དེ་རིང་གི་གསར་འགྱུར་ནང་ཐེ་ཝན་གྱི་སྲིད་འཛིན་ལེ་ཆིང་ཏེས་གཏམ་བཤད་གནང་སྐོར་དང་། རྒྱལ་སྤྱིའི་སེམས་ཁམས་འཕྲོད་བསྟེན་ཉིན་མོ། ལྷོ་བྱང་ཀོ་རི་ཡ་བར་གྱི་འགྲུལ་ལམ་ཡོད་ཚད་མཚམས་འཇོག་བྱ་རྒྱུ། རྡ་ཤོད་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་མི་ལོ་བཞི་བཅུ་ཕྱིན་པའི་ཉིན་མོ་སྲུང་བརྩི། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
ཨ་རི་ཛོ་ན་ནི་༢༠༢༤ ལོའི་འོས་བསྡུའི་རྒྱལ་ཕམ་ལ་གནད་འགག་ཡིན་པའི་མངའ་སྡེ་ཞིག་ཆགས་ཡོད་པ་དང་། འོས་མི་རྣམ་གཉིས་ཀྱིས་མངའ་སྡེ་དེ་གནད་འགག་ཡིན་པ་མཁྱེན་གྱི་ཡོད་པ་རེད། མངའ་སྡེ་དེའི་འོས་འཕེན་པ་བརྒྱ་ཆ་མང་ཆེ་བས་ཕྱི་མི་གནས་སྤོས་ནི་གནད་དོན་གལ་ཆེ་ཤོས་ལ་རྩིས་ཀྱི་མེད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཕྱི་ཟླ་༡༡ ནང་ཨ་མི་རི་ཀའི་སྲིད་འཛིན་འོས་བསྡུའི་ནང་ཕྱི་མི་གནས་སྤོ་བ་ས་ཡ་༢༤ ཙམ་ལ་འོས་ཤོག་འཕེན་རྒྱུའི་ཆ་རྐྱེན་ཚང་ཡོད་པ་རེད་ཅེས་ཉམས་ཞིབ་ཁང་གིས་བརྗོད་འདུག ཕྱི་མི་གནས་སྤོ་བ་ཨ་རིའི་མི་སེར་གཉིས་ཀྱི་འོས་འདེམས་བྱེད་ཕྱོགས་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་ཞིག་བསོད་ནམས་དབྱངས་འཛོམས་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
གཟའ་ཉི་མའི་དགོང་དྲོར་པ་ཀི་སི་ཏན་གྱི་གྲོང་ཁྱེར་ཀ་ར་ཆིའི་གནམ་ཐང་ཉེ་འཁྲིས་སུ་གས་གཏོར་བྱུང་ནས་རྒྱ་མི་གཉིས་བསད་པ་དང་མི་བརྒྱད་ལ་སྨད་སྐྱོན་ཕོག་ཡོད་པ་རེད། པ་ཀི་སི་ཏན་གྱི་བྷ་ལོ་ཆི་བཅིངས་གྲོལ་རུ་ཁག་གིས་གཏོར་རྒོལ་ལ་འགན་འཁུར་རྒྱུའི་ཁས་ལེན་བྱས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རབ་མཉམ་མཐུན་གྱི་སྐུ་ཚབ་ཚོས་དཀྱིལ་ཤར་གྱི་དཀའ་རྙོག་གླེང་སློང་། ཨི་ཊ་ལི་རུ་བཟོ་ལས་ཡར་རྒྱས་ལྡན་པའི་རྒྱལ་ཁབ་བདུན་གྱི་ཚོགས་ཆེན། ཐེ་ཝན་དུ་ཆར་པ་དང་རླུང་ཚུབ་རྐྱེན་གྱིས་ས་ཁང་ལ་གཏོར་བཤིག་ཐེབས། རྒྱ་གར་དུ་ཧིན་དུའི་ལྷ་མོ་ཌུར་ག་ཡི་དུས་ཆེན་སྲུང་རྩི་ཟབ་རྒྱས་ཞུ་བཞིན་པ།
ཀུན་གླེང་གསར་འགྱུར། ༢༠༢༤ ཟླ་༡༠ ཚེས་༤ དེ་རིང་གི་གསར་འགྱུར་ནང་ལ་དྭགས་སྐུ་ཚབ་ཚོགས་ཆུང་ཞིག་༧གོང་ས་མཆོག་ལ་འཚམས་འདྲིར་བཅར་བ། ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་གྱ་སྟོན་སྲུང་བརྩི། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨི་སི་རལ་དང་ཨི་རན་བར་གྱི་དམག་འཁྲུག་རྒྱ་ཆེར་འགྲོ་ཉེན་སྐོར་དང་། ཨ་རིའི་སྲིད་འཛིན་གཞོན་པའི་རྩོད་གླེང་རྗེས་འོས་འཕེན་པ་ཇེ་མང་དུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ། ཁ་ན་ཌར་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུག་ལས་འགུལ་སྤེལ་བ་སོགས་ཡོད།
གསར་འགྱུར་གལ་ཆེན་གཞན་ཁག་གི་གནད་བསྡུས་ནང་། རྒྱལ་ས་ལྷ་སར་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་དགོངས་པ་རྫོགས་པ། ཁ་ན་ཌར་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུག་ལས་འགུལ་སྤེལ། ཉི་ཧོང་དང་རྒྱ་ནག་གི་འབྲེལ་ལམ་སྐོར་བློན་ཆེན་གྱིསའགྲེལ་བརྗོད། རྒྱ་གར་བྱང་ཤར་དུ་ལས་མཚམས་བཞག་ནས་ངོ་རྒོལ་ལས་འགུལ་བསྐྱར་དུ་སྤེལ་བ་བཅས་ཡོད།
དཀྱིལ་ནུབ་ཨོ་ཧ་ཡོ་ནས་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་ཕྱོགས་གཉིས་ཀ་ནས་སྲིད་འཛིན་གཞོན་པའི་འོས་མི་རྣམ་གཉིས་ཀྱི་བགྲོ་གླེང་གི་རྗེས་སུ་འོས་བསྡུའི་ཉིན་མོར་འོས་འཕེན་པ་མང་དུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་ཞིག་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
དེ་རིང་གཟའ་མིག་དམར་གྱི་དགོང་དྲོར་ཨ་མི་རི་ཀའི་སྲིད་འཛིན་འོས་མི་ཝན་སི་དང་ཝལ་ཛི་རྣམ་གཉིས་ཀྱིས་གྲོང་ཁྱེར་ནིའུ་ཡོག་ནས་བགྲོ་གླེང་ཐེངས་དང་པོ་དེ་གནང་རྒྱུ་ཡིན་པ་དང་། བགྲོ་གླེང་དེ་བཞིན་མཐའ་མ་དེའང་ཡིན་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
མངའ་སྡེ་མཱི་ཆི་གྷན་ནི་འོས་བསྡུའི་རྒྱལ་ཕམ་ཐག་གཅོད་བྱེད་ཐུབ་པའི་ཨ་རིའི་མངའ་སྡེ་ཁག་གཅིག་གི་གྲས་སུ་ཡོད་པར་བརྟེན། མངའ་སྡེ་དེར་སྲིད་འཛིན་འོས་མི་རྣམ་གཉིས་ཀྱིས་འོས་བསྡུའི་དྲིལ་བསྒྲགས་ཀྱི་སྐོར་བསྐྱོད་དང་ལས་འགུལ་སྤེལ་བཞིན་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས་ཡོད།
བདུན་ཕྲག་འདིར་གྲོང་ཁྱེར་ནེའུ་ཡོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཡོངས་ཚོགས་ཆེན་ཚོགས་པ་དང་བསྟུན། རོགས་རམ་ཚོགས་པ་ཨོཀ་སི་ཧྥེམ་གྱིས་འཛམ་གླིང་དུ་དབུལ་ཕྱུག་གི་དཀའ་ངལ་ཇེ་སྡུག་ཏུ་སོང་བའི་སྙན་ཐོ་ཞིག་བཏོན་ཡོད་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་ཞིག་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
ཨི་སི་རལ་དང་ཧེ་ཛི་བྷོ་ལའི་དབར་ལ་དམག་འཁྲུག་རྒྱ་བསྐྱེད་མི་འགྲོ་ཆེད་ཨ་མི་རི་ཀ་གཙོས་པའི་ནུབ་ཕྱོགས་མཐུན་ཕྱོགས་རྣམས་ཀྱིས་མེ་འཕེན་མཚམས་འཇོག་ཡོང་ཐབས་ཀྱི་གྲོས་འཆར་སྐུལ་འདེད་བཏང་ཡོད་ཀྱང་། འོན་ཏེ་ཨི་སི་རལ་གྱིས་དེར་ངོས་ལེན་བྱས་མེད་པའི་སྐོར་གྱི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
དེ་རིང་གི་གསར་འགྱུར་ནང་ཡུག་ཀེ་རན་དང་དཀྱིལ་ཤར། སུའུ་ཌན་ནི་ཚོགས་ཆེན་བརྗོད་གཞི་ཆགས་སྐོར་དང་། ཨུ་ཡུག་དམག་འཁྲུག་ནི་གནོན་ཤུགས་འོག་མཇུག་སྒྲིལ་ཐུབ་ཟེར། མཱི་ཆི་གྷན་ནང་གི་ཨ་རབ་མི་རྒྱུད་ཚོས་ཨ་རིའི་འོས་བསྡུར་ཤུགས་རྐྱེན། ལེ་བྷ་ནོན་དུ་འཆི་རྨས་གྲངས་འབོར་དང་ཉེན་ཁ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་སོགས་ཡོད།
རེས་གཟའ་མིག་དམར་ཉིན་ལེ་བྷ་ནོན་ལྷོ་ཕྱོགས་སུ་གཏོར་རྒོལ་ཐེངས་འགའ་ཤས་ཐེབས་ཤིང་། ནམ་མཁར་དུ་བ་འཕྱུར་ཡོད་པ་དང་། ཨི་སི་རལ་དང་ཧེ་ཛི་བྷོ་ལའི་དབར་ལ་འཁྲུག་འཛིང་ཤུགས་ཆེ་རུ་ཕྱིན་པར་མ་ཟད་དམག་འཁྲུག་ཁྱབ་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུས་ཡོད།
ཨ་རིའི་ཁ་ཆེའི་མི་འབོར་བརྒྱ་ཆ་གཉིས་ལས་ཉུང་བ་ཡིན་ཀྱང་། ཨི་སི་རལ་དང་ཧ་མ་སི་དབར་གྱི་དམག་འཁྲུག་གི་རྐྱེན་པས་ཨ་རིའི་སྲིད་འཛིན་འོས་བསྡུའི་ནང་ཁ་ཆེ་བ་རྣམས་ཀྱི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་མི་རི་ཀའི་སྲིད་འཛིན་གྱི་འོས་བསྡུ་འཚོགས་ལ་ཉེ་བའི་སྐབས་འདིར་བྲོ་འཁྲབ་མཁན་རུ་ཁག་གཅིག་གིས་གཞས་དང་རོལ་དབྱངས་བཏང་སྟེ་མི་དམངས་ཀྱིས་འོས་འཕེན་རྒྱུར་སྐུལ་མ་བྱས་པ་དང་མཉམ་དུ་འོས་ཤོག་འཕེན་པའི་བརྒྱུད་རིམ་ལ་སྤྲོ་སྣང་སྤེལ་བཞིན་པ་རེད།
ཧྥ་རན་སིའི་འགྲེམས་སྟོན་ཁང་གཉིས་ཀྱིས་དབྱིན་སྐད་ཐོག་Tibet ཞེས་པའི་ཚབ་ཏུ་ཤི་ཙང་ཞེས་འགྲེམ་སྟོན་གྱི་དཀར་ཆག་སོགས་ལ་ཐ་སྙད་འགྱུར་བ་གཏོང་ཐབས་བྱས་ཡོད་པར་བརྟེན་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དྲུག་གིས་འགྲེམས་སྟོན་ཁང་ལ་རེ་སྐུལ་ཡི་གེ་བཏང་བ་སོགས་ངོ་རྒོལ་ལས་འགུལ་སྤེལ་སྐོར་འདི་གསལ།
ཡུག་ཀེ་རན་གྱིས་ཨུ་རུ་སུའི་གོ་མཛོད་ཅིག་ལ་གཏོར་རྒོལ། རྒྱ་ནག་གི་དམག་གྲུ་ཞིག་ཉི་ཧོང་གི་མཚོ་ཁོངས་སུ་ཧམ་འཛུལ། ཡུ་རོབ་མཉམ་འབྲེལ་གྱིས་ཚོགས་འཐུས་རྒྱལ་ཁབ་ཧང་གྷ་རིར་ཆད་པ་བཅད་པ།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་དབྱིན་སྐད་ཀྱི་བོད་མིང་“Tibet”ཞེས་པ་“Xizang”ལ་བསྒྱུར་བར་ངོ་རྒོལ་བྱས་སྐོར་དང་། ཧེ་ཛི་བྷོ་ལཱའི་བརྡ་འབྱོར་འཕྲུལ་ཆས་འབར་གས་བྱུང་བའི་དོན་རྐྱེན། གྲོས་ཚོགས་མཇུག་སྒྲིལ་བ་སོགས་ཀྱི་གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་སོགས་ཡོད།
མང་སྣོན།