ཐེངས་དང་པོ་བྱས་རྗེས། དམངས་གཙོ་ཚོཊ་པའི་ནང་ཁུལ་དུ་སྲིད་འཛིན་བྷ་ཌན་གྱི་དགུང་ལོའི་བབ་དང་འཇོན་ཐང་ཐད་ལ་མི་མང་པོས་དོགས་སློང་སྐྱེ་བཞིན་ཡོད་པ་དང་དུས་མཚུངས་སུ། ཊམ་གྱིས་ཀྱང་བྷ་ཌན་གྱི་ཞན་ཆ་དེ་དག་དམིགས་འབེན་བྱེད་བཞིན་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཨ་རིས་གྷ་ཛའི་ནང་མེ་འཕེན་མཚམས་འཇོག་ཐད་བསྐྱར་དུ་ནན་བསྐུལ་དང་། ཉི་ཧོང་གིས་ALOS-4 རྟགས་ཅན་གྱི་འཁོར་སྐར་ཞིག་མཁའ་དབྱིངས་སུ་བསྐྱལ་བ། རྒྱ་གར་དུ་དྲག་ཆར་གྱི་གནོད་སྐྱོན་ཁྲོད་མི་༡༡རྐྱེན་འདས། ཧོང་ཀོང་གི་བདག་དབང་རྒྱ་ནག་ལ་རྩིས་སྤྲད་ནས་མི་ལོ་༢༧ འཁོར་བ། སོག་པོའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་བསྡུ་མཇུག་སྒྲིལ་བ་བཅས་ཡོད།
གཟའ་མིག་དམར་ཉིན་གྱི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ནེའུ་ཡོག་གི་མགྲོན་ཁང་ཞིག་ཏུ་སྨན་བཅོས་རྗེས་ཀྱི་སྐུ་ངལ་གསོ་བཞིན་པ་དང་། སྲིད་འཛིན་ཟུར་པ་ཊམ་ལ་ཁྲིམས་ཉེས་ཕོག་ཆོག་མིན་ཐད་ཀྱི་བཅད་ཁྲ། སྲིད་འཛིན་འོས་བསྡུའི་བགྲོ་གླེང་རྩོད་བསྡུར་གྱི་མཇུག་འབྲས། རྒྱ་གར་གྱི་ཁྲིམས་ཡིག་བཟོ་བཅོས། གྷ་ཛ་དམག་འཁྲུག་སོགས་ཡོད།
ཨི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་གྷ་ལན་ཊི་རེས་གཟའ་མིག་དམར་ཉིན་ལ་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་འབྱོར་ནས་ཨ་རིའི་རྒྱལ་སྲུང་དྲུང་ཆེ་དང་ཐུག་འཕྲད་གྲོས་མོལ་བྱུང་ཡོད་པ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེས་གྷ་ལན་ཊི་ལ་གྷ་ཛའི་དམག་འཁྲུག་རྒྱ་བསྐྱེད་གཏང་མི་རུང་བའི་ཉེན་བརྡ་བཏང་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཨི་སི་རེལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་འཇེའུ་ཆོས་ལུགས་པའི་ལྟ་བ་མཁྲེགས་འཛིན་པ་ཚོ་དམག་མིའི་ནང་བསྡུ་ཆོག་པ་སྤྱི་མོས་ཐག་གཅོད་བྱས། གཞན་ཡང་གྷ་ཛ་ནང་ཨི་སི་རེལ་གྱིས་མུ་མཐུད་གཏོར་རྒོལ་གཏོང་བཞིན་པ་དང་། ཨི་སི་རེལ་གྱི་རྒྱལ་སྲུང་བློན་ཆེན་ཨ་རིར་འབྱོར་ཡོད་པ་མ་ཟད་ནེ་ཐན་ཡ་ཧུ་ཡིས་ཨ་རིའི་གྲོས་ཚོགས་སུ་གཏམ་བཤད་གནང་འཆར་ཡོད།
མང་སྣོན།