བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཏཱ་ལའི་བླ་མའི་གཞོན་སྐྱེས་འགོ་ཁྲིད་ལས་འཆར་གྱི་ཚོགས་མི་ཚོར་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་བྱེད་དགོས་པའི་བཀའ་སློབ་གནང་བའི་སྐོར་བསྟན་འཛིན་འོད་ལྡན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཏཱ་ལའི་བླ་མའི་གཞོན་སྐྱེས་འགོ་ཁྲིད་ཀྱི་ལས་འཆར་གོ་སྒྲིག་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། དེ་རིང་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན་མགོན་པོ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད།
དེ་རིང་ཕྱི་ཟླ་༣ ཚེས་༡༤ འཛམ་གླིང་ཆུ་བོ་སྲུང་སྐྱོབ་ཅེས་པའི་ཉིན་མོ་སྲུང་བརྩི་དང་འབྲེལ་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་ད་ལྟའི་ཆར་སྡེ་དགེ་ཁུལ་གྱི་ཛ་དྲག་གནས་སྟངས་སྐོར་ལ་ཁོར་ཡུག་ཆེད་ལས་པ་ཁག་ཅིག་གདན་ཞུས་ཀྱིས་བགྲོ་གླེང་ཚོགས་འདུ་ཞིག་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་འཚོཊ་གནང་སོང་།
ཐེངས་འདིའི་ཨ་རིའི་རླུང་འཕྲིན་ཁང་གི་བུད་མེད་ལེ་ཚན་ནང་ལོ་ངོ་མང་པོའི་རིང་གསར་ཁང་ཁག་ནང་ཕྱག་ལས་གནང་མྱོང་མཁན་དང་བོད་ཀྱི་བུད་མེད་སྒེར་ལངས་ཐོག་མའི་ནང་མཉམ་ཞུགས་གནང་མཁན་ཨ་མ་བསྟན་འཛིན་ངག་དབང་ལགས་ཀྱི་བུ་མོ་བསྟན་འཛིན་བཟང་མོ་ལགས་དང་ལྷན་དུ་བོད་ཀྱི་བུད་མེད་སྒེར་ལངས་ཉིན་མོའི་སྔ་ཕྱིའི་བྱུང་རིམ་གྱི་ཐད་ལ་གླེང་མོལ་ཞུས།
ཕྱི་ཟླ་༣ པའི་ཚེས་ ༨ རྒྱལ་སྤྱིའི་བུད་མེད་ཉིན་མོ་དང་བསྟུན་ནས་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་དང་། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པས་རྒྱལ་སྤྱིའི་བུད་མེད་ཉིན་མོ་སྲུང་བརྩི་ཞུས་པའི་སྐོར་བཞུཊ་སྒར་ནས་བསྟན་འཛིན་འོད་ལྡན་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
ཐེངས་འདིའི་ཨ་རིའི་རླུང་འཕྲིན་ཁང་གི་བུད་མེད་ལེ་ཚན་ནང་ལོ་ངོ་ཉི་ཤུ་རྩ་གསུམ་ལྷག་གི་རིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རྩོད་རྙོག་འདུམ་འགྲིག་གི་ཐོག་ཕྱག་ལས་གནང་མྱོང་མཁན་བོད་ཀྱི་རྩོད་རྙོག་འདུམ་འགྲིག་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་བསོད་ནམས་བདེ་ཆེན་ལགས་དང་ལྷན་དུ་གླེང་མོལ་ཞུས་ཡོད།
དེ་རིང་ཚེས་༢༦ ཉིན་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༥ འཁོར་བའི་ཉིན་མོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཐར་ལམ་སྒྲོལ་མ་དང་། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམས་ལྷན་འཛོམས་ཐོག་གངས་སྐྱིད་སྲིད་ཐོག་མཆོད་རྟེན་གྱི་མདུན་ཐང་དུ་རྒྱ་གར་ལ་གུས་བཀུར་དང་ཆེ་མཐོང་མཚོན་ཆེད་གཞུང་འབྲེལ་མཛད་སྒོ་ཞིག་འཚོགས།
དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་ཉིན་གྲངས་བདུན་རིང་འགོ་ཁྲིད་ཟབ་སྦྱོང་ཐེངས་བཅུ་པ་དེ་ཟླ་བ་འདིའི་ཚེས་༢༧ ཉིན་མཇུག་བསྒྲིལ་སོང།
དཔལ་འབྱོར་གྱི་རང་ཁ་རང་གསོ་ནི་བུད་མེད་ནུས་སྟོབས་གོང་འཕེལ་ཡོང་འགྱུར་ཧ་ཅང་གི་གལ་གནད་ཆེ་བའི་ཆ་རྐྱེན་ཞིག་ལ་ངོས་འཛིན་གནང་ཡོད་པ་དང་། ཐེངས་འདིའི་ཨ་རིའི་རླུང་འཕྲིན་ཁང་གི་བོད་ཀྱི་བུད་མེད་ལེ་ཚན་ནང། བཞུགས་སྒར་རྡ་སའི་ཁུལ་དུ་མངར་ཟས་ཚོང་གཉེར་གནང་བཞིན་པའི་བུད་མེད་པདྨ་བདེ་ཆེན་ལགས་དང་ལྷན་དུ་གླེང་མོལ་ཞུས་པ་ཞིག་ཡིན། །
བྷེང་ལོར་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་དང་པོའི་འབུམ་རམས་པའི་བསླབ་པ་མཐར་སོན་པ་བདུན་ལ་དེ་རིང་སྤྱི་ཟླ་ ༡༢ ཚེས་ ༤ གྱི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད།
གསར་འགྱུར་ཕྱོགས་བསྡུས། ༡༽ རྒྱལ་སྤྱིའི་བུད་མེད་ཚོར་དྲག་སྤྱོད་སྤོང་བའི་ཉིན་མོ། ༢༽སྲིད་སྐྱོང་མཆོག་ཨོ་ཊ་ཝར་གནད་ཡོད་མི་སྣར་མཇལ་འཕྲད། ༣༽སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ལས་འགུལ། ༤༽ ཨུ་ཏར་ཁན་ཌ་ནང་ཕུག་ལམ་རྡིབ་སྐྱོན། ༥༽ བྷི་བྷི་སིའི་བུད་མེད་བརྒྱའི་ཐོ་གཞུང་ཁྲོད་བོད་པའི་བུད་མེད་གཉིས།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་ Dr. Hans-Gert Pottering མཆོག་རྣམ་གཉིས་འདི་ཚེས་ ༢༠ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཇལ་འཕྲད་གནང་ཡོད་འདུག
བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཕྲུ་གུ་བཙས་རྗེས་ཨ་མ་མང་པོ་ཞིག་ལ་ལུས་སེམས་གཉིས་ཀའི་ཐད་དཀའ་ངལ་འཕྲད་བཞིན་པ་དང་། དེ་ལ་གདོང་ལེན་གྱི་ཆེད་དུ་སྐྱེ་བསུའི་གུང་གསེང་ཇེ་ལེགས་སུ་གཏོང་དགོས་པའི་གླེང་སློང་མང་དུ་བྱེད། ཨ་མ་དང་ཕྲུ་གུ་གཉིས་ཀའི་བདེ་དོན་ཆེད་བོད་མིའི་སྒྲིག་འཛུགས་ཀྱིས་མཐུན་རྐྱེན་གཞན་ཀྱང་སྦྱོར་བཞིན་པ་རེད།
༢༠༤༠ ལོར་བོད་ཀྱི་གནས་བབ་ཇི་འདྲ་ཞིག་ཏུ་འགྱུར་སྲིད་པའི་དྲི་བ་དེའི་འོག་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་ཞིབ་ཞེས་པའི་བགྲོ་གླེང་ཚོགས་འདུ་ཞིག་ཉིན་གྲངས་ལྔའི་རིང་། འཛམ་གླིང་ཐོག་གི་བོད། བོད་ཀྱི་ངོ་བོ་དང་བསམ་བློ། བོད་ཀྱི་མ་འོངས་འགོ་ཁྲིད་གསོ་སྐྱོང་། སོགས་ཀྱི་སྐོར་ལ་འཚོག་གནང་རྒྱུ་ཡིན་འདུག
དེ་རིང་གི་བུད་མེད་ལས་མཚན་ནང་བསྟན་འཛིན་འོས་ལྡན་ལགས་ནས་དགེ་བཤེས་མ་བསྟན་འཛིན་ཀུན་བསལ་ལགས་དང་ལྷན་རྒྱ་གཞུང་གི་འོག་བོད་ནང་གི་བུད་མེད་ཚོའི་གནས་བབ་ཀྱི་སྐོར་ལ་གླེང་མོལ་ཞུས་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་ཚན་པའི་གོ་སྒྲིག་འོག་བོད་མིའི་སྤྱི་ཚོགས་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་ཐད་ཚོགས་ཆེན་ཞིག་བཞུགས་སྒར་རྡ་རམ་སར་ཚོགས་གནང་སོང།
བུད་མེད་ལེ་ཚན་ནང་༢༠༢༣ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ནང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཕུལ་བྱུང་བྱ་དགའ་བཞེས་མཁན་སློབ་ཕྲུག་ལྔ་བྱུང་བའི་ཁོངས་ནས་རྡ་སྟེང་བོད་ཁྱིམ་སློབ་ཟུར་བསྟན་འཛིན་འཛོམས་སྐྱིད་དང་། མ་སུ་རི་བོད་ཁྱིམ་སློབ་ཟུར་བསྟན་འཛིན་བདེ་སྐྱིད་དང་ལྷན་བགྲོ་གླེང་བྱས།
རྒྱལ་སྤྱིའི་བཙོན་པའི་དྲང་བདེན་ཉིན་མོར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གསུམ་ཐུན་མོང་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་སློང་བློ་བཟང་བསྟན་པ་ལགས་ཉེ་ལམ་ལྷ་སར་འདས་གྲོངས་སུ་ཕྱིན་ཡོད་པར། ཁོང་གི་མཛད་རྗེས་ལ་རྗེས་དྲན་ཞུས་པའི་སྐོར་བསྟན་འཛིན་འོད་ལྡན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཐེངས་འདིའི་བུད་མེད་ལེ་ཚན་ནང་ཉེ་ཆར་ཨེ་མོ་རི་གཙུག་ལག་སློབ་ཆེན་ནང་ལོ་གཉིས་ཀྱི་རིང་ཚན་རིག་སློབ་སྦྱོང་གནང་གྲུབ་པ་རྡ་ས་དགེ་ལྡན་ཆོས་གླིང་གི་བཙུན་མ་པ་སངས་བུ་ཁྲིད་ལགས་ཀྱི་སློབ་སྦྱོང་གི་བརྒྱུད་རིམ་དང་། ཚན་རིག་སློབ་སྦྱོང་དང་ནང་ཆོས་སློབ་གཉེར་ཟུང་དུ་འབྲེལ་བའི་དགེ་མཚན་ཐད་བཙུན་མ་ཁོང་དང་ལྷན་གླེང་མོལ་ཞུས་པ་ཞིག་ཡིན།
མང་སྣོན།