ཀུན་གླེང་གསར་འགྱུར་ནང་ སྲིད་འཛིན་ཊམ་གྱི་བློན་ཆེན་ལྷན་ཚོགས་ཐེངས་དང་པོ་གནང་བ་དང་། རང་བྱུང་གཏེར་ཁའི་སྐོར་གྲོས་མོལ་གྱི་མ་ཟིན་གཏན་འབེབས། རྒྱ་གར་གྱི་གྲུ་གཟིངས་གཏོར་བྱེད་འཕུར་མདེལ་ཚོད་ལྟ་ལམ་ལྷོང་། གདོད་མའི་མི་རིགས་ཀྱི་གཙང་ཆུ་སྲུང་སྐྱོབ་ཀྱི་ལས་འགུལ། ཐེ་ལེན་དང་འབར་མ་རུ་མི་བདུན་སྟོང་ལྷག་བཀག་ཉར་བྱས་པ་སོགས་ཡོད།
དགོང་དྲོའི་ཀུན་གླེང་གསར་འགྱུར་ནང་ཨ་རི་དང་ཧྥ་རན་སིའི་སྲིད་འཛིན་གྱི་མཇལ་མོལ་དང་། རྒྱལ་ཚོགས་སུ་བོད་ནང་གི་བཅའ་སྡོད་སློབ་གྲྭའི་ཐད་ཞིབ་དཔྱོད་ཀྱི་འབོད་སྐུལ། ཛེ་ལན་སི་ཀེའི་དམག་འཁྲུག་ཐད་ཀྱི་ལངས་ཕྱོགས། ཨ་རིའི་དཔལ་འབྱོར་གནས་སྟངས། འཇར་མན་གྱི་འོས་བསྡུ། ཨིན་རྡུ་ནེ་ཤི་ཡའི་དཔལ་འབྱོར་སྲི་ཚགས་ཀྱི་སྲིད་ཇུས་སོགས་ཡོད།
ཐེངས་འདིའི་ཞིབ་འགྲེལ་གྱི་ལེ་ཚན་ནང་། ཡུག་ཀེ་རེན་གྱི་དམག་འཁྲུག་འགོ་བཙུགས་ནས་ལོ་གསུམ་འཁོར་བའི་གནས་སྟངས་སྐོར། བསོད་ནམས་གཡང་འཛོམས་ལགས་ཀྱིས་འདི་གའི་རྩོམ་སྒྲིག་པ་བློ་བཟང་ཡེ་ཤེས་ལགས་དང་གླེང་མོལ་ཞུ་རྒྱུ་ཡིན།
གསར་འགྱུར་ཞིབ་འགྲེལ་ལས་རིམ་དུ་བསོད་ནམས་གཡང་འཛོམས་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་རྩོམ་སྒྲིག་པ་བློ་བཟང་ཡེ་ཤེས་ལགས་དང་ལྷན་ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤེལ་བའི་སྙན་ཐོའི་ནང་རྒྱ་ནག་གིས་བོད་དང་ཤིན་ཅང་ནང་ངལ་རྩོལ་སྒྱུར་བཀོད་ཀྱི་གནས་སྟངས་ཛ་དྲག་ཏུ་གཏོང་བཞིན་པའི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཁ་ན་ཌའི་གནམ་ཐང་དུ་གནམ་གྲུའི་ཆག་སྒོ་བྱུང་བ་དང་། རྒྱུད་སྨད་གྲྭ་ཚང་གིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ། ཨུ་ཡུག་དམག་འཁྲུག་དང་གྷ་ཛ་དམག་འཁྲུག་མཚམས་འཇོག་གི་འབད་བརྩོན། ཨ་རི་དང་ཐེ་ཝན་གྱི་ངོས་འཛིན་གསར་པ། རྒྱ་མི་སྐྱབས་བཅོལ་བའི་ལམ་བུ་སོགས་ཡོད།
ཀུན་གླེང་གསར་འགྱུར་ནང་སྲིད་འཛིན་ཊམ་གྱིས་ཨུ་རུ་སུའི་སྲིད་འཛིན་དང་ཨུ་ཡུག་དམག་འཁྲུག་མཚམས་འཇོག་ཐད་གྲོས་མོལ་གནང་བ་དང་། རུ་བྷི་ཡོ་འཇར་མན་དུ་རྒྱལ་སྤྱིའི་བདེ་འཇགས་ཚོགས་ཆེན་ལ་མཉམ་ཞུགས། བོད་རང་བཙན་གསལ་བསྒྲགས་བྱས་ནས་ལོ་༡༡༢ འཁོར་བའི་དུས་དྲན་སྲུང་བརྩི། ཡར་ཀླུང་གཙང་པོའི་ཆུ་མཛོད་ལ་རྒྱ་གར་གྱི་ངོ་རྒོལ་སོགས་ཡོད།
ཊམ་འཛིན་སྐྱོང་གིས་ཟླ་བ་གསུམ་གྱི་རིང་ལ་ཕྱི་རྒྱལ་གྱི་རོགས་དངུལ་འཕྲལ་སེལ་རིང་བཀག་དགོས་རྒྱུ་དབུས་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་ལ་བཀའ་བཏང་ནས་བསྐྱར་ཞིབ་གནང་རྒྱུ་ཡིན་ཅེས་གསུང་ཡོད་ཀྱང་། ཉིན་གཅིག་གི་རྗེས་སུ་བཀོད་ཁྱབ་དེ་ཕྱིར་འཐེན་གནང་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཀུན་གླེང་གསར་འགྱུར་ནང་ཨ་རིའི་རོགས་སྐྱོར་ལས་གཞི་རེ་ཞིག་ལ་མཚམས་འཇོག་རྒྱུ་ཡིས་བོད་མིར་ཤུགས་རྐྱེན་དང་། ཨི་སི་རལ་དང་པ་ལི་སི་ཐན་བར་གྱི་བཙོན་པ་བརྗེ་རེས། རྒྱ་ནག་གི་བཅོས་རིག་གསར་པའི་ཉེན་བརྡ། ཨ་རི་དང་ཁེ་ན་ཌའི་ཕྱི་སྲིད་དྲུང་ཆེའི་མཇལ་འཕྲད། ཨ་རིས་ཁྲིམས་མཐུན་ཡིག་ཆ་མེད་པའི་ཕྱི་མི་འཛིན་བཟུང་སོགས་ཡོད།
གཟའ་ཉི་མར་རྒྱལ་ས་ལྡི་ལིར་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༦ འཁོར་བའི་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་པ་དང་། ཨིན་ཌོ་ནེ་ཤི་ཡའི་སྲིད་འཛིན་སྐུ་མགྲོན་དུ་ཕེབས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
སྲིད་འཛིན་ཊམ་གྱིས་རྒྱ་ནག་གི་མཉེན་ཆས་ TikTok འམ་ཊིག་ཊོག་ལ་ཨ་མི་རི་ཀའི་ནང་བེད་སྤྱོད་གཏོང་བའི་ཆོག་མཆན་ཐོབ་ན་མཉེན་ཆས་དེའི་རིན་ཐང་ཨ་རིའི་ཌོ་ལར་ཁྲག་ཁྲིག་ཆགས་རྒྱུ་དང་དེ་མིན་རིན་ཐང་གང་ཡང་མེད་རེད་ཅེས་གསུངས་འདུག
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཟུར་པ་ཆེ་དགྲ་ལྷར་སྒྲིག་འགལ་ཞིབ་བཤེར་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེར་རྒྱ་སྐད་དུ་འབོད་སྟངས། ཨི་སི་རལ་དང་ཧ་མ་སིའི་དམག་འཐབ་ཀྱི་གནས་སྟངས། སེ་རི་ཡའི་དཔལ་འབྱོར་སྒོ་འབྱེད་ཀྱི་ཁས་ལེན་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨོ་སི་ཊོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་བོད་ནང་གི་ས་ཡོམ་ཐད་གདུང་སེམས་མཉམ་སྐྱེད། གྷ་ཛའི་དམག་འཁྲུག་མཚམས་འཇོག་གི་གྲོས་མཐུན། བདམས་ཐོན་སྲིད་འཛིན་གྱིས་མིང་འདོན་བྱས་པའི་མི་སྣར་ཉན་ཞིབ། ཨ་རིའི་མེ་སྐྱོན་ཁྲོད་རྒྱལ་ཁབ་རྗེས་དྲན་ས་ཚིགས་གཏན་འབེབ་གནང་བ་སོགས་ཡོད།
ཕྱི་ཟླ་དང་པོ་ཚེས་ ༢༠ ཉིན་ཌོ་ནལ་ཊམ་ཨ་རིའི་སྲིད་འཛིན་ཨང་ ༤༧ པ་ཆགས་རྒྱུ་ཡིན་པ་དང་། འོས་འཕེན་པ་ཚོས་སྲིད་འཛིན་གསར་པར་རེ་བ་སྣ་ཚོགས་བཅངས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཁ་སང་རྒྱ་གར་བྱང་ཕྱོགས་སུ་ཧིན་རྡུའི་ཆོས་ཕྱོགས་ཀྱི་དུས་ཆེན་ཀུམ་བུ་མེ་ལ་ཞེས་པ་མི་ས་ཡ་མང་པོ་འདུ་འཛོམས་བྱེད་རྒྱུའི་དུས་ཆེན་དེ་དབུ་འཛུགས་གནང་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས།
དེ་རིང་སྲིད་འཛིན་ཟུར་པ་ཇིམྨི་ཀར་ཊར་ལ་རྒྱལ་ཁབ་ཀྱི་ཕུང་མཆོད་ཞུས་ཡོད་ཅིང་། ཨ་རིའི་ནང་བར་ལམ་འོས་བསྡུ་དང་འབྲེལ་ནས་མཛའ་མཐུན་ལ་འགལ་རྐྱེན་བྱུང་བའི་མཚམས་འདིར་ཨ་རིའི་ཆབ་སྲིད་མི་སྣ་རྣམས་ལྷན་འཛོམས་ཀྱི་གོ་སྐབས་བྱུང་བ། སྲིད་འཛིན་ཟུར་པ་ཁོང་གིས་བོད་དོན་ལ་ཐུགས་ཁུར་བཞེས་པ་སོགས་ཀྱི་སྐོར་དམིགས་བསལ་གླེང་མོལ།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༸གོང་ས་་མཆོག་དབུ་བཞུགས་ཐོག་བཀྲ་ཤིས་ལྷུན་པོར་བོད་ནང་ས་ཡོམ་གོད་ཆག་བྱུང་བར་སྨོན་ལམ་ཚོགས་པ། བཞུགས་སྒར་དུ་གདུང་སེམས་མཉམ་བསྐྱེད་དང་སྨོན་ལམ་མཚན་སྐྱོང་། བོད་ནང་དུ་གདུང་སེམས་མཉམ་བསྐྱེད་ཀྱི་རོགས་སྐྱོར། སྲིད་འཛིན་ཟུར་པ་ཁར་ཊར་ལ་མྱ་ངན་སོགས་ཡོད།
བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་ས་གནས་གཞན་ནས་བོད་མི་རྣམས་ཀྱིས་དིང་རིའི་ས་ཡོམ་གོད་ཆག་ཕོག་མཁན་ཚོར་རོགས་རམ་དང་གདུང་སེམས་མཉམ་སྐྱེད། སྨོན་ལམ་གསུང་བཞིན་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུ་གི་རེད།
ཕྱི་ལོ་༢༠༢༥ ཟླ་༡ ཚེས་༡ ཕྱི་ལོ་གསར་ཚེས་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་རྒྱལ་ཁབ་འདྲ་མིན་ནས་ཆེད་དུ་ཕེབས་པའི་དད་ལྡན་པ་ ༢༥༠ ཙམ་ལ་མཇལ་ཁ་རྩལ་འདུག་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཚེ་རིང་ཤོས་ལ་བཞུགས་པ་ཀར་ཊར་དགུང་ལོ ༡༠༠ སྟེང་དགོངས་པ་རྫོགས་པ་དང་། དམ་པ་ཁོང་གིས་ཨ་རིའི་སྲིད་འཛིན་༣༩ པ་གནང་པའི་སྐབས་དང་སྲིད་འཛིན་ཟུར་པ་ཆགས་པའི་རྗེས་སུ་འཛམ་གླིང་ནང་དམངས་གཙོ་དང་རང་དབང་སྲུང་སྐྱོབ་ཆེད་གནང་བའི་ཕྱག་ལས་དང་མཛད་རྗེས་ཁག་ཕྱིར་དྲན་ཞུས་པའི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ནས།
ཨ་མི་རི་ཀའི་མཁའ་དབྱིངས་ལྟེ་གནས་ཁང་གི་མ་འོངས་མདུན་ལམ་གྱི་གནས་སྟངས་ནི་སྒེར་གྱི་མཁའ་དབྱིངས་ཚོང་ལས་ཁང་གི་འཕེལ་རྒྱས་དང་འབྲེལ་བ་ཆེན་པོ་ཡོད་པ་ལྟར། ཊམ་འཛིན་སྐྱོང་གིས་དེའི་ཕྱོགས་སུ་ཐབས་ཤེས་གཏོང་རྒྱུ་ཡིན་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
མང་སྣོན།