ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༡༢/༢༥

ཨ་རིས་རྒྱ་མི་ཚོ་ཕྱིར་སློག་བྱས་ཀྱང་རྒྱ་ནག་ནས་སྐྱབས་བཅོལ་བ་སྔར་ལྟར་འབྱོར།


ལཱ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་དང་མ་འདྲ་བར་རྒྱ་ནག་པ་ཚོ་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་ཨང་གཉིས་པའི་རྒྱལ་ཁབ་དེ་ནས་ཨ་མི་རི་ཀར་ཡོང་གི་ཡོད་ཅིང་།
ལཱ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་དང་མ་འདྲ་བར་རྒྱ་ནག་པ་ཚོ་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་ཨང་གཉིས་པའི་རྒྱལ་ཁབ་དེ་ནས་ཨ་མི་རི་ཀར་ཡོང་གི་ཡོད་ཅིང་།

༄༅།། ཨ་མི་རི་ཀས་རྒྱ་ནག་ནས་ཁྲིམས་འགལ་དུ་ཡོང་བའི་མི་༡༠༠་ལྷག་གནམ་གྲུ་ནང་དུ་བཞག་སྟེ་ལྡེབ་ཏུ་ཕྱིར་ལོག་བྱས་ཀྱང་མེཀ་སི་ཀོའི་ས་མཚམས་ནས་ཨ་མི་རི་ཀར་རྒྱ་མི་སྐྱབས་བཅོལ་བ་ཡོང་རྒྱུ་མཚམས་མི་ཆད། ཕྱི་ཟླ་༧་པའི་ཚེས་༩་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༤་ལོའི་མགོ་སྟོད་ཟླ་བ་ལྔའི་རིང་རྒྱ་ནག་པ་༡༦༢༧༠་ཨ་མི་རི་ཀར་ལྷགས། ༢༠༢༣་གྱི་ཕྱི་ཟླ་དང་པོ་ནས་ད་ལྟའི་བར་དུ་ཁྱོན་བསྡོམས་རྒྱ་ནག་པ་ཁྲི་ཚོ་༥་ལྷག་ཨ་མི་རི་ཀར་འབྱོར་ཡོད་པའི་ཚོད་དཔག་བྱས་འདུག ཨ་རིའི་ས་མཚམས་དང་འགག་སྒོ་སྲུང་སྐྱོབ་ལས་ཁུངས་ནས་ཨ་མི་རི་ཀར་ཕྱི་མི་གནས་སྤོར་བ་ཡོང་གི་ཡོད་པའི་ཁོངས་སུ་རྒྱ་ནག་པ་མང་པོ་མིན་རུང་༢༠༢༡་ནས་༢༠༢༣་བར་དུ་རྒྱ་མི་རྣམས་ཨ་མི་རི་ཀར་ཡོང་རྒྱུ་ཇེ་མང་དུ་ཕྱིན་འདུག་ཅེས་སྙན་ཐོ་བཏོན།།

ལཱ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་དང་མ་འདྲ་བར་རྒྱ་ནག་པ་ཚོ་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་ཨང་གཉིས་པའི་རྒྱལ་ཁབ་དེ་ནས་ཨ་མི་རི་ཀར་ཡོང་གི་ཡོད་ཅིང་། ཁོ་ཚོ་རྒྱ་ནག་ནས་དཀྱིལ་ཤར་ས་ཁུལ་དུ་བསྐྱོད། དེ་ནས་དབུས་ཨ་མི་རི་ཀ་དང་ལྷོ་ཨ་མི་རི་ཀ་བཅས་གླིང་ཆེན་གསུམ་བརྒལ་ནས་འཚོ་བའི་གནས་སྟངས་ཡག་ཏུ་འགྲོ་རྒྱུའི་རེ་ལྟོས་བཅངས་ཏེ་ཨ་མི་རི་ཀར་གཏན་སྡོད་གཞིས་ཆགས་སུ་ལམ་དུ་ཆས། རྒྱ་ནག་པ་ཚོ་ཨ་མི་རི་ཀར་འབྱོར་བའི་རྗེས་སུ་རང་ཡུལ་དུ་དཀའ་སྡུག་སྣ་ཚོགས་མྱངས་རབས་ཀྱི་སྒྲུང་རྣམས་བཤད། ཨ་རིའི་གཞུང་གིས་སྐྱབས་བཅོལ་བའི་ཐོབ་ཐང་སྤྲོད་རྒྱུ་ཡིན་མིན་ཐད་བློ་འཚབ་བྱུང་བ་སོགས་ལུས་སེམས་གཉིས་ངལ་དུབ་ཀྱིས་མནར། ཉེ་བའི་ལོ་ངོ་རེ་ཟུང་ནང་དུ་ཨ་རིར་བསླེབས་པའི་རྒྱ་ནག་པ་ཚོ་ཏོག་དབྱིབས་ནད་ཡམས་དུས་སུ་བཙོན་པ་ལྟར་ཁྱིམ་དུ་བཀག་པའི་རྗེས་སུ་ཕྱི་རྒྱལ་དུ་སྤོར་རྒྱུའི་སེམས་ཐག་བཅད། རྒྱ་ནག་གི་སྐད་འཕྲིན་ཚོགས་པ་ཁག་ཏུ་ཨ་རིར་ཕྱིན་ན་ཚོང་ལས་ཀྱི་གོ་སྐབས་ལེགས་རབས་དང་འཚོ་བའི་མཐུན་རྐྱེན་བཟངརབས་་བཤད་ནས་མི་ལ་ཧེབ་བསླངས།།

ཨ་མི་རི་ཀས་རྒྱ་ནག་པ་ཚོར་ཡུལ་སྐོར་སྤྲོ་འཆམ་པའི་ཐོངས་མཆན་སྤྲོད་རྒྱུ་དམ་དུ་བཏང་ཞིང་། དེར་བརྟེན་རྒྱ་ནག་པ་ཚོས་གནམ་གྲུ་དང་གྲུ་གཟིངས། རླངས་འཁོར་དང་རྟ་འགྲུལ། རྐང་ཐང་བཅས་སུ་ཟླ་བ་མང་པོར་རི་ལུང་རྫ་ལུང་དང་ཐང་སྟོང་འགྲིམས། ཆུ་བོ་ཆེན་པོ་རྣམས་ཐད་དུ་བཅད་ནས་ཨ་མི་རི་ཀར་བསྙེགས་ཀྱང་མི་ཁག་ཅིག་ལམ་དུ་ཇག་པས་བསད། གཡང་དང་གྲོག་རོང་དུ་ལྷུང་། ཆུས་ཁྱེར། ཚད་པ་དང་བཀྲེས་སྐོམ་སོགས་ཀྱིས་ཤི་སྟེ་ནམ་ཡང་ཨ་མི་རི་ཀར་མ་བསླེབས། ཨ་རིར་ཐར་ནས་སྐྱབས་བཅོལ་བའི་ཐོབ་ཐང་རག་ཀྱང་ཨ་མི་རི་ཀར་གཏན་སྡོད་བྱེད་ཆོག་པ་དང་ཨ་རིའི་སྤྱི་དམངས་སུ་འགྱུར་ཐུབ་རྒྱུ་ཤིན་ཏུ་དཀའ། ཕྱི་མི་ཞིག་ལ་ཨ་རིའི་གཏན་སྡོད་གཞིས་ཆགས་པའི་ལག་འཁྱེར་ལྗང་ཁུ་དང་སྤྱི་དམངས་ཀྱི་ལག་འཁྱེར་འཐོབ་པར་ལོ་བཅུ་ཕྲག་མང་པོ་སྒུག་དགོས་པའི་གནས་ཚུལ་ཐོན་འདུག

ཨེ་ཁུ་དྷོར་གྱི་སྲིད་འཛིན་ཌན་ནིལ་ནོ་བྷོ་ཝས་
ཨེ་ཁུ་དྷོར་གྱི་སྲིད་འཛིན་ཌན་ནིལ་ནོ་བྷོ་ཝས་

ཕྱི་ཟླ་༧་པའི་ཚེས་༩་ཉིན་ཨལ་ཕ་སོ་ཚགས་པར་ལ་གནས་ཚུལ་སྤེལ་བ་ཐོན་པ་ན། འདས་པའི་ལོ་མང་རིང་ཨེ་ཤི་ཡ་དང་དཀྱིལ་ཤར་ས་ཁུལ། ཨ་ཧྥི་རི་ཀ་སོགས་ནས་སྐྱབས་བཅོལ་བ་སྟོང་ཕྲག་མང་པོ་ལྷོ་ཨ་མི་རི་ཀའི་ནུབ་ཕྱོགས་སུ་ཆགས་པའི་ཨེ་ཁུ་དྷོར་རྒྱལ་ཁབ་ཏུ་བསྐྱོད། ཨེ་ཁུ་དྷོར་ནས་ཨ་མི་རི་ཀར་ཡོང་གི་ཡོད་མོད། ད་ལྟ་ཨེ་ཁུ་དྷོར་གྱིས་ས་མཚམས་སྒོ་བརྒྱབ་སྟེ་ཨ་མི་རི་ཀར་བསྐྱོད་འདོད་ཡོད་པའི་ཕྱི་མི་སྐྱབས་བཅོལ་བ་རྣམས་འགོག་འགོ་ཚུགས། ཕྱི་ཟླ་༧་པའི་ཚེས་༡་ནས་རྒྱ་ནག་པ་ཚོ་ཨེ་ཁུ་དྷོར་ལ་ཡོང་དགོས་ན་ངེས་པར་དུ་ཐོངས་མཆན་ཞུ་དགོས་པའི་ཐག་བཅད། ཨ་མི་རི་ཀ་ནས་སློབ་སྦྱོང་ཐོན་པའི་ཨེ་ཁུ་དྷོར་གྱི་སྲིད་འཛིན་ཌན་ནིལ་ནོ་བྷོ་ཝས་(Daniel Noboa)་རྒྱ་ནག་ལ་རྒྱང་བཀྱེད། ཨི་ཁུ་དྷོར་གྱི་གཞུང་གིས་རྒྱ་ནག་པ་ཚོས་ཐོངས་མཆན་ཞུ་དགོས་པའི་ཐག་གཅོད་བྱས་པར་ཨ་རིའི་རྒྱལ་ནང་སྲུང་སྐྱོབ་ལྷན་ཁང་གི་དྲུང་ཆེ་ཨ་ལ་ཧན་ཌི་རོ་མ་ཡོར་ཀ་སིས་(Alejandro Mayorkas)་དགའ་བསུ་ཞུས།།

ཨ་རིའི་རྒྱལ་ནང་སྲུང་སྐྱོབ་ལྷན་ཁང་གི་དྲུང་ཆེ་ཨ་ལ་ཧན་ཌི་རོ་མ་ཡོར་ཀ་སིས་
ཨ་རིའི་རྒྱལ་ནང་སྲུང་སྐྱོབ་ལྷན་ཁང་གི་དྲུང་ཆེ་ཨ་ལ་ཧན་ཌི་རོ་མ་ཡོར་ཀ་སིས་

ཨ་རིའི་གནོན་ཤུགས་འོག་ཨི་ཁུ་དྷོར་གྱི་གཞུང་གིས་རང་གི་ས་ཐོག་ནས་ཨ་མི་རི་ཀར་ཁྲིམས་འགལ་དུ་ཡོང་མཁན་རྒྱ་ནག་པ་གཙོས་ཕྱི་མི་གཞིས་ཆགས་པ་ཚོ་བཀག་འགོག་བྱ་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར། འཛམ་གླིང་གི་ཡུལ་སྤོར་བ་ཚོ་སྔོན་ལ་ལྷོ་ཨ་མི་རི་ཀར་སོང་། དེ་ནས་དབུས་ཨ་མི་རི་ཀ་དང་མཐའ་མཇུག་ཨ་མི་རི་ཀའི་ས་ཐོག་ཏུ་སླེབས་ཐུབ་པའི་ཐབས་སུ་འབད། རྒྱ་ནག་པ་ཚོ་ཨེ་ཁུ་དྷོར་དང་པ་ན་མ། གུ་ཊ་མ་ལ་སོགས་བརྒྱུད་ནས་ཨ་མི་རི་ཀར་ཡོང་གི་ཡོད་པར་མ་ཟད། ཉེ་ཆར་ཨ་མི་རི་ཀ་དང་པ་ན་མ་གཉིས་ཀྱིས་ཁྲིམས་འགལ་ཕྱི་མི་གཞིས་ཆགས་པ་འགོག་ཐབས་ཀྱི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད། རྒྱ་ནག་པ་ཚོས་ཉུང་མཐའ་ཡང་ཨ་སྒོར་ཁྲི་ཚོ་༥་ལྷག་སྤྲད་ནས་སྣེ་ཤན་པ་གླས་ཀྱང་མི་ཁག་ཅིག་གིས་དངུལ་སྒོར་བླངས་པའི་རྗེས་སུ་ཨ་མི་རི་ཀར་མ་ཁྲིད་པར་ས་སྟོང་དུ་བཞག་སྟེ་བདག་པོ་རྒྱག་གི་མེད་པ་མང་དུ་འབྱུང་། ཏོག་དབྱིབས་ནད་ཡམས་གཞུག་ཏུ་རྒྱ་ནག་གི་དཔལ་འབྱོར་ཉམས། མི་མང་ལ་ལས་ཀ་མེད་པར་ཨ་མི་རི་ཀར་སྐྱབས་བཅོལ་དུ་ཡོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་མི་རི་ཀས་རྒྱ་ནག་ནས་ཁྲིམས་འགལ་དུ་ཡོང་བ་
ཨ་མི་རི་ཀས་རྒྱ་ནག་ནས་ཁྲིམས་འགལ་དུ་ཡོང་བ་

ཕྱི་ཟླ་༧་པའི་ཚེས་༢་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀས་རྒྱ་ནག་ནས་ཁྲིམས་འགལ་དུ་ཡོང་བའི་མི་༡༡༦་གནམ་གྲུའི་ནང་དུ་བཞག་སྟེ་ལྡེབ་ཏུ་རྒྱ་ནག་ལ་བསློགས། འདི་ནི་འདས་པའི་ལོ་ལྔའི་ནང་དུ་ཨ་མི་རི་ཀས་རྒྱ་ནག་ནས་ཡོང་བའི་ཕྱི་མི་གཞིས་ཆགས་པ་ཚོ་རྒྱ་ནག་ཏུ་ཕྱིར་སློག་བྱས་པ་ཐེངས་དང་ཡིན་ཞིང་། ཨ་རིའི་སྤྱི་མཐུན་ཚོགས་པ་དང་མི་མང་ཁག་ཅིག་གིས་སྲིད་འཛིན་བྷ་ཌན་གྱི་གཞུང་གིས་ཕྱི་མི་གཞིས་ཆགས་པ་རྣམས་འགོག་གི་མི་འདུག་ཅེས་སྐྱོན་བཙུགས། ལྷག་པར་དུ་ཕྱི་ཟླ་༡༡་པའི་ནང་དུ་ཨ་མི་རི་ཀར་རྒྱལ་ཡོངས་འོས་བསྡུ་བྱེད་ཀྱི་ཡོད་པས་སྲིད་འཛིན་བྷ་ཌན་གྱིས་ཕྱི་མི་གཞིས་ཆགས་པ་ཚོར་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་བཏང་འདུག ཨ་རིའི་རྒྱལ་ནང་སྲུང་སྐྱོབ་ལྷན་ཁང་གི་དྲུང་ཆེས་ང་ཚོས་མུ་མཐུད་དུ་ཕྱི་མི་གཞིས་ཆགས་ཀྱི་ཁྲིམས་དམ་དུ་གཏོང་རྒྱུ་ཡིན། ཨ་མི་རི་ཀར་སྐྱབས་བཅོལ་ཞུ་ཆོག་པའི་ཆ་རྐྱེན་མི་ཚང་བ་རྣམས་རང་ཡུལ་དུ་ཕྱིར་སློག་བྱ་རྒྱུ་ཡིན་ཞེས་བསྒྲགས།།

མེཀ་སི་ཀོའི་ས་མཚམས་ནས་ཨ་མི་རི་ཀར་ཁྲིམས་འགལ་དུ་ཡོང་བའི་རྒྱ་ནག་པ་ཚོ་རང་ཡུལ་དུ་ཕྱིར་སློག་བྱས་ཀྱང་རྒྱ་ནག་གཞུང་གིས་ལེན་གྱི་མེད་པས་ལོ་འགའི་རིང་ཕྱི་མི་ཕར་སློག་གི་ཁྲིམས་དེ་ལག་ལེན་བསྟར་མ་ཐུབ་པར་ལུས། རྒྱ་ནག་གཞུང་གིས་ཁྲིམས་འགལ་གནས་སྤོར་གྱི་རིགས་མཐའ་དག་ལ་ངོ་རྒོལ་ཡོད། འགྲོ་བ་མི་སྐྱེལ་འདྲེན་གྱི་ནག་ཚོང་རྒྱག་མཁན་ཚོར་རྡུང་རྡེག་དྲག་པོ་གཏོང་གི་ཡོད་ཅེས་ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་གསལ་བསྒྲགས་སྤེལ། ཨ་རིའི་གཞུང་གིས་རྒྱ་ནག་པ་༡༡༦་ཕྱིར་སློག་བྱས་ནས་ལས་དོན་མཇུག་བསྡུས་པ་མིན། ད་དུང་ཡང་རྒྱ་ནག་པ་ཚོ་རང་ཡུལ་དུ་ཕྱིར་སློག་བྱ་རྒྱུ་མང་དུ་གཏོང་འཆར་ཡོད་ཟེར། ཁ་སྔོན་ཕྱི་ཟླ་༣་པའི་ཚེས་༣༠་ཉིན་ཨ་མི་རི་ཀས་རྒྱ་ནག་པ་ཉུང་ཤས་ཤིག་གནམ་གྲུའི་ནང་དུ་བཞག་སྟེ་ཧྲེང་དབྱང་གྲོང་ཁྱེར་དུ་ཕྱིར་སློག་བྱས་ཀྱང་མི་གྲངས་ཅི་ཡོད་གསལ་ཁ་མ་ཐོན།།

རྒྱ་ནག་ནས་ཨ་མི་རི་ཀར་སྐྱབས་བཅོལ་དུ་ཡོང་བའི་མི་ཚང་མས་དམར་ཤོག་སྲིད་གཞུང་དེའི་གདུག་རྩུབ་འོག་ནས་ཐར་ཐབས་བྱེད་ཀྱི་ཡོད། རྒྱ་ནག་ཏུ་འཚོ་བའི་དཀའ་ངལ་ཕྲད་པ་དང་ལས་ཀ་མེད་པར་ཨ་མི་རི་ཀར་ཡོང་བ་ཡིན། ང་ཚོས་གཟའ་ཟླ་བ་ནས་པ་སངས་བར་དུ་ལས་ཀ་ལས། གཟའ་མཇུག་ཏུ་བཟའ་ཟླ་བུ་ཕྲུག་གི་ལྷན་དུ་རྒྱུན་ལྡན་གྱི་འཚོ་བ་ཞིག་རོལ་ཐུབ་པའི་ཆེད་དུ་ཨ་མི་རི་ཀར་སྐྱབས་བཅོལ་དུ་ཡོང་བ་ཡིན། ང་ཚོ་ཁྲིམས་མཐུན་གྱི་སྒོ་ནས་ཨ་མི་རི་ཀར་ཐར་གྱི་ཡོད་ན་རང་སྲོག་འབེན་ལ་བཙུགས་ཏེ་ཁྲིམས་འགལ་གྱི་ལམ་ནས་ཡོང་མི་སྲིད། ང་ནི་རྒྱ་ནག་ལ་དགའ་ཡང་རྒྱ་ནག་ང་ལ་མི་དགའ་ཞེས་ཨ་མི་རི་ཀར་ཡོང་དགོས་པའི་རྒྱུ་མཚན་རྣམས་བགྲངས། རྒྱ་ནག་ནས་གསར་དུ་བསླེབས་པ་ཚོ་ཁེ་ལི་ཧྥོར་ཎི་ཡ་དང་ནེའུ་ཡོཀ་སོགས་རྒྱ་མི་རིགས་མང་སའི་གྲོང་ཁྱེར་ཁག་ཏུ་ཉིན་མཚན་མེད་པར་གླ་གཡོག་བརྒྱུགས་ནས་འཚོ་བ་སྐྱིད་པོ་ཞིག་རོལ་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG