རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མི་ཚོས་དེ་རིང་ཕྱི་ཚེས་༡༠ ཉིན་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་འཛམ་གླིང་ཞི་བདེའི་གཟེངས་རྟགས་དེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བཞེས་མཛད་དེ་ལོ་ངོ་ཧྲིལ་པོ་༣༥ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་རེད།
རྡ་ས་མེག་ལོར་ཁྲོམ་གཞུང་དུ་ཡོད་པའི་བོད་པའི་ཚོང་ཁང་དང་སྡོད་ཁང་ཁག་ཅིག་བཅས་ལ་གློག་གི་རྐྱེན་པས་མེ་སྐྱོན་བྱུང་ཡོད་ཅིང་། གཙོ་བོ་བོད་ཁྱིམ་སློབ་གྲྭའི་ཚོང་ཁང་དང་བོད་མིའི་སྡོད་ཁང་གཅིག་ལ་མེ་སྐྱོན་གྱིས་གནོད་སྐྱོན་ཚབས་ཆེ་ཕོག་ཡོད་པ་ལས་མིའི་སྲོག་ལ་གནོད་སྐྱོན་བྱུང་མེད་པ།
བོད་རང་བཙན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཟླ་བ་སྔོན་མར་བདུན་ཕྲག་གཉིས་རིང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་སྦ་ར་ཛིལ་རྒྱལ་ཡོངས་ཀྱི་མངའ་སྡེ་དྲུག་ནང་གཙུག་ལག་སློབ་གྲྭ་དང་སློབ་གྲྭ། དེབ་ཁང་སོགས་སུ་བོད་དོན་སྐོར་གཏམ་བཤད་ཀྱི་སྐོར་སྐྱོད་ལ་ཕེབས་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཕྱི་ལོ་༢༠༢༤ ཟླ་༩ ཚེས་༡༡ ཉིན། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གི་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་དགེ་ལུགས་པའི་བསྟན་བདག་རྣམ་གསུམ་ལ་བརྟན་བཞུགས་ཕུལ་ཡོད་པ་དང་། བསྟན་བདག་རྣམ་གསུམ་ལ་དུས་གཅིག་ཏུ་བརྟན་བཞུགས་ཕུལ་བ་དེ་ནི་ཐེངས་དང་པོ་ཡིན་པའི་སྐོར་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
གཞི་རིམ་མི་མང་རེ་འབོད་ཚོགས་པས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་བསྐོ་བཞག་ཐུབ་པའི་བཅའ་ཁྲིམས་ སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་ནས་ བསྐྱར་བཅོས་དགོས་པའི་ཞུལ་སྐུལ་གྱི་གསར་འགོད་གསལ་བསྒྲགས་ཤིག
སེ་ར་ཐེག་ཆེན་གླིང་གི་སེར་བྱེས་སྒོ་མོ་རིན་པོ་ཆེས་དབུ་ཁྲིད་པའི་"ངས་ཚེ་སྲོག་ཞིག་སྐྱོབས་" ཞེས་པའི་ཐེབས་རྩ་ཚོགས་པས་ཕྱི་ཟླ་ ༨ ཚེས་ ༢༧ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཉེ་འཁོར་གྱི་ཀ་ར་དི་བོཀ་ཀེ་གྲོང་གསེབ་ཀྱི་རྒྱ་གར་ཉམ་ཐག་ཁྱིམ་ཚང་ ༢༣་གྱི་ནང་མི་རྣམས་ལ་འཕྲོད་བསྟེན་གོ་རྟོགས་སྤེལ་ནས་ཟས་སྦྱིན་བྱས།
རྒྱ་གར་ལྷོ་ཕྱོགས་སུ་བོད་མི་ཚོས་རྒྱ་གར་རང་བཙན་ཉིན་མོ་སྲུང་བརྩི་ཞུས་པ། དེ་རིང་རྒྱ་གར་ལྷོ་ཕྱོགས་ས་གནས་ཁག་གི་བོད་མི་ཚོས་རྒྱ་གར་རྒྱལ་ཁབ་ཆེན་པོ་༡༩༧༤ ཕྱི་ཟླ་༨ ཚེས་༡༥ ཉིན་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་སྟེ་ལོ་ངོ་༧༨་ཧྲིལ་པོ་འཁོར་བའི་རང་བཙན་ཉིན་མོ་དེ་སྲུང་བརྩི་ཞུས་ཡོད་པ་རེད།
སེར་བྱེས་ཚན་རིག་སྦྱོང་བརྡར་ཁང་དུ་སྤྱི་ལོ་༢༠༢༤ ལོའི་སྐབས་བདུན་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཚན་རིག་དང་། རྩིས་རིག ཁོར་ཡུག་བཅས་ཀྱི་འགྲེམ་སྟོན་འཚོགས་པ།
རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་ངམ་ NDI ཡིས་གོ་སྒྲིག་གནང་བའི་བོད་མིའི་འཐབ་རྩོད་ཐད་ལ་འགན་ཁུར་ལེན་ཐབས་ཀྱི་བོད་རིགས་གཞོན་སྐྱེས་འདུ་འཛོམས་ཤིག་དེ་རིང་ཕྱི་ཟླ་ ༧ ཚེས་ ༡ ཉིན་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་ དྷོ་ལ་དྷར་ ཧ་ཡེཊེ་གསོལ་མགྲོན་ཁང་དུ་འཚོགས་བཞིན་ཡོད་ཅིང་།
ཕྱི་ཚེས་༢༨ ཉིན་༧་གོང་ས་མཆོག་ཨ་རིར་སྐུའི་ཞབས་པུས་སྨན་བཅོས་གནང་གི་ཡོད་པ་ལྟར་རྒྱ་གར་ལྷོ་ཕྱོགས་བོད་མི་སེར་སྐྱ་མང་ཚོགས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་མགོན་པོ་གང་ཉིད་ཀྱི་སྐུའི་སྨན་བཅོས་ལམ་ལྷོངས་ཡོང་བ་དང་སྐུ་ཁམས་གང་མྱུང་དངས་སྐྱེད་ཡོང་བའི་ཆེད་སྨན་བླའི་གཟུངས་སྔགས་དང་ཞབས་རིམ་ཁག་གསུང་འདོན་གནང་ཡོད།
བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ཟླ་ ༦ ཚེས་ ༢༢ དང་ ༢༣ བཅས་ཉིན་གྲངས་གཉིས་ཀྱི་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་བཟོ་རིག་སྒྱུ་རྩལ་འགྲེམས་སྟོན་ཞིག་གོ་སྒྲིག་གནང་སོང་། ཐེངས་འདིའི་འགྲེམས་སྟོན་ནང་ཚོགས་སྒེར་ཁག་བཅོ་བརྒྱད་ལྷག་མཉམ་ཞུགས་གནང་ཡོད་འདུག
བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱིས་དབྱིན་ཡིག་ཐོག་བརྩམས་གནང་བའི་ཁོང་རང་ཉིད་ཀྱི་སྐུ་ཚེའི་ལོ་རྒྱུས་ ''ངའི་མི་ཚེ། བོད་རང་དབང་ལུང་པར་སྐྱེས། བཙན་བྱོལ་ནང་སྲི་ཞུ་བསྒྲུབས་" ཞེས་པའི་དཔེ་དེབ་ཅིག་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གིས་དཔེ་སྐྲུན་གྱིས་དེ་རིང་ཕྱི་ཟླ་ ༦ ཚེས་ ༧ ཉིན་དཔེ་མཛོད་ཚོགས་ཁང་དུ་དབུ་འབྱེད་གནང་སོང་།
མང་སྣོན།