ཀྲམ་གྱི་སྲིད་འཛིན་གཞོན་པའི་འོས་མི་དེས་ཡུ་ཀེ་རེན་དང་ཡུ་རོབ་བཅས་ལ་འབྲེལ་ཐག་རིང་ཙམ་བྱ་རྒྱུའི་མངོན་རྟགས།

སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཀྲམ་གྱིས་སྲིད་འཛིན་གཞོན་པའི་འོས་མིར་གྲོས་ཚོགས་གོང་མའི་འཐུས་མི་ཇེ་ཌི་ ཝེནྶ་

Your browser doesn’t support HTML5

ཀྲམ་གྱི་སྲིད་འཛིན་གཞོན་པའི་འོས་མི་དེས་ཡུ་ཀེ་རེན་དང་ཡུ་རོབ་བཅས་ལ་འབྲེལ་ཐག་རིང་ཙམ་བྱ་རྒྱུའི་མངོན་རྟགས།

སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཀྲམ་གྱིས་སྲིད་འཛིན་གཞོན་པའི་འོས་མིར་གྲོས་ཚོགས་གོང་མའི་འཐུས་མི་ཇེ་ཌི་ ཝེནྶ་གསལ་བསྒྲགས་གནང་ཡོད་ཅིང་། དགུང་གྲངས་༣༩ ཡིནཔ་གྲོས་ཚོགས་གོང་མའི་ནང་ལས་དུས་དང་པོ་གནས་མུས་སྐུ་ཞབས་ཇེ་ཌི་ ཝེནྶེ་ནི་ཕྱི་འབྲེལ་སྲིད་ཇུས་བཟུང་ཕྱོགས་རྒྱལ་ཞེན་རིང་ལུགས་གྱོང་མཁྲེགས་ཅན་ཞིག་དང་། ལྷག་པར་ཨ་རིས་ཡུ་ཀེ་རེན་ལ་རོགས་རམ་བྱེད་བཞིན་པར་ངོ་རྒོལ་གནང་མཁན་ཞིག་ཡིན་པ་མ་ཟད། ཡུ་རོབ་ཀྱིས་སོ་སོའི་བདེ་འཇགས་ཐོག་ཨ་རིའི་རྒྱབ་སྐྱོར་ལ་རེ་ལྟོས་བྱས་ནས་བསྡོད་རྐྱང་བྱེད་ཀྱི་ཡོད་པའི་བསམ་ཚུལ་ཤུགས་ཆེར་བཅངས་མཁན་ཞིག་རེད།

ད་རེས་སྐུ་ཞབས་ཀྲམ་གྱིས་སྲིད་འཛིན་གཞོན་པའི་འོས་མིར་ཁོང་བདམས་པ་དེས་གལ་ཏེ་ད་ལོའི་ཕྱི་ཟླ་བཅིུག་པའི་ཚེས་༥འི་ཉིན་ཀྲམ་ལ་རྒྱལ་ཁ་ཐོབ་ཚེ། ཀྲམ་སྲིད་གཞུང་གིས་ཨ་རིས་ཡུ་ཀེ་རེན་དང་ཡུ་རོབ་ལ་འབྲེལ་ཐག་རིང་དུ་གཏོང་རྒྱུ་ཡིན་པའི་མཛུབ་འདོན་བྱེད་ཀྱི་ཡོད།

སྤྱི་མཐུན་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་ཨོ་ཧ་ཡོ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་ཇེ་ཌི་ ཝེནྶ་ཡིས་ད་བར་གྲོས་ཚོགས་ནང་ཡུ་ཀེ་རེན་ལ་རྒྱབ་བསྐྱོར་གཏན་ནས་མེད་པའི་གཏམ་བཤད་ཤུགས་ཆེ་གནང་མྱོང་ཡོད་པ་མ་ཟད། གྲོས་ཚོགས་ཀྱིས་ཡུ་ཀེ་རེན་ལ་ཨ་སྒོར་ཐེར་འབུམ་༦༡མ་གནས་ཀྱི་དམག་དོན་རོགས་རམ་སྦྱོར་རྒྱུའི་ཁྲིམས་འཆར་དེར་མོས་མཐུན་ཆོག་ཆན་སྤྲོད་རྒྱུར་རྒྱུན་རིང་བཀག་འགོག་བྱེད་མཁན་གཙོ་གྲས་ཤིག་ཡིན་པ་རེད། དེ་དང་ཕྱོགས་མཚུངས་ཁོང་དང་སྐུ་ཞབས་ཀྲམ་གཉིས་ཀས་ཨ་རིས་ཡུ་ཀེ་རེན་གྱི་དམག་འཁྲུག་ལ་དུས་ཚོད་ངེས་མེད་བར་རོགས་འདེགས་དང་མཐུན་འགྱུར་སྦྱོར་ཐུབ་ཀྱི་མ་རེད་ཅེས་སྐད་ཤུགས་ཆེན་པོས་གསུངས་མྱོང་ཡོད་པ་རེད།

ཡང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་ཇེ་ཌི་ ཝེནྶ་ཡིས་ཡུ་ཀེ་རེན་དང་ཡུ་རོབ་ལ་དོ་འཁུར་མ་བྱས་པར་ཕྱི་འབྲེལ་ཐོག་་ཨེ་ཤི་ཡ་སྤྱི་དང་ལྷག་པར་དུ་ཤར་ཨེ་ཤི་ཡའི་གནད་དོན་ལ་དོ་སྣང་ཆེ་བ་བྱེད་དགོས་པ་གསལ་སྟོན་བྱེད་ཀྱི་ཡོད། སྲིད་འཛིན་གཞོན་པའི་འོས་མིར་གཏན་འབེབས་བྱུང་བའི་རྗེས་རེས་གཟའ་ཟླ་བའི་ཉིན་གཏམ་བཤད་གནང་བའི་ནང་རྒྱ་ནག་ནི་ཨ་རིར་སྡིག་སྐུལ་ཉེན་འཚབ་བཟོ་མཁན་གཙོ་བོ་དེ་ཡིན་ཞེས་ཕོཀ་ཛི་གསར་འགྱུར་ལས་ཁང་གི་བཅར་འདྲི་བྱས་པའི་ནང་གསུངས་འདུག་པ་མ་ཟད། གྲོས་ཚོགས་གོང་མའི་ནང་དུའང་ཨ རིའི་དངུལ་རྩིས་དཔལ་འབྱོར་གྱི་ཁྲོམས་ར་དང་དེ་བཞིན་ཨ་རིའི་མཐོ་རིམ་ཤེས་ཡོན་ལས་གཞི་བཅས་པར་རྒྱ་ནག་གི་ཤུགས་རྐྱེན་མ་ཐེབས་པར་འགོག་སྲུང་བྱེད་ཕྱོགས་ཀྱི་ཁྲིམས་འཆར་ངོ་སྤྲོད་གནང་མྱོང་ཡོད་པ་རེད། དེ་བཞིན་ཁོང་དང་སྐུ་ཞབས་ཀྲམ་གཉིས་ཀས་རྒྱ་ནག་ནས་ནང་འདྲེན་བྱེད་བའི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠ ནས་༦༠་བར་འགེལ་གྱི་ཡིན་ཞེས་ཁས་ལེན་གནང་གི་ཡོེད་པ་རེད།

ཨེ་ཧྥ་པི་གསར་ཁང་དང་ཨ་རི་རླུང་འཕྲིན་ཁག་ག་གསར་ཁང་ནས་བཏུས།

གསར་འགོད་པ། པདྨ་བདེ་ཆེན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།