རྒྱའི་བཙན་འོག་ཏུ་ཡོད་པའི་བོད་པ་གཙོས་ཧོང་ཀོང་བ་དང་ཡུ་གུར་བ། ཐེ་ཝན་པའི་འཐབ་རྩོད་ཀྱི་ངོ་བོ་མི་འདྲ་ཡང་རྒྱ་ནག་ལ་ཁ་གཏད་གཅག་རྒྱུ་ནི་ཐུན་མོང་གི་ལྟ་བ་ཞིག་ཡིན་ཞིང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་ལྡོག་ཁྲོད་ཀྱི་ཐབས་ཇུས་གསར་པ་ཞེས་པའི་བརྗོད་གཞི་ཐོག་ཏུ་བགྲོ་གླེང་ཚོགས་འདུ།
ཐེངས་འདིའི་ཨ་རིའི་རླུང་འཕྲིན་ཁང་གི་བུད་མེད་ལེ་ཚན་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་དང་ལོས་བསྡུ་ལས་ཁང་གི་དྲུང་ཆེ་གཅིག་ལྕོགས་ཚེ་རིང་དབྱངས་སྐྱིད་ལགས་ལ་ཁོ་མོའི་ལོ་ངོ་སུམ་ཅུ་ཙམ་རིང་གི་སྲི་ཞུའི་བརྒྱུད་རིམ་དང་ད་ཆ་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ལ་བསྐོ་བཞག་བྱས་པ་དང་འབྲེལ་ནས་གླེང་མོལ་ཞུས།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བཙན་བྱོལ་བོད་མི་རྣམས་ཀྱིས་མང་གཙོའི་དུས་ཆེན་ཐེངས་༦༤ པ་སྲུང་བརྩི་དང་། སྨན་རིའི་ཁྲི་འཛིན་༣༤ པ་ལ་དྭགས་གཡུང་དྲུང་ལྷ་རྩེ་དགོན་དུ་ཞབས་སོར་འཁོད་པ། པེ་རེ་སི་དབང་པོ་སྐྱོན་ཅན་གྱི་ཨོ་ལིམ་པིག་རྩེད་འགྲན་ཐོག་སྐྱབས་བཅོལ་བ་ཞིག་ལ་རྟགས་མ་ཐོབ་པ་བཅས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བོད་ཀྱི་ཟློས་གར་ཚོགས་པའི་དབྱར་སྐྱིད་སྒྱུ་རྩལ་འགྲན་བསྡུར་དང་། ཨ་རིའི་སྲིད་འཛིན་གཞོན་པའི་འོས་མི་དང་བོད་ཀྱི་འབྲེལ་བ། སྤྱི་ཟུར་དྭངས་ཤར་ཡོན་ཏན་རྒྱ་མཚོ་ལགས་འདས་གྲོངས། ༢༠༢༤ ལོའི་ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་མཇུག་སྒྲིལ་བཅས་ཡོད།
Paris Olympic རྩེད་འགྲན་ནང་རྩ་བའི་ཆ་ནས་རྩེད་མོའི་རིགས་ ༣༢ ཙམ་ཡོད་པ་དང་། དེའི་ནང་ལ་མཉམ་ཞུགས་གནང་མཁན་རྒྱལ་ཁབ་ཁག་ ༢༠༦་ནས་རྩེད་འགྲན་པ་ ༡༠༥༠༠ ལྷག་ཡོད་འདུག་ཅིང་། དེ་བཞིན་པེ་རི་སེ་ཨོ་ལིམ་པིག་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གི་ཚེས་ ༢༡ ཉིན་གསར་འགོད་གསལ་བསྒྲགས་ཞིག་གི་ནང་། ང་ཚོའི་ངོས་ནས་གྲ་སྒྲིག་ཕལ་ཆེར་གྲུབ་པ་ཡིན།
ཨ་རིའི་གཞུང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བ་གཙོས། ཁེ་ན་ཌའི་གྲོས་ཚོགས་འོག་མས་སྤྱི་མོས་ཐོག་བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་ "མི་རིགས་ཤིག་དང་རྒྱལ་ཁབ་ཤིག་" ཡིན་པར་ངོས་འཛིན་བྱེད་པའི་གྲོས་ཆོད་སྤྱི་མོས་ཐོག་གཏན་འབེབས་གནང་བ།
གསར་འགྱུར་ནང་ཨ་རིའི་སྲིད་འཛིན་བྷ་ཌན་འོས་བསྡུ་ནས་ཕྱིར་འཐེན་བྱས་པ་དང་། ༧གོང་ས་མཆོག་གིས་ཡུ་རོབ་གྲོས་ཚོགས་ཀྱི་འོས་བསྡུར་རྟེན་འབྲེལ་ཞུས་པ། ཁེ་ན་ཌའི་བོད་མི་རྣམས་ཀྱིས་ཁྲིམས་ཡིག་དང་གྲོས་ཆོད་ཐད་དགའ་བསུ། རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་སྟ་གོན་ལེགས་གྲུབ། འཛམ་གླིང་རང་བཞིན་གྱི་དྲ་རྒྱའི་དཀའ་ངལ་བཅས་ཡོད།
སྤྱི་ཟླ་༧ པའི་ཚེས་གསུམ་ནས་འགོ་འཛུགས་གནང་བའི་ཉིན་གྲངས་གསུམ་རིང་ལ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་གནང་བའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པ་དེ་བཞུགས་སྒར་རྡ་ལམ་ས་ལར་སྐོང་འཚོགས་གནང་ཡོད་པའི་སྐོར་བསྟན་འཛིན་འོད་ལྡན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་ངམ་ NDI ཡིས་གོ་སྒྲིག་གནང་བའི་བོད་མིའི་འཐབ་རྩོད་ཐད་ལ་འགན་ཁུར་ལེན་ཐབས་ཀྱི་བོད་རིགས་གཞོན་སྐྱེས་འདུ་འཛོམས་ཤིག་དེ་རིང་ཕྱི་ཟླ་ ༧ ཚེས་ ༡ ཉིན་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་ དྷོ་ལ་དྷར་ ཧ་ཡེཊེ་གསོལ་མགྲོན་ཁང་དུ་འཚོགས་བཞིན་ཡོད་ཅིང་།
འདི་ལོའི་གནས་སྐོར་བའི་ཁོངས་ནས་བཞི་ཆ་གསུམ་ལ་གནས་སྐོར་བྱེད་ཆོག་པའི་གཞུང་འབྲེལ་གྱི་ཆོག་མཆན་མེད་པ་དེ་དག་ལམ་བར་ཉི་མའི་ཚ་གདུག་འོག་རྐང་ཐང་དུ་ཡོང་དགོས་པ་བྱུང་ཡོད་འདུག་ཅིང་སྐབས་དེའི་Saudi Arabia ནང་གནམ་གཤིས་དྲོད་ཚད་ ༥༠ ལྷག་བརྒལ་ཏེ་གནས་སྐོར་བ་མི་གྲངས་ ༡༣༠༠ གྱི་ཚེ་སྲོག་ཤོར་ཡོད་པ་རེད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ཟླ་༦ པའི་ཚེས་༡༩ ཉིན་མགོན་པོ་གང་ཉིད་མཆོག་གི་ཕོ་བྲང་དུ་མཇལ་འཕྲད་བྱུང་ཡོད་པའི་སྐོར་བསྟན་འཛིན་འོད་ལྡན་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་གྲོས་ཚོགས་འཐུས་མིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ནི་དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་ཕེབས་བཅར་གནང་སྟེ་ཨ་རིའི་གཞུང་གིས་བོད་ཀྱི་གནད་དོན་ཐོག་གོམ་སྟབས་ཆེན་པོ་ཞིག་སྤོས་པ་དང་། ཨ་རི་ནི་མི་རིགས་ཚང་མའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ཞེས་གསུང་བཤད་གནང་།
གོང་ས་མཆོག་གིས་མེག་སི་ཀོའི་ནང་མང་གཙོའི་ལམ་ལུགས་ཐོག་འདེམས་བསྐོ་བྱས་པའི་བུད་མེད་སྲིད་འཛིན་ཐོག་མ་ལ་དེ་རིང་ཕྱི་ཟླ་༦ ཚེས་༡༤ ཉིན་མཚམས་འདྲི་ཞུས་པའི་གསུང་འཕྲིན་བཀའ་ཡིག་ཅིག་སྩལ་གནང་འདུག་པ་དང་། བུད་མེད་ཚོས་མི་གཞན་གྱི་ཚོར་བ་དང་དཀའ་ངལ་ལ་ཚོར་ཤེས་དང་གདུང་སེམས་མཉམ་སྐྱེད་བྱེད་ཐུབ་པའི་ནུས་པ་མང་བ་ཡོད་པ་གསུངས་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་འབྲེལ་བའི་ཁྲིམས་འཆར་གཏན་འབེབས་བྱུང་བར་དགའ་བསུ་དང་བསྔགས་བརྗོད་གནང་ཡོད་པའི་སྐོར་བསྟན་འཛིན་འོད་ལྡན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་ཏཱ་ལའི་བླ་མའི་དགེ་རྩ་གཉིས་ཟུང་འབྲེལ་ཐོག་སྒོམ་སྒྲུབ་ཉམས་ལེན་གྱི་ཕན་ཡོན་ལ་དཔྱད་པ། ཞེས་པའི་ཉིན་བཞིའི་རིང་གི་ཞིབ་འཇུག་ཚོགས་འདུ་དང་ཟབ་སྦྱོང་ཐོག་ལ་བཅར་མཁན་གྱི་ཚོགས་བཅར་བ་རྣམ་པར་མཇལ་ཁ་དང་བཀའ་སློབ་སྩལ།
ཐེངས་འདིའི་ཨ་རིའི་རླུང་འཕྲིན་ཁང་གི་བུད་མེད་ལེ་ཚན་ནང་བསྟན་འཛིན་ངག་སྒྲོན་ལགས་དང་ལྷན་དུ་ཁོང་ལོ་ན་གཞོན་དུས་ནས་སམ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་གཞོན་པའི་གོ་གནས་ཐོག་ཕྱག་ལས་གནང་བའི་བརྒྱུད་རིམ་ཁྲོད་ཁོང་གི་མི་ཚེའི་འགྲུལ་བཞུད་ཀྱི་ཐད་ལ་གླེང་མོལ་ཞུས་ཡོད།
ཉིན་གྲངས་༡༣ ་རིང་བཞུགས་སྒར་རྡ་རམ་ས་ལར་ཚོགས་པའི་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་༢༧ པ་དེ་བཞིན་ཕྱི་ཟླ་༤་ཚེས་༢༢ ཉིན་བོད་ཀྱི་ཟློས་གར་ཚོགས་པས་རྨེ་རུ་སྤོངས་སངས་ཀྱི་གཞུང་རྒྱལ་སྲས་དད་པ་བརྟན་པའི་འཁྲབ་གཞུང་གཟིགས་འབུལ་གྱིས་མཇུག་སྒྲིལ་གནང་སོང་། ཐེངས་འདིའི་ཞོ་སྟོན་ཐོག་ལྷ་མོ་ཚོགས་པ་༡༣ དང་སྒྱུ་རྩལ་བ་༤༥༢ མཉམ་ཞུགས་གནང་།
ཉིན་གྲངས་གཉིས་རིང་ཚོགས་པའི་བོད་སོག་འབྲེལ་ལམ་ཚོགས་འདུ་ཐེངས་དང་པོ་དེ་ད་རིང་ཕྱི་ཟླ་༤ པའི་ཚེས་༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དབུ་བཞུགས་ཐོག་མཇུག་སྒྲིལ་བ་དང་། བོད་སོག་གི་འབྲེལ་ལམ་དེ་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་དང་། བོད་ཀྱི་ལོ་རྒྱུས་བདེན་པར་བསྒྲུབ་པར་ཕན་ཐོགས་ཆེ་བ་ཞིག་ཡིན་ཞེས་གསུངས།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་སྤྱི་ཟླ་ ༣ ཚེས་ ༢༥ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་འཇར་མན་ཧེམ་སྦག་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨ་ནཱ་ཨེ་ལི་ཛ་བྷེཊ་ལགས་དང་ཁོང་གི་སྐུ་ཟླ། དེ་བཞིན་ལྡི་ལིར་རྟེན་གཞི་བྱས་པའི་འཇར་མན་རོགས་ཚོགས་ཀྱི་ལས་བྱེད་གཉིས་བཅས་དང་ལྷན་མཇལ་འཕྲད་གནང་།
མང་སྣོན།