ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༡/༡༨

སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་རྩ་དགོངས་ཞུས་པ།


༄༅།། ཉེ་འཆར་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་ཞིང་། དེ་རིང་ཕྱི་ཟླ་༤་པའི་ཚེས་༨་ཉིན་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་སྤྱི་ཚོགས་ལ་འགན་ཁུར་དང་བཟང་སྤྱོད་ཀྱི་ཐོག་ཏུ་སྤྱི་འཐུས་ཚོགས་གཙོའི་ལས་གནས་ནས་རྩ་དགོངས་ཞུས་ཟིན་ཞེས་གསར་འགོད་གསལ་བསྒྲགས་ཐུང་ངུ་ཞིག་སྤེལ་འདུག ཁ་སྔོན་སྤྱི་འཐུས་ཀྱིས་ཕོ་འགྱུར་བཏང་བའི་ཁྲིམས་ཞིབ་པ་གསུམ་གྱིས་གསར་འགོད་ལྷན་ཚོགས་བསྐོངས་ཏེ་ཕྱོགས་གཉིས་ཀས་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ལ་གསལ་བཀྲོལ་བྱས་ཤིང་། ཁོང་ཚོས་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ལུང་འདྲེན་གནང་ཡོད་པས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་ཕྱི་ལོ་༡༩༩༡་ལོར་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེར་ཁྲིམས་ཞིབ་པ་འཕོ་འགྱུར་སྐབས་སུ་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ཅིག་ལ་གོ་བ་ལེན་ཕྱོགས་མི་འདྲ་བ་བྱུང་ཡོད་པར་དམིགས་བསལ་བཅར་འདྲི་ཞུས་འདུག

སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཁྲིམས་ཞིབ་པ་འཕོ་འགྱུར་གཏང་རྒྱུའི་སྐུ་དབང་གྲོས་ཚོགས་ལ་ཡོད་པ་ནི་བཅའ་ཁྲིམས་དོན་ཚན་༥༤་དང་༦༣ པའི་ནང་གསེས་བཞི་པར་གསལ་ཡོད། ཡིན་ནའང་ཁྲིམས་ཞིབ་པ་གསུམ་དུས་གཅིག་ལ་འཕོ་འགྱུར་གཏང་ཆོག་གི་མེད་པ་དང་ཁྲིམས་ཞིབ་པ་སུ་རུང་ཞིག་འཕོ་འགྱུར་གཏང་བའི་སྐབས་སུ་ཚོགས་ཆུང་ཆེད་འཛུགས་དགོས་པ་རེད་ཅེ་དང་། བཀའ་ཤག་དང་ཚོགས་གཙོ་ཚོགས་གཞོན་བཅས་པ་གྲོས་ཆོད་བཞག་ནས་འཕོ་འགྱུར་གཏང་རྒྱུ་ཡོད་པ་ནི་གཙོ་བོ་ཁོང་རྣམས་གྲོས་ཚོགས་འདིའི་འཐུས་མི་ཡིན་པས་རང་ཕྱོགས་ཀྱི་གནད་དོན་ཁག་ལ་གསལ་བཤད་བྱ་རྒྱུའི་སྡིངས་ཆ་ཡོད་པར་བརྟེན་ནས་བྱུང་བ་རེད། ཁྲིམས་ཞིབ་པ་སུ་རུང་འཕོ་འགྱུར་གཏང་རྒྱུའི་སྒྲིག་གཞི་ད་བར་དགོས་པ་བྱུང་མེད་སྟབས་བཟོས་མེད་པ་རེད་ཅེས་གསུངས་སོང་།།

དུས་ཡུན་སྐར་མ་བཞི་བཅུ་ལྷག་གི་བཅར་འདྲི་དེར་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་བཅའ་ཁྲིམས་དོན་ཚན་༤༠་པ་གཞིར་བཟུང་ཟླ་དྲུག་ནང་ཚུད་དུ་གྲོས་ཚོགས་ངེས་པར་དུ་འཚོགས་དགོས་པ། དེ་བཞིན་དོན་ཚན་༤༩་པ་ཚོགས་ཆུང་ཚོགས་པའི་རྗེས་སུ་གྲུབ་ཆ་མ་ཚང་ན་གཞི་ནས་ཚོགས་གཙོས་ཉིན་བདུན་ལས་མང་བ་འགྱངས་ཀྱི་ཡོད་ན་ཡོངས་ཁྱབ་གསལ་བསྒྲགས་སྤེལ་དགོས། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཕྱི་ལོ་༢༠༡༩་ལོར་སྤྱི་དམངས་ཁྲིམས་ཡིག་ནང་གི་ཁྲིམས་ཀྱི་ངོས་བཞེས་ཞེས་པ་གསར་སྣོན་བྱས་པ་བཅའ་ཁྲིམས་དོན་ཚན་༦༧་པར་ཁྲིམས་ཞིབ་ཁང་ལ་བསྐུར་བའི་དབང་ཚད་ཅིག་ཡིན་པ་ལས། དེ་ལྟར་བཅུག་མི་ཆོག་ཅེས་བཅའ་ཁྲིམས་ནང་དུ་གསལ་མེད་པས་བཅའ་ཁྲིམས་ལ་འགལ་འཛོལ་ཡོང་གི་མེད་ཅེས་འགྲེལ་བཤད་ཞིབ་ཕྲ་གནང་འདུག

ཐེངས་འདིར་ཁྲིམས་ཞིབ་པ་འཕོ་འགྱུར་བཏང་བའི་གནད་དོན་ལ་བརྟེན་ནས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འབྲེལ་ཡོད་དོན་ཚང་ཁག་ཅིག་ལ་བསྐྱར་བཅོས་ཟིན་ཞིང་། ཁྲིམས་ཞིབ་པ་བསྐོ་བཞག་བྱ་རྒྱུའི་ཆེད་དུ་ཕྱི་ཟླ་ལྔ་པར་གྲོས་ཚོགས་ཕར་མ་ཞིག་འཚོགས་འཆར་ཡོད་མོད། འོན་ཀྱང་ད་ལྟའི་གནས་སྐབས་སུ་ཏོག་དབྱིབས་ནད་དུག་གི་ཛ་དྲག་ཇེ་ཆེར་འགྲོ་བཞིན་པས་གྲོས་ཚོགས་འཕར་མ་ཚོགས་མ་ཐུབ་ཚེ། བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་གསར་པར་དམ་བཅའ་འབུལ་ས་མེད་པར་འགྱུར་རྒྱུའི་ཉེན་ཁ་ཞིག་ཆགས་ཡོད་པས་དཀའ་ངལ་སེལ་ཐབས་ཅི་ཡོད་ཅེས་སློབ་དཔོན་ཟམ་གདོང་རིན་པོ་ཆེར་བཀའ་འདྲི་ཞུས་པར་སྤྱི་འཐུས་ལྷན་ཚོགས་ཀྱིས་དགོངས་པ་བཞེས་དགོས་པ་ཞིག་རེད་ཅེས་གསུངས་སོང་།།

Speaker Pema Jungney
Speaker Pema Jungney

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེར་བཅར་འདྲི་ཞུས་པ་རྒྱང་སྲིང་བྱས་ནས་ཆུ་ཚོད་གསུམ་དང་ཕྱེད་ཀའི་རྗེས་སུ་མདོ་སྨད་སྤྱི་འཐུས་བློ་བཟང་ཆོས་འབྱོར་གྱིས་སོ་སོས་ཁྲིམས་ལ་གོ་བ་ལེན་ཕྱོགས་ནོར་འཁྲུལ་བྱུང་འདུག་པས་སྐབས་བཅུ་དྲུག་པའི་གྲོས་ཚོགས་འཐུས་མི་ནས་དགོངས་པ་ཞུ་ཡི་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གི་བཅར་འདྲི་དང་སྤྱི་འཐུས་རྒྱུན་ལས་ཞིག་དགོངས་ཞུས་པར་བོད་པའི་གསར་འགོད་པ་ཚོས་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལ་བཅར་འདྲི་ཞུ་ཐབས་བྱས་ཀྱང་དང་ལེན་གནང་མ་སོང་བ་སོགས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG