ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་དུ་སྐུའི་གཅེན་པོ་བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་གི་ཆེད་མཆོད་འབུལ་སྨོན་ལམ།
གཟའ་མིག་དམར། ༢༠༢༥/༠༤/༠༡

ས་དབང་ཆེན་མོ་སྐུ་ངོ་རྒྱ་ལོ་དོན་འགྲུབ་མཆོག་ཟླ་འདིའི་ཕྱི་ཚེས་༨་ཉིན་གྱི་ཕྱི་དྲོར་རྒྱ་གར་བྱང་ཤར་ཀ་ལོན་སྦུག་སྟག་འཚེར་གཟིམས་ཤག་ཏུ་དགུང་གྲངས་༩༧་ཐོག་དགོང་པ་གཤེགས་པར་དེ་རིང་ཕྱི་ཚེས་༡༡་ཉིན་སྐུ་ཕུང་ཞུགས་འབུལ་གྱི་སྐབས་དང་བསྟུན། བལ་ཡུལ་དོན་གཅོད་ཁང་གིས་སྣེ་ཁྲིད་དེ་ས་གནས་འགོ་འཛིན་ཁག་དང་དགོན་སྡེ་ཁག སེར་སྐྱ་མི་མང་སྟོང་ཕྲག་གཅིག་མ་ཟིན་ཙམ་མཆོད་འཇོར་ས་གནས་གཞི་ལས་ཁང་གི་མདུན་ཐང་དུ་འཛོམས་ཏེ་དམ་པ་ཁོང་གི་སྐུ་པར་སྒྲིག་གཤོམ་དང་བཅས་མཆོད་འབུལ་སྨོན་ལམ་གནང་བ་དང་། སྐབས་དེར་ཐོག་མར་མི་མང་ཚང་མ་སྐུ་བཞེངས་ཐོག་མྱ་ངན་ངག་བཅད་སྐར་མ་གཅིག་རིང་གནང་རྗེས་དོན་གཅོད་སྐུ་ངོ་རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་མཆོག་གིས་གསུང་བཤད་གནང་ཞིང་། ང་ཚོ་འདིར་གཞན་དབང་སྟབས་བསྟུན་གྱི་འོག་སྐྱབས་བཅོལ་བ་བྱས་ནས་སྡོད་ཡོད་སྟབས་གཞུང་སྒེར་གྱི་ཚོགས་འདུ་དང་ཡང་ན་མི་མང་འདུ་འཛོམས་སོགས་ཀྱི་སྐབས་སུ་ཡིད་གཟབ་ཆེན་པོ་མ་བྱས་པ་ཡིན་ན་དཀའ་ངལ་འཕྲད་རྒྱུ་ཡིན་པ་ནི་བཤད་མ་དགོས་ཀྱང་། དེ་རིང་འདིར་དམིགས་བསལ་གྱི་བཀོད་ཁྱབ་འོག་ས་གནས་འགོ་འཛིན་ཁག་དང་སེར་སྐྱ་མང་ཚོགས་ལྷན་གཅིག་ཏུ་འདུ་འཛོམས་ཐོག་ས་དབང་ཆེན་མོ་སྐུ་ངོ་རྒྱ་ལོ་དོན་གྲུབ་མཆོག་ལ་མྱ་ངན་ཞུ་དགོས་དོན་ནི་རྒྱ་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་བ་ནས་ཁོང་གིས་བོད་རྩ་དོན་འཐབ་རྩོད་ཀྱི་ཆེད་དུ་ཕྱག་ལས་རླབས་ཆེན་གནང་བ་མ་ཟད། རྒྱ་ནག་གི་འགོ་ཁྲིད་ཏིན་ཞོ་ཕིང་གི་སྐབས་སུ་གཞིས་བྱེས་གཉིས་བར་གཉེན་འཕྲད་འགྲོ་ཆོག་པའི་ལམ་ཁ་བཟོས་བ། བཙན་བྱོལ་ནང་དགོན་སྡེ་གྲྭ་ཚང་དང་སློབ་གྲྭ་ཁག་གསར་རྒྱག ༧གོང་ས་མཆོག་ལ་དཔུང་བ་མཉམ་འདེགས་བྱས་བ་སོགས་མཛད་པ་བསྐྱངས་གནང་ཡོད་པས་ཚང་མའི་ཁོང་ལ་མྱ་ངན་དང་ཁོང་གི་སྐུ་མཆེད་ཡོངས་ལ་ཐུགས་གསོ་འཚམས་འདྲི་ཞུ་རྒྱུ་ཡིན་པ་སོགས་གསུང་སོང་།

བལ་ཡུལ་དུ་སྐུའི་གཅེན་པོ་བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་གི་ཆེད་མཆོད་འབུལ་སྨོན་ལམ།
བལ་ཡུལ་དུ་སྐུའི་གཅེན་པོ་བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་གི་ཆེད་མཆོད་འབུལ་སྨོན་ལམ།

དེ་དང་ཆབས་ཅིག་མྱ་ངན་མཆོད་འབུལ་སྟེང་ཡོང་མཁན་དགུང་ལོ་དགུ་བཅུ་བརྒལ་བ་ཁག་ཅིག་གིས་གསུང་དོན། ང་རང་བལ་ཡུལ་བཏང་མཁན་སྐུ་ངོ་གསང་བ་ཆེན་པོ་ཡིན། ཡིད་སྐྱོ་བའི་གནས་ཚུལ་འདི་ཐོན་རྗེས་བློ་ཕམ་ཆེན་པོ་བྱུང་ཟེར། གཞན་དགུང་ལོ་དགུ་བཅུ་ལ་སོན་པ་ཨ་མ་ཚེ་རིང་དཔལ་སྒྲོན་ལགས་ཀྱིས་གསུང་དོན། དེ་རིང་འདིར་མཆོད་འབུལ་སྐོང་བ་དེ་དཔེ་ཡག་པོ་བྱུང་ཟེར། དེ་དང་ཆབས་ཅིག་བལ་ཡུལ་ཨ་མདོ་མཚོ་སྔོན་ཚང་གི་ངོས་ནས་དེ་རིང་བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་མདུན་དུ་མཆོད་མེ་སྟོང་མཆོད་ཕུལ་བ་དང་། བལ་ཡུལ་མདོ་སྨད་རྒྱུན་ལས་ཀྱི་ངོས་ནས་མཆོད་མེ་སྟོང་མཆོད་ཕུལ་བ། ད་དུང་མི་སྒེར་མང་པོ་ཞིག་གིས་གནས་ཆེན་ཁག་དང་དགོན་སྡེ་ཁག་ཏུ་མཆོད་མེ་ཕུལ་བ་དང་བསྔོ་རྟེན་ཕུལ་བ་སོགས་བྱས་དང་བྱེད་མུས་སུ་ཡིན་པ་རེད་འདུག

གླེང་སྟེགས།

XS
SM
MD
LG