གསར་འགྱུར་ཞིབ་འགྲེལ་ལེ་ཚན་ནང་ཚེ་རིང་དབང་མོ་ལགས་ཀྱིས་འདི་གའི་གསར་འགོད་པ་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཨེ་ཁ་ཏོར་གྱིས་དེ་སྔར་རྒྱ་ནག་དང་ཐོངས་མཆན་ཆག་ཡང་གི་གྲོས་མཐུན་བཞག་ཡོད་པ་རིང་མིན་སྤྱི་ཟླ་༧ པའི་ཚེས་༡ ཉིན་ནས་མཚམས་འཇོག་བྱ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་འདུག་པའི་སྐོར་ལ་བགྲོ་གླེང་ཞུས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༸གོང་ས་མཆོག་ཨ་རི་ལ་ཆིབས་སྒྱུར་བསྐྱངས་པ་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན་དང་བོད་པའི་ངོ་རྒོལ། ཞི་ཅིན་ཕིང་བོད་དགོན་དང་བོད་སློབ་ཏུ་ལྟ་ཞིབ་ལ་བསྐྱོད་པ། རྒྱ་ནག་དང་ཧྥེ་ལིན་ཕིང་བར་གྱི་གྲུ་གཟིངས་གདོང་ཐུག་གི་དོན་རྐྱེན་སོགས་ཡོད།
རྒྱལ་ཚོགས་སུ་བཅའ་སྡོད་རྒྱ་ནག་གི་སྐུ་ཚབ་ཀྱིས་རྒྱལ་ཁབ་ཁ་ཅིག་གིས་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚོའི་ནང་སྲིད་ལ་ཐེ་ཇུས་བྱེད་བཞིན་འདུག་ཅེས་སྐྱོན་བརྗོད་བྱས་འདུག བོད་དོན་ལས་འགུལ་བ་མང་པོས་རྒྱ་ནག་ལ་ངོ་རྒོལ་གྱི་སྐད་འབོད་ལས་འགུལ་སྤེལ་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
རྒྱལ་ཚོགས་ཀྱིས་བཏོན་པའི་སྙན་ཐོ་གཞན་ཞིག་ལས་ཨི་སི་རལ་གྱིས་པ་ལེ་སི་ཐན་བ་ཚོར་རིགས་རྒྱུད་རྩ་མེད་གཏོང་བ་དང་གཅིག་མཚུངས་ཡིན་པའི་ནག་ཉེས་བསགས་ཡོད་པ་གསལ་སྟོན་བྱས་ཡོད་ཀྱང་། ཨི་སི་རལ་གྱིས་སྙན་ཐོ་དེ་གཉིས་ལ་དགག་ལན་སློག་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཁིམ་ཇོན་ཨེན་གཉིས་རེས་གཟའ་ལྷག་པའི་ཉིན་བྱང་ཀོ་རི་ཡའི་རྒྱལ་ས་ཕིང་དབྱང་དུ་ཐུག་འཕྲད་བྱས་ཏེ། ཐུན་མོང་འགོག་སྲུང་གི་ཆིངས་ཡིག་ཅིག་ལ་མིང་རྟགས་བཀོད་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མེ་ཀོལ་དང་། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་པེ་ལོ་སིས་དབུ་ཁྲིད་པའི་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་དེ་རིང་ཕྱི་ཟླ་ ༦ ཚེས་ ༡༨ ཉིན་ཀངྒ་ར་གྷ་གལ་གནམ་ཐང་བརྒྱུད་བཞུགས་སྒར་དུ་སླེབས།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། ༧གོང་ས་མཆོག་གིས་ལྷོ་ཨ་ཧྥེ་རི་ཀའི་སྲིད་འཛིན་ལ་འཚམས་འཕྲིན་སྩལ་བ་དང་། ནུབ་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དང་བྷ་ཌན་གཉིས་མཇལ་འཕྲད། ཕུ་ཊིན་གྱིས་བྱང་ཀོ་རི་ཡར་འཚམས་གཟིགས་གནང་འཆར། ཨ་རི་དང་རྒྱ་གར་གྱི་འབྲེལ་མོལ། རྒྱ་གར་གྱི་མེ་འཁོར་བརྡབ་སྐྱོན་སོགས་ཡོད།
ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་མེག་སི་ཀོའི་སྲིད་འཛིན་ལ་འཚམས་འདྲི་ཞུས་པ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལ་ཨ་རིའི་དམངས་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གི་གཟེངས་རྟགས་གནང་བ་དང་ཡུག་ཀེ་རེན་གྱི་ཐད་གྲོས་བསྡུར། ཡུ་རོབ་ཏུ་བོད་དོན་རྒྱབ་སྐྱོར་ལས་འགུལ་སོགས་ཡོད།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། ཡུ་རོབ་གྲོས་ཚོགས་འཐུས་མི་བརྒྱ་ལྷག་གིས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་བ། འཛམ་གླིང་དུ་སྡོད་གནས་མེད་པ་ཆགས་བའི་མི་འབོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་བརྒལ་བ། རྒྱ་གར་ཀ་ཤི་མིར་ས་ཁུལ་དུ་དྲག་སྤྱོད་དོན་རྐྱེན། ཁ་ཆེའི་ཧ་ཅི་གནས་སྐོར་དུས་ཆེན་བཅས་ཡོད།
དེང་སྐབས་ལྷོ་བྱང་ཀོ་རི་ཡ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་དེ་བཞིན་ཚད་སྡུག་ཤོས་སུ་སླེབས་ཡོད་པ་དང་། དེའི་རྐྱེན་རྩ་གཙོ་བོ་ཞིག་སྟེ་ཉེ་ལམ་བྱང་ཀོ་རི་ཡའི་ཕྱོགས་ནས་ལྷོ་ཀོ་རི་ཡའི་ས་གནས་མང་པོར་གད་སྙིགས་བླུག་ཡོད་པའི་ལྒང་ཕུག་སྟོང་ཕྲག་འགའ་ཤས་བཏང་ཡོད་པ་དེར་ཐུག་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
གཟའ་ཕུར་བུའི་ཉིན། ནོར་མན་ཏིའི་དམག་འཐབ་བྱུང་ནས་མི་ལོ་༨༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ཨ་རིས་ཡུག་ཀེ་རན་བློས་གཏོང་བྱ་མི་སྲིད་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཚོས་ཡུག་ཀེ་རན་ལ་མུ་མཐུད་ནས་རྒྱབ་སྐྱོར་བརྟན་པོ་བྱ་དགོས་ཞེས་ནན་བརྗོད་གནང་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་གྱིས། ཉེ་ཆར་ཁོང་རང་ཉིད་ལ་ཚོང་ལས་ཡིག་ཆ་རྫུན་བཟོ་བྱས་ཡོད་པའི་ནག་ཉེས་དོན་ཚན་༣༤ ཕོག་ཡོད་པ་དེར་ངོས་ལེན་བྱས་མེད་པར་མ་ཟད། གོང་དུ་ཞུ་གཏུག་བྱས་ནས་ཁྲིམས་ཆད་དེ་འཕྲུ་སློག་གཏང་རྒྱུའི་རེ་བ་བྱེད་བཞིན་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་ལྷན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་ཚོར་དྲག་གནོན་བྱས་ཏེ་མི་ལོ་༣༥ འཁོར་བའི་དུས་དྲན་ཉིན་མོ་སྲུང་བརྩིའི་ཐད་བགྲོ་གླེང་ཞུས་ཡོད།
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཟུར་པ་རྒྱལ་ལོ་ལགས་སུ་ཁོང་རང་ཉིད་དགུང་ལོ་༢༣ ཡིན་དུས་རྒྱ་ནག་གི་ལན་ཀྲུའུ་གྲོང་ཁྱེར་ནས་དྲུག་བཞི་ལས་འགུལ་ནང་དངོས་སུ་མཉམ་ཞུགས་བྱས་པ་དང་། བོད་པ་དང་སོག་པོ། ཡུ་གུར་བའི་སློབ་ཕྲུག་མང་པོ་ཞིག་ཀྱང་ལས་འགུལ་དེའི་ནང་མཉམ་ཞུགས་བྱས་ཡོད་པའི་ཐད་བགྲོ་གླེང་ཞུས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་ཨ་རིར་ཆིབས་སྒྱུར་བསྐྱངས་འཆར་དང་། རྒྱ་གར་གྱི་སྲིད་བློན་མོ་དྷི་སོགས་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་གནང་བ། ཨ་རིའི་གྲོས་ཚོགས་སུ་དྲུག་བཞི་ལས་འགུལ་དུས་དྲན་སྲུང་བརྩི། མེག་སི་ཀོའི་བུད་མེད་སྲིད་འཛིན། གྷ་ཛའི་ཞི་བདེའི་གྲོས་གཞི་སོགས་ཡོད།
ཕྱི་ཟླ་༥ པའི་ཚེས་༣༠་སྟེ་རེས་གཟའ་ཕུར་བུ་ཉིན་ཧོང་ཀོང་གི་ཆེས་མཐོའི་ཁྲིམས་ཁང་གིས་དམངས་གཙོ་དོན་གཉེར་བ་༡༤ ལ་ཁྲིམས་ཆད་བཅད་པ་དང་མི་༢ ལ་ནག་ཉེས་མེད་པའི་ཐག་གཅོད་བྱས་འདུག དེ་ལ་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱལ་ཁབ་མང་པོས་དོ་སྣང་དང་སྐྱོན་བརྗོད་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གིས་དེ་ནི་ཁྲིམས་ལྟར་ཐག་གཅོད་བྱུང་བ་ཞིག་རེད་ཟེར།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་༢༡ ཉིན་ཐེ་ཝན་གྱི་སྲིད་འཛིན་གསར་པ་ལའེ་ཆིང་ཏེ་མཆོག་ལ་འཚམས་འདྲི་མཛད་ཡོད་པ་དང་། སྲིད་འཛིན་ལའེ་ཆིང་ཏེ་ལགས་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་པོམ་ཕེའོ་དང་མཇལ་འཕྲད་གནང་འདུག རྒྱ་ནག་ཕྱོགས་ནས་ཐེ་ཝན་དང་ཨ་རི་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་ཚེ་རིང་དབང་མོ་ནས།
དེ་རིང་གི་གསར་འགྱུར་ནང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བཙན་ཁྲིད་བྱས་ནས་ལོ་༢༩ འཁོར་བ་དང་། བོད་ཀྱི་འགྲེམས་སྟོན་ཁང་གིས་འགྲེམས་སྟོན་དུས་ཆེན་སྲུང་བརྩི། ཨ་རིའི་སྲིད་འཛིན་གྱི་སྐུ་ཚབ་ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་ཞུགས་རྒྱུ། ཡུག་ཀེ་རེན་གྱི་དམག་འཁྲུག་མཐུན་རྐྱེན། གྷ་ཛའི་དམག་འཁྲུག་ཁྲོད་ཀྱི་འགལ་ཟླ་སོགས་ཡོད།
སྲིད་སྐྱོང་མཆོག་སུད་སི་དང་ཧྥ་རན་སིར་ཕེབས་པ། བྷ་དན་དང་ཊམ་གཉིས་ཀྱིས་རྩོད་གླེང་ཐེངས་༢ བྱ་རྒྱུར་མོས་མཐུན། ཨ་རིས་སྒོ་ཁྲལ་སྤར་རྒྱུར་རྒྱ་ནག་གིས་སྐྱོན་བརྗོད། ཕུ་ཊིང་རྒྱ་ནག་ཏུ་འཚམས་འདྲི་ཕེབས་པ།
ཨི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་གྱིས་རེས་གཟའ་ལྷག་པའི་ཉིན་ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུ་ཡིས་དམག་འཁྲུག་མཇུག་སྒྲིལ་པའི་རྗེས་སུ་གྷ་ཛར་དོ་དམ་བྱེད་ཕྱོགས་ཀྱི་འཆར་གཞི་གསལ་པོ་ཞིག་སྒྲིག་ཐུབ་མེད་པར་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
མང་སྣོན།