ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་དབྱིན་སྐད་ཀྱི་བོད་མིང་“Tibet”ཞེས་པ་“Xizang”ལ་བསྒྱུར་བར་ངོ་རྒོལ་བྱས་སྐོར་དང་། ཧེ་ཛི་བྷོ་ལཱའི་བརྡ་འབྱོར་འཕྲུལ་ཆས་འབར་གས་བྱུང་བའི་དོན་རྐྱེན། གྲོས་ཚོགས་མཇུག་སྒྲིལ་བ་སོགས་ཀྱི་གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་སོགས་ཡོད།
གཟའ་མིག་དམར་ཉིན་མོར་བལ་ཡུལ་དུ་སྟོན་ཀའི་ནམ་དུས་ཤར་བ་དང་བསྟུན་ཉིན་བརྒྱད་རིང་ཚོགས་སྲོལ་ཡོད་པའི་ཆོས་ཕྱོགས་ཀྱི་དུས་ཆེན་ཆེ་ཁག་ཞིག་འགོ་ཚུགས་ཡོད་པ་དང་དེའི་སྐབས་སུ་མཇལ་རྒྱུ་གཙོ་བོ་ནི་ལྷ་མོ་ཀུ་མ་རི་ཞུ་མཁན་དེ་ཡིན་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
རེས་གཟའ་ཉི་མའི་ཉིན་ལ་སྲིད་འཛིན་ཟུར་པ་ཊམ་ལ་མེ་མདའ་བརྒྱབ་ནས་དགྲོང་རྩིས་བྱས་པའི་དོན་རྐྱེན་ཐེངས་གཉིས་པ་དེ་བྱུང་ཡོད་པ་རེད། སྟབས་ལེགས་པ་ཞིག་ལ་ཊམ་གྱི་སྐུ་སྲོག་ལ་ཉེན་ཁ་བྱུང་མེད་པ་དང་། དོགས་ཡོད་ཉེས་ཅན་དེ་ད་ལྟ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨོ་སི་ཊེར་ལི་ཡའི་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་གྱི་གྲོས་གཞི་བཏོན་ཡོད་པ། ནོར་ཝེ་ནས་བོད་དོན་ལས་འགུལ་བ་འདས་གྲོངས་སུ་གྱུར་པ། ཨ་རི་དང་དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་རྣམ་གཉིས་ཡུག་ཀེ་རན་དུ་སྐོར་སྐྱོད་གནང་བ། ཟླ་བ་སྔོན་མར་ཨ་རིའི་མཛད་སྤྱོད་པའི་རིན་གོང་ཕྲན་བུ་དམའ་རུ་ཕྱིན་པ།
བོད་རང་བཙན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཟླ་བ་སྔོན་མར་བདུན་ཕྲག་གཉིས་རིང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་སྦ་ར་ཛིལ་རྒྱལ་ཡོངས་ཀྱི་མངའ་སྡེ་དྲུག་ནང་གཙུག་ལག་སློབ་གྲྭ་དང་སློབ་གྲྭ། དེབ་ཁང་སོགས་སུ་བོད་དོན་སྐོར་གཏམ་བཤད་ཀྱི་སྐོར་སྐྱོད་ལ་ཕེབས་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
དེ་རིང་གི་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༩།༡༡ གི་དུས་དྲན་དང་། ཧོང་ཀོང་གི་ཚོང་འབྲེལ་དོན་གཅོད་ཕྱིར་འཐེན་སྐོར་གྱི་ཁྲིམས་འཆར། གོང་ས་མཆོག་གི་ཆོས་འབྲེལ། བོད་དོན་ལས་འགུལ་བས་སྦ་ར་ཛིལ་དུ་སྐོར་སྐྱོད་སོགས་ཡོད་པས་གསན་གཟིགས་གནང་རོགས།
འཛམ་གླིང་ནང་རྒྱུ་ལི་མ་ལས་བཟོས་པའི་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་འདྲ་མཐོ་ཤོས་མཐོ་ཚད་མི་ཊར་༡༢༠ ཡོད་པ་དེ་ཉི་ཧོང་དུ་ཡོད་པ་དང་། ཉེ་ཆར་སངས་རྒྱས་ཀྱི་སྐུ་འདྲ་ཆེན་པོ་དེར་གཙང་མ་བཟོས་འདུག་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས་གནང་བ་འདིར།
ནུབ་ཕྱོགས་ཀྱིས་ཨུ་རུ་སུར་ཉེས་ཆད་བཀལ་ནས་ཨུ་རུ་སུས་འཛམ་གླིང་བྱང་སྣེར་བསྔོག་འདྲེན་བྱས་པའི་རང་བྱུང་སོལ་རླངས་རྣམས་གཙོང་ས་མི་རག་པའི་དཀའ་ངལ་འཕྲད་བཞིན་ཡོད་པའི་རྣམ་པ་ཐོན་གྱི་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས་ཡོད།
རྒྱ་གར་གྱི་རྒྱལ་ས་རྡི་ལིར་བོད་ཀྱི་དུས་སྟོན་གྱི་མཛད་སྒོའི་སར་རྒྱ་གར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་ཨེ་རི་གྷིར་སེ་ཐེས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་བསྐྱར་དུ་ནན་བརྗོད་གནང་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
ཀུན་གླེང་གསར་འགྱུར། ༢༠༢༤ ཟླ་༩ ཚེས་༥ ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ནིའུ་ཡོག་མངའ་སྡེའི་སྤྱི་ཁྱབ་ཀྱི་ལས་དྲུང་ཟུར་པ་ལེན་ཌ་སུན་བཟའ་ཚོ་གཉིས་ལ་ཁྲིམས་བཤེར། ཧྲང་ཧེར་སྒོ་བརྒྱབ་ཟིན་པའི་དེབ་ཚོང་ཁང་ཞིག་ཝ་ཤིན་ཊོན་དུ་སྒོ་ཕྱེ་བ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
ཕུ་ཊིན་སོག་ཡུལ་དུ་བསྐོར་སྐྱོད་གནང་སྐབས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུ་བཀའ་མོལ་བྱུང་ཡོད་པ་ལས་རྒྱལ་སྤྱིའི་ནག་ཉེས་ཁྲིམས་ཁང་གིས་ཕུ་ཊིན་འཛིན་བཟུང་བྱེད་དགོས་པའི་བཀའ་རྒྱར་ཚོགས་མི་རྒྱལ་ཁབ་སོག་ཡུལ་གྱིས་དང་ལེན་བྱས་པའི་རྣམ་པ་ཐོན་མེད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རི་དང་རྒྱ་ནག་གི་ཕྱི་སྲིད་མི་སྣ་དབར་གྲོས་མོལ། རྒྱ་ནག་གིས་བོད་ལ་རོགས་རམ་ཆེ་རུ་གཏོང་རྒྱུའི་བརྡ་ལན་བཏང་། རྒྱ་གར་མངའ་སྡེའི་བློན་ཆེན་གྱིས་བཙན་གཡེམ་དོན་རྐྱེན་སྐོར་འགྲེལ་བརྗོད། གྲོང་ཁྱེར་པེ་རི་སི་སུ་པེ་ར་ལིམ་པི་ཁི་སི་རྩེ་འགྲན་ཚོགས་བཞིན་པ།
བཙན་འཛུལ་འོག་ལ་ཡོད་པའི་ནུབ་མཚོ་ཁའི་གྲོང་ཁྱེར་གཙོ་བོ་གཉིས་སུ་ལས་འགུལ་ཆེ་ཁག་སྤེལ་བའི་ཁྲོད་ལ་པེ་ལི་སི་ཏིན་བ་དགུ་ཙམ་གྱི་སྲོག་ཤོར་ཡོད་པ་རེད། གཞན་ཡང་ག་ཛ་ནང་བློ་བུར་དུ་རྒོལ་རྡུང་བཏང་སྟེ་མི་དམངས་རྣམས་ཉེན་གཡོལ་བྱེད་དགོས་ཆགས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་ཕོ་བྲང་དཀར་པོའི་སློབ་སྟོན་པ་རྒྱ་ནག་གི་འགོ་ཁྲིད་ཁག་དང་མཇལ་འཕྲད་གནང་བ་དང་། འཛམ་གླིང་དཀྱིལ་ཤར་ཁུལ་གྱི་ཟིང་ཆ། ཨ་རིའི་འོས་བསྡུ་དང་དཀྱིལ་ཤར་སྲིད་ཇུས། ཨ་རིའི་དམག་མི་ཕྱིར་འཐེན་བྱས་པའི་རྗེས་ཀྱི་ཨབ་གྷ་ནི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ཡོད།
ད་ལོའི་ཕྱི་ཟླ་བཅུ་གཅིག་པའི་ཨ་རིའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུའི་སྐབས་ཕྱི་མི་གནས་སྤོས་ནི་གནད་དོན་གཙོ་བོ་ཞིག་ཡིན་པ་དང་། སྲིད་འཛིན་འོས་མི་གཉིས་ཀྱི་དབར་ལ་སྲིད་བྱུས་འཛིན་སྟངས་ལ་ཁྱད་པར་ཆེན་པོ་ཡོད་པ་རེད། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་ཨེ་རི་ཛོ་ན་ནས་སྤེལ་བའི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ཀྱིས་བསྒྱུར།
རྒྱ་ནག་གི་དམག་གི་གནམ་གྲུ་ཞིག་ཉི་ཧོང་གི་མཁའ་དབྱིངས་སུ་ཐེངས་དང་པོར་འཛུལ་ཡོང་བར་ཉི་ཧོང་གཞུང་གིས་རྒྱ་ནག་གི་སྐུ་ཚབ་ལ་ངོ་རྒོལ་དང་མ་འོངས་པར་བྱེད་སྟངས་དེ་སྔོན་འགོག་བྱེད་རྒྱུ་ནན་བརྗོད་གནང་ཡོད། དེའི་རིང་ཐེ་ཝན་དང་རྒྱ་ནག་དབར་བློ་འཚབ་ཇེ་ཆེར་འགྲོ་བའི་སྐབས་སུ་ཐེ་ཝན་གྱིས་རྒྱ་ནག་ལ་དམིགས་པའི་དམག་སྦྱོང་བྱེད་བཞིན་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ལེགས་པར་གྲུབ་ནས་སུད་སི་ལ་ཆིབས་སྒྱུར་བསྐྱངས་པ་དང་། ཨ་རིའི་དམངས་གཙོ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་སྟེང་སྲིད་འཛིན་གཞོན་པ་ཧེ་རི་སི་ཡིས་སྲིད་འཛིན་གྱི་འོས་མིར་མིང་འདོན་དང་ལེན་བྱས་པ་བཅས་ཡོད།
རྒྱ་གར་དུ་སྦྱོང་བརྡར་སྨན་པ་ཞིག་ལ་སྨན་ཁང་དུ་བཙན་གཡེམ་དང་བསད་པའི་རྗེས་སུ་གྲོང་ཁྱེར་ཀོལ་ཀ་ཊ་གཙོས་པའི་རྒྱ་གར་རྒྱལ་ཡོངས་སུ་ངོ་རྒོལ་མུ་མཐུད་དུ་བྱུང་ཡོད། ཁ་སང་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས་རྒྱ་གར་རྒྱལ་ཡོངས་སུ་སྨན་པ་ཚོའི་བདེ་འཇགས་ཡར་རྒྱས་གཏོང་ཆེད་རྒྱལ་ཡོངས་ལས་དོན་ཚོགས་ཆུང་ཞིག་འཛུགས་དགོས་ཞེས་བཀའ་བཏང་ཡོད།
ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་ཨི་སི་རལ་དུ་ཕེབས་ནས་ཨི་སི་རེལ་དང་ཧ་མ་སིའི་དབར་མེ་འཕེན་མཚམས་འཇོག་དང་མི་གཏའ་གློད་གྲོལ་གྱི་གན་རྒྱ་དང་འབྲེལ་བའི་ཁ་སྐོང་གྲོས་འཆར་ལ་ཨི་སི་རེལ་གྱིས་རྒྱབ་སྐྱོར་ཐོབ་ཡོད་པ་དང་ཧ་མ་སིས་དེར་ངོས་ལེན་བྱེད་དགོས་ཀྱི་རེད་ཅེས་གསུངས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས་ཡོད།
ལྐོག་གཡོ་ངན་ཇུས་དང་འཇིགས་སྐུལ་སྡིགས་ར། སྲིད་དོན་འཚེ་བ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་ཨ་རིའི་སྲིད་འཛིན་འོས་བསྡུའི་བརྒྱུད་རིམ་ལ་གནོད་སྐྱོན་གཏོང་བཞིན་ཡོད་པའི་ཐད་བདུན་ཕྲག་འདིར་སྙན་ཐོ་གཉིས་ཐོན་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
མང་སྣོན།