ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

ཕོ་བྲང་པོ་ཏ་ལར་ཉིན་ལྟར་མི་༥༦༠༠་རེ་ལྟ་སྐོར་དུ་གཏོང་རྒྱུ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལར་ཉིན་ལྟར་མི་༥༦༠༠་རེ་ལྟ་སྐོར་དུ་གཏོང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག དེ་ཡང་མིང་འདོན་བྱེད་འདོད་མེད་པའི་འབྲེལ་ཡོད་བོད་པ་ཞིག་གིས་ཕྱི་ཟླ་༨་པའི་ཚེས་༡༠་ཉིན་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ལོ་འདིར་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་ཕོ་བྲང་པོ་ཏ་ལ་ཟླ་བ་༦་ཙམ་ལ་སྒོ་བརྒྱབ་སྟེ་ཕྱི་ཟླ་༧་པར་བསྐྱར་དུ་སྒོ་ཕྱེ་བ་ནས་བཟུང་། རྒྱ་ནག་ནས་ཉིན་ལྟར་རྒྱ་མི་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་སྟོང་ཕྲག་མང་པོ་ཡོད་ཅིང་། སྔོན་ཆད་ཕོ་བྲང་པོ་ཏ་ལར་ཉིན་ལྟར་མི་༤༠༠༠་ལས་མང་བ་ལྟ་སྐོར་དུ་གཏང་ཆོག་གི་ཡོད་མེད་པ་དང་དེའི་རྒྱུ་མཚན་ནི་མི་ཚོགས་མང་དྲགས་ན་ལྗིད་ཚད་ཀྱིས་ཕོ་བྲང་ལ་ཉེན་ཁ་ཡོད་པའི་སྟབས་ཀྱིས་རེད་ཅེས་བཤད།།

གསར་འགྱུར་མཁོ་སྤྲོད་པས་ཕྱི་ཟླ་༨་ཚེས་༡༠་ནས་ཕོ་བྲང་པོ་ཏ་ལར་ཡུལ་སྐོར་བ་༥༠༠༠་གཏོང་ཆོག་པ་དང་མི་༥༠༠༠་ལས་མང་བ་ཡོད་ན་མི་༦༠༠་འཐོལ་པ་གཏོང་ཆོག་པའི་གཏན་འབེབས་བྱས་ཡོད་པས་མང་ཚོགས་ལ་ཡུལ་སྐོར་སྤྲོ་འཆམ་པ་རྣམས་གློ་བུར་དུ་ཇེ་མང་དུ་སོང་ཚེ། ཕོ་བྲང་པོ་ཏ་ལའི་ཀ་གདུང་དང་རྩིག་རྨང་སོགས་ཀྱིས་ལྗིད་ཚད་མ་ཁྱོག་པར་གནོད་སྐྱོན་ཐེབས་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་གཞུང་གིས་གསང་བ་བྱས་པ་རེད་མ་གཏོགས་ཉེན་ཁ་ཆེ་ཤོས་ནི་ཕོ་བྲང་ཤར་ལ་སེར་ཁ་གས་འདུག ཕོ་བྲང་ལ་ལྟ་སྐོར་དུ་ཡོང་མཁན་དེ་ཚོ་སྔ་དྲོའི་ཆུ་ཚོད་༩་ནས་ཕྱི་དྲོའི་ཆུ་ཚོད་༣:༤༠་བར་དུ་གཏོང་གི་འདུག་ཅེས་འགྲེལ་བརྗོད་བྱས་འདུག

ཕྱི་ཟླ་༨་ཚེས་༧་ཉིན་ཀྲུང་གོའི་བོད་ལྗོངས་དྲྭ་བར་གནས་ཚུལ་བཀོད་པ་ལྟར་ན། ཕོ་བྲང་པོ་ཏ་ལ་སོགས་ཡུལ་སྐོར་བ་མང་ཤོས་ཀྱི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས་ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་པའི་དུས་ཚོད་ནི་ཉིན་རེའི་ཆུ་ཚོད་༩:༠༠་ནས་༡༤:༠༠་(ཆུ་ཚོད་༡༥:༤༠་ནས་འཛུལ་མི་ཆོག་པ)ཡིན། ཉིན་ལྟར་མི་༤༠༠༠་ལས་བརྒལ་མི་ཆོག་པ་དང་སྤ་སེ་མངགས་པའི་དུས་ཚོད་ནི་ཉིན་རེའི་ཞོགས་པའི་ཆུ་ཚོད་༨་པར་ཡིན་པས་ཡུལ་སྐོར་བས་ངེས་པར་དུ་ཉིན་གཅིག་གི་སྔོན་ནས་ཕོ་བྲང་པོ་ཏ་ལའི་སྒོ་འཛིན་མངགས་པའི་མ་ལག་བརྒྱུད་སྤ་སེ་མངགས་དགོས། སྤ་སེ་མངགས་རྗེས་ཕྱི་ཉིན་ལྟ་སྐོར་ལ་བསྐྱོད་ཆོག་གི་ཡོད། ཡུལ་སྐོར་བས་ལྟ་སྐོར་བྱེད་སྐབས་ངེས་པར་དུ་ཐོབ་ཐང་ལག་ཁྱེར་སྟོན་དགོས་པ་དང་ལྟ་སྐོར་གྱི་སྤ་སེ་མངགས་པའི་ཨང་རྟགས། བདེ་ཐང་ཨང་རྟགས་མཁོ་འདོན་བྱེད་དགོས་པར་མ་ཟད། ལྟ་སྐོར་བྱེད་རིང་ཁ་རས་རྒྱག་དགོས་ཀྱི་ཡོད་ཅེས་ཕོ་བྲང་པོ་ཏ་ལའི་དོ་དམ་ཁང་གིས་བརྗོད་ཡོད་ལུགས་བཀོད་འདུག

Chinese tourists pose for a picture while showing "v" signs at the Potala palace in Lhasa
Chinese tourists pose for a picture while showing "v" signs at the Potala palace in Lhasa

བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་གྱིས་ངོ་དེབ་ཐོག་ཏུ་ཕོ་བྲང་པོ་ཏ་ལའི་དོ་དམ་ཁང་གིས་པོ་ཏ་ལའི་བདེ་འཇགས་ལ་དམིགས་ནས་ཡུལ་སྐོར་གྲངས་ཚད་ལ་སྔ་ཕྱིར་ཁས་ལེན་བྱས་པ་ཁག་ལ་འགྱུར་བ་བཏང་ཡོད་པ་ལུང་འདྲེན་བྱས་དོན། འདི་ལོ་ཕྱི་ཟླ་༧་པའི་ཟླ་དཀྱིལ་གྱི་བརྡ་ཁྱབ་དེར་ཉིན་རེར་མི་གྲངས་༤༠༠༠་ཡན་ཡིན་པའི་གནས་ཚུལ་བྲིས་འདུག ལོ་བདུན་གྱི་གོང་གི་མི་དམངས་ཉིན་རེའི་ཚགས་པར་གྱིས་ཕོ་བྲང་པོ་ཏ་ལ་དཔེ་རུ་དྲངས་ནས་ལྷ་སར་ཚད་ལས་བརྒལ་བའི་ཚོང་ལས་སྤེལ་རྒྱུ་མིན་པའི་ཁས་ལེན་བྱས་པ་དང་ཆབས་ཅིག ཕོ་བྲང་པོ་ཏ་ལར་ཉིན་རེའི་ཡུལ་སྐོར་བར་སྣེ་ལེན་བྱེད་པའི་ནུས་པ་དེ་མི་གྲངས་༢༦༠༠་ཙམ་ལས་མེད་ཅེས་བརྗོད་འདུག ཕྱི་ལོ་༢༠༠༣་ལོར་ཕོ་བྲང་པོ་ཏ་ལའི་དོ་དམ་ལས་ཁང་གིས་ཉིན་རེར་མི་གྲངས་༨༥༠་ལས་བརྒལ་རྒྱུ་མིན་པའི་ཁས་ལེན་བྱས་པར་ལྟར་དོན་འཁྱོལ་མ་བྱུང་ན་ས་དང་ཤིང་གིས་གྲུབ་པའི་བཟོ་བཀོད་ལྡན་པའི་ཕོ་བྲང་པོ་ཏཱ་ལས་ལྗིད་ཚད་ཆེན་པོ་ཞིག་ཁྱོག་མི་ཐུབ"ཅེས་བཀོད་ཡོད་པ་ལུང་འདྲེན་གནང་འདུག

XS
SM
MD
LG