བོད་མིའི་སྒྲིག་འཛུགས་ཀྱིས་མེས་པོ་དམ་པ་གྷན་དྷིའི་འཁྲུངས་སྐར་སྲུང་བརྩི།
རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷི་མཆོག་དེ་རིང་ཕྱི་ཟླ་༡༠ ཚེས་༢ ཉིན་སྐུ་འཁྲུངས་ནས་མི་ལོ་༡༥༥ འཁོར་བའི་དུས་ཚོད་ཁྱད་པར་ཅན་འདིར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་གྱི་ཐོག་ནས་ཁོང་གི་འཁྲུངས་སྐར་གངས་སྐྱིད་སྲི་ཟློག་མཆོད་རྟེན་མདུན་ཐང་དུ་སྲུང་བརྩི་ཞུས། ཉིན་མོ་འདིར་རྒྱ་གར་གཙང་བཟོའི་ལས་འགུལ་ཀྱང་སྤེལ་བཞིན་པ་རེད།