འཛམ་གླིང་སྐྱབས་བཅོལ་བའི་ཉིན་མོ་དང་བསྟུན། བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་ཞེས་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྗེས་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་བའི་བོད་མི་ཁག་ཅིག་གིས་དཀའ་སྡུག་དང་། མངོན་འདོད། མ་འོངས་པའི་རེ་བ་བཅས་ཀྱི་སྐོར་ལ་བཅར་འདྲི་ཞུས་ཏེ་གཟིགས་འབུལ་ཞུས་ཡོད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་དམིགས་བསལ་ཚོགས་ཆུང་ ( Joint Commettee on Office of Profit) ཞིག་གི་སྐུ་ཚབ་འཐུར་མིར་ཕྱི་ཟླ་ ༦ ཚེས་ ༦ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཇལ་མོལ་གནང་ཡོད་པ་རེད་འདུག