ཁྲིམས་ཞིབ་པ་འཕོ་འགྱུར་ཐད་ཀྱི་བཅའ་ཁྲིམས་དོན་ཚན་དང་འགལ་འཛོལ།

Your browser doesn’t support HTML5

ཉེ་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་བཏང་བའི་གྲོས་ཆོད་བཞག་པ་དང་། དེ་རྗེས་ཁྲིམས་ཞིབ་རྣམས་ཀྱིས་ལས་འཁུར་བཤོལ་བའི་གསལ་བསྒྲགས་གནང་། དེ་དང་འབྲེལ་བའི་ཁྲིམས་ཀྱི་འགྲེལ་བཤད་གསལ་བོ་ཞིག་ཡོང་ཆེད་ཁྲིམས་ཞིབ་པ་གཞན་ཟུར་པ་ངག་དབང་རབ་རྒྱས་ལགས་ཀུན་གླེང་འཕར་མའི་ནང་གདན་འདྲེན་ཞུས་ཡོད།