༄༅།། ཡུ་རོབ་རྒྱལ་ཁབ་འཇར་མན་ཎིར་གནས་འཁོད་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། རྒྱ་ནག་གི་ དབང་འཛིན་པ་ཚོས་ཉེ་ཆར་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་གཙོ་འཛིན་ཌོལ་ཁུན་ཨི་སའི་སྤུན་མཆེད་ཧུ་ཤི་ཏར་ཨི་ཤ་ཞེས་པ་དེར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པར་ཁ་རྡུང་དྲག་པོ་བཏང་ཡོད་པའི་སྐོར། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་སྙན་སྒྲོན་ཞུ་ཡི་རེད།།